གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏུང་པེ་དང་སི་ཁྲོན། ཁྲུང་ཆིན། ཧུའུ་ནན། ཧྲིའན་ཞི་སོགས་སུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་པ་ཚབས་ཆེན་ཐེབས་པར་དམིགས་ཏེ། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས6ཉིན་ཡང་བསྐྱར་ཀྲུང་དབྱང་གི་རང་བྱུང་གནོད་སེལ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་ལྔ་སྔོན་གཏོང་བྱས་ནས། ལེའོ་ཉིང་དང་ཅི་ལིན། ཧེ་ལུང་ཅང་། ཧུའུ་ནན། ཁྲུང་ཆིན། སི་ཁྲོན། ཧྲའན་ཞི་བཅས་ཞིང་ཆེན7གྱིས་འཕྲལ་བསྟུན་ཉེན་སེལ་གནོད་སེལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས། གནོད་འཚེ་ལས་བཟོས་པའི་གྱོང་གུད་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་རོགས་རམ་བྱས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།