མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན། མཚོ་སྔོན་པེ་ཅིང་ཚན་རྩལ་གསར་གཏོད་རྟེན་གཞི་འཛུགས་པར་གྲོས་མཐུན་འགོད་པའི་བྱ་འགུལ་དེ་པེ་ཅིང་དུ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་པེ་ཅིང་གྲོང་ཁྱེར་ཧྥིན་ཐའེ་ཆུས་ཀྱིས《མཚོ་སྔོན(པེ་ཅིང)ཚན་རྩལ་གསར་གཏོད་རྟེན་གཞི་མཉམ་སྐྲུན་བྱེད་པའི་མཉམ་ལས་དྲན་ཐོར》མིང་རྟགས་བཀོད། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་བྱ་འགུལ་ལ་ཞུགས།
མཚོ་སྔོན(པེ་ཅིང)ཚན་རྩལ་གསར་གཏོད་རྟེན་གཞི་མཉམ་སྐྲུན་བྱེད་པ་ནི་ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཐད་བཏོན་པའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚན་རྩལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་གཏོང་བའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་དངོས་ཡོད་འགུལ་སྐྱོད་ཡིན་པ་དང་། པེ་ཅིང་གྲོང་ཁྱེར་ཚན་རྩལ་གསར་གཏོད་དང་སྒོ་འབྱེད་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་བྱེད་པའི་བྱེད་ཐབས་གཙོ་བོ་ཡང་རེད།
གསར་གཏོད་རྟེན་གཞི་དེ་ཀྲུང་ཀོན་ཚོན་ཧྥིན་ཐའེ་ར་བའི་ཚན་རྩལ་གསར་གཏོད་ལྟེ་གནས་སུ་འཛུགས་རྒྱུ་ཡིན་པ་དང་། དམིགས་བྱ་ནི་མཚོ་སྔོན་ཞིང་ཆེན་གྱིས་པེ་ཅིང་དུ་བཙུགས་པའི་ཚན་རྩལ་འཇོན་མི་གཅིག་སྡུད་དང་། གསར་གཏོད་སྟེགས་བུ་གསར་བསྐྲུན། ཚན་རྩལ་ཞིབ་འཇུག་དང་གསར་སྤེལ། གསར་གཏོད་ཁེ་ལས་སྐྱེད་སྲིང་དང་། ཚན་རྩལ་གྲུབ་འབྲས་མཚོ་སྔོན་ནས་ཐོན་ལས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་གསར་གཏོད་རྟེན་གཞི་ཞིག་འཛུགས་རྒྱུ་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཕྱི་ནས་བཙུགས་པའི་ཚན་རྩལ་གསར་གཏོད་རྟེན་གཞི་ཐོག་མ་རེད།
ཚན་རྩལ་གསར་གཏོད་རྟེན་གཞི་ཡིས་མཚོ་སྔོན་དང་པེ་ཅིང་ས་ཁུལ་གཉིས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་དང་གསར་གཏོད་ཀྱི་དགེ་མཚན་མཉམ་འདྲེས་ཡོང་བར་བྱས་ནས། མཉམ་དུ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་ཞབས་འདེགས་ཞུ་བའི་ལོ་རྒྱུས་ཀྱི་ལས་འགན་ཁུར་ཡོད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་པེ་ཅིང་གྲོང་ཁྱེར་ཧྥིན་ཐའེ་ཆུས་ཀྱིས་བཅའ་སྡོད་ཁེ་ལས་དང་། ལས་ཁུངས། ཚོགས་པ་བཅས་ཀྱིས་གཙོ་བོ་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི“འཛུགས་སྐྲུན་བྱེད་ཅིང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཚན་རྩལ་བླང་བར་དམིགས་ཏེ། སྔོན་ཐོན་ལག་རྩལ་མཉམ་དུ་ཞིབ་འཇུག་དང་ཚན་རྩལ་ཁེ་ལས་སྐྱེད་སྲིང་། གསར་གཏོད་འཇོན་མི་སྐྱེད་སྲིང་བྱས་ནས། ཚན་རྩལ་གསར་གཏོད་གྲུབ་འབྲས་ཚུར་སྒྱུར་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་རྒྱུ་རེད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།