མཚོ་སྔོན་གྱིས་བྱང་ཚད་མཐོ་བའི་རོང་འབྲོག་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ9པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན།    ཉེ་ཆར་ཐིང་དེས་2024ལོའི་བྱང་ཚད་མཐོ་བའི་རོང་འབྲོག་པ་སྐྱེད་སྲིང་དང་2024ལོ་ནས2025ལོའི་བར་གྱི་བྱང་ཚད་མཐོ་བའི་ཞིང་པ་སྐྱེད་སྲིང་དང་།    སྦྱོང་བཤེར།    བེད་སྤྱོད་བཅས་ཀྱི་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་གཙོ་གནད་ཐོག་འབྲུ་སྣུམ་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་ཚད་མང་དུ་གཏོང་བ་དང་།    ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ།    དབུལ་སྒྲོལ་ས་ཁུལ་གྱི་ཕྱུག་འགྱུར་ནུས་པ་ཆེ་རུ་གཏོང་བ།   རོང་འབྲོག་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དོན་གསོ་སྦྱོང་བྱ་སྤྱོད་བཞི་སྤེལ་རྒྱུ་རེད།     

གསོ་སྦྱོང་དེ“གྲོང་ཚོ་སྟོང་གིས་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག་བྱེད་པའི”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་དགོས་མཁོར་དམ་པོར་དམིགས་ཏེ་ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།    ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ།    ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ།    འབྲུ་རིགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་དང་།    ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན།    གྲོང་གསེབ་དར་རྒྱས་ཀྱི་གཙོ་ཤུགས་དམག་བཅས་སྐྱེད་སྲིང་བྱེད་པ།    སློབ་སྦྱོང་དང་བེད་སྤྱོད་འབྲེལ་མཐུད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་བཅས་བྱས་ཏེ་ཞིང་ཆེན་དེའི་གྲོང་གསེབ་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་འགན་སྲུང་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།     

གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་རྒྱུ་འགན་ལེན་བྱ་ཆེད།    ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་འཛིན་གྲྭ་རེའི་སློབ་མ50%ལ་རྗེས་སྙེག་ཞབས་ཞུ་ཐེངས་2ལས་མི་ཉུང་བ་བྱ་རྒྱུ་རེད།     གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་པའི་ཁྲོད་ཆེད་ལས་རྩལ་ནུས་སློབ་ཚན་གྱི་དུས་ཚོད་དེ་སྤྱིའི་སློབ་ཚན་གྱི་དུས་ཚོད་ནང་གི60%ལས་མི་དམའ་བ་དང་།    འབྲུ་སྣུམ་གྱི་མུའུ་རེའི་ཐོན་ཚད་མཐོར་གཏོང་སོགས་ཐོན་སྐྱེད་ལག་རྩལ་གསོ་སྦྱོང་གཙོ་བོར་བྱས་པ།    དངོས་སྦྱོང་དངོས་སྦྱོང་གི་དུས་ཚོད་དེ་སྤྱིའི་སློབ་ཚན་གྱི་དུས་ཚོད་ནང་གི2/3ལས་མི་དམའ་བ་བཅས་བྱ་རྒྱུ་རེད།     གསོ་སྦྱོང་ནང་ད་དུང་རོང་འབྲོག་པའི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་བྱང་ཚད་དང་།    ཆེད་ལས་རྩལ་ནུས་སློབ་ཚན།    ནུས་པ་རྒྱ་སྐྱེད་སློབ་ཚན་བཅས་སྤྱི་འདོམས་བཀོད་སྒྲིག་དང“སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་སློབ་ཚན་དང་པོ”དོན་འཁྱོལ་ནན་པོ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གསོ་སྦྱོང་ནང་ཞུགས་མཁན་རོང་འབྲོག་པར་སྒྲོག་འགྲེལ་བྱ་རྒྱུ་རེད།     དེ་དང་ཆབས་ཅིག་གྲངས་ཉུང་མི་རིགས་ས་ཁུལ་གྱི“སྐད་གཉིས”སློབ་ཁྲིད་ལ་དམ་འཛིན་ཡག་པོ་བྱས་ཏེ“ཡུལ་གྱི་ཆེད་མཁས་པ”དང་།    “ས་ཞིང་འདེབས་མཁན་ཤེས་ལྡན་པ”“གྲོང་གསེབ་ཀྱི་བཟོ་བ”“རོང་འབྲོག་ཁུལ་གྱི་ཕྱུག་འགྱུར་འཇོན་ཐང་ཅན”སོགས་ཡུལ་གྱི་ཤེས་ལྡན་མི་སྣ་སྔོག་འདོན་དང་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།     

གསོ་སྦྱོང་ཐོན་ཁུངས་འཛུགས་སྐྲུན་ཐད་ཞིང་ཆེན་དང་།    གྲོང་ཁྱེར(ཁུལ)རྫོང(ཆུས)བཅས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རིམ་ཁག་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་དང་།    ཞིང་འབྲོག་ལས་ཚན་ཞིབ་ཁང་དང་སུའོ།    སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང་དང་སློབ་གྲྭ་དང་དེ་བཞིན་སྤྱི་ཚོགས་སྟོབས་ཤུགས་གཞན་དག་སྒྲིག་འཛུགས་བྱས་ཏེ་སློབ་གསོ་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བའི་ནང་ཐུན་མོང་ཐོག་ཞུགས་པ་དང་ཚན་རྩལ་ཆེད་མངགས་ཚོགས་པའི་ཁོངས་མི་དང་ཞིང་ལས་ཁུར་འདེགས་རོགས་སྐྱོར་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ཁ་གཏད་རྫོང་དུ་གསོ་སྦྱོང་སློབ་ཁྲིད་ལས་དོན་ནང་ཞུགས་རྒྱུ་རེད།     

རྒྱུས་ལོན་བྱུང་བ་ལྟར་ན།     ལོ་འདིའི་ནང་བྱང་ཚད་མཐོ་བའི་རོང་འབྲོག་པ5115གཅིག་རྗེས་གཉིས་མཐུད་ངང་གསོ་སྦྱོང་བྱ་རྒྱུ་དང་སྦྱོང་སྤྱོད་འབྲེལ་མཐུད་ཚོད་ལྟ་དེ་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་།    དམར་གཙང་ཆུས།    ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་།    ཁྲི་ཀ་རྫོང་སོགས་རྫོང(ཆུས)4རུ་ལག་བསྟར་བྱ་རྒྱུ་དང་མི200ལ་གསོ་སྦྱོང་བྱ་རྩིས་ཡོད།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།