ཟླ9པའི་ཚེས9ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་། རྫོང་ཞེ་ལྔའི་ཏང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་ཚང་མ་བཙུགས་ཚར་ཡོད།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཚོགས་བྱ་བའི་སྡེ་ཁག་བཙུགས་རྗེས། དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་སྤྱི་ཚོགས་བྱ་བའི་ཐད་བཏོན་པའི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ལས་འགན་གཅིག་སྡུད་བྱེད་པ། བྱ་བའི་སྟོབས་ཤུགས་ཆེན་པོ་སྤྱོད་པ་དང་བྱ་བའི་མ་ལག་འཐུས་ཚང་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྤྱི་ཚོགས་བྱ་བའི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་བཏང་ནས། དུས་རབས་གསར་པ་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་དང་ཐེག་གནས་གསར་པ། རྣམ་པ་གསར་པ་བཅས་འཚོལ་ཞིབ་བྱེད་རྒྱུ་རེད། དེ་དང་མཉམ་དུ། ས་གནས་སོ་སོའི་སྤྱི་ཚོགས་བྱ་བའི་སྡེ་ཁག་གིས་ས་གནས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། མི་འདང་སའི་གནད་དོན་བཙལ་བ་དང་། ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ནས། སྤྱི་ཚོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ས་གནས་སོ་སོའི་སྤྱི་ཚོགས་བྱ་བའི་སྡེ་ཁག་གིས་ད་དུང་འཕྲིན་བཅར་སྡེ་ཁག་དང་མཉམ་དུ་མི་མངོན་པའི་ཉེན་ཁ་གྲལ་བཤེར་བྱེད་པར་ཤུགས་སྣོན་པ་དང་། ཐག་གཅོད་ཇུས་གཞི་བཟོས་ནས། ཐག་གཅོད་སྤུས་ནུས་མཐོར་འདེགས་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་འདུ་ཤེས་ལ་བརྟེན་ནས་འཕྲིན་བཅར་བྱ་བ་ལེགས་པོར་སྒྲུབ་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།