མཚོ་སྔོན་ཞིང་ཆེན་གྱིས་གཉེར་སྐྱོང་བྱེད་པོའི་མིང་ཐོ་འགོད་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ8པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། ཉེ་ཆར་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས། 《གཉེར་སྐྱོང་བྱེད་པོའི་ཐོ་འགོད་དོ་དམ་ལས་དོན་སྔར་བས་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཐོ་འགོད་ལས་ཁུངས་ཀྱིས་གཉེར་སྐྱོང་བྱེད་པོའི་ཐོ་འགོད་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱས།     

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས《ཁེ་ལས་ཀྱི་ཐོ་འགོད་དོ་དམ་གཏན་འབེབས》དང་《ཁེ་ལས་ཀྱི་ཐོ་འགོད་དོ་དམ་སྐོར་གྱི་གཏན་འབེབས་ལག་བསྟར་བྱེད་ཐབས། 》ཀྱི་ཞིབ་ཕྲའི་གཏན་འབེབས་ནང་གཉེར་སྐྱོང་བྱེད་པོའི་མིང་གི་གྲུབ་ཆའི་རྒྱུ་རྐྱེན་དང་། སྤྱི་ཡོངས་ཀྱི་ཕན་འབྲས་ཕྱོགས་གཉིས་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ཐོ་འགོད་བྱས་ཟིན་པའི་གཉེར་སྐྱོང་བྱེད་པོའི་མིང་ལ་འཐེན་བཤེར་བྱས་ཏེ་ཚད་ལྡན་རྒྱ་ཡིག་བེད་སྤྱོད་བྱས་མེད་པ་དང་།    གྲུབ་ཆའི་རྒྱུ་རྐྱེན་ཆ་ཚང་མེད་པའམ་ཡང་ན་སྒྲིག་སྲོལ་དང་མི་མཐུན་པ།    སྤྱི་རིམ་གོམས་སྲོལ་དང་འགལ་བའམ་ཡང་ན་ཤུགས་རྐྱེན་ངན་པ་གཞན་དག་ཐོན་སྲིད་པ།    སྤྱི་དམངས་ལ་མགོ་སྐོར་ཐེབས་པའམ་ཡང་ན་གོ་ནོར་ཐེབས་སྲིད་པ་སོགས་ཀྱི་གནད་དོན་ཡོད་པའི་གཉེར་སྐྱོང་བྱེད་པོའི་མིང་ཁག་གཅིག་ནུས་ལྡན་ངང་ཤེས་རྟོགས་ཐུབ་ཡོད།   

ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས《བརྡ་ཐོའི》ནང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཐོ་འགོད་ལས་ཁུངས་ཀྱིས་གཉེར་སྐྱོང་བྱེད་པོའི་མིང་གི་གལ་ཆེའི་ནུས་པ་དང་རིན་ཐང་ལ་ངོས་འཛིན་གང་ལེགས་དང་།    ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པ་དང་།    ཚད་ལྡན་གཅིག་གྱུར།    ཡོངས་བསྒྲགས་ཁ་གསལ།    སྟབས་བདེ་ནུས་ཆེའི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་།    “རང་བདག་སྙན་ཞུའི་ཐོག་གྲོས་འཆམ་བྱུང་ཚེ་ཞིབ་བཤེར་གྱི་འགན་འཁྲི་མེད་པར་བཟོ་བའི”འདུ་ཤེས་བཙུགས་ནས་གཉེར་སྐྱོང་བྱེད་པོའི་ཐོ་འགོད་བྱེད་སྐབས་ཞིབ་བཤེར་ནན་ཏན་བྱས་ཏེ་གཉེར་སྐྱོང་བྱེད་པོའི་མིང་དང་འཚམ་པོ་མེད་པར་བཟོ་བའི”འདུ་ཤེས་བཙུགས། དེ་དང་ཆབས་ཅིག《བརྡ་ཐོའི》ནང་རིམ་ཁག་ཐོ་འགོད་ལས་ཁུངས་ཀྱིས་དུས་བཀག་ལྟར་ཐོ་འགོད་བྱས་ཟིན་པའི་གཉེར་སྐྱོང་བྱེད་པོར་བསྐྱར་ཞིབ་བྱས་ནས་བསྐྱར་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན།     

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཉེར་སྐྱོང་བྱེད་པོའི་མིང་ཐོ་འགོད་དོ་དམ་ལས་སྒོའི་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་ཡོངས་ཀྱི་ཐོ་འགོད་བྱས་ཟིན་པའི་གཉེར་སྐྱོང་བྱེད་པོའི་མིང་ལ་དུས་བཀག་མེད་པར་འཐེན་བཤེར་བྱས་ཏེ། འབྲེལ་ཡོད་ཐོ་འགོད་ལས་ཁུངས་ལ་ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱེད་པོའི་མིང་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བཏང་ནས་གཉེར་སྐྱོང་བྱེད་པོའི་མིང་ཐོ་འགོད་དོ་དམ་བྱ་བའི་ཆུ་ཚད་ཇེ་མཐོར་ནུས་ལྡན་བཏང་ནས། རང་ཞིང་གི་གཉེར་སྐྱོང་བྱེད་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།     

རྩོམ་སྒྲིག་པ། ཁོན་ཐར་འཚོ།