ཟླ7པའི་ཚེས30ཉིན། ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་ཀྲུང་གོ་སྦྲགས་སྲིད་སྡེ་ཚོགས་ཚད་ཡོད་ཀུང་ཟི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་མཛེས་སྡུག་གི་ཞིང་སྡེ་རུ་བསྐྱོད་པའི་དྲིལ་སྒྲོག་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སྤེལ་ནས། གནས་སྐོར་བ་དང་ཞིང་སྡེའི་མང་ཚོགས་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས།
བྱ་འགུལ་ཁྲོད། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་ཟུང་འབྲེལ་བྱས་པ་དང་། རིག་རྩལ་འཁྲབ་སྟོན་དང་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་འགྲན་བསྡུར། དཔེ་མཚོན་དོན་རྐྱེན་ལ་དབྱེ་ཞིབ་བྱེད་པ། ཉེན་རྟོག་པ་དང་མང་ཚོགས་བར་བརྗེ་རེས་བྱེད་པ་སོ་གས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ཡོངས་ལ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། མང་ཚོགས་ཀྱིས་ཉིན་རྒྱུན་གྱི་རླངས་འཁོར་གཏོང་བའི་ཁྲོད་གཞུང་ལམ་འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཚད་དང་ལྡན་པར་རླངས་འཁོར་བསྐོར་རྒྱུའི་འབོད་སྐུལ་བཏང་།
ཉེན་རྟོག་པ་དང་མང་ཚོགས་བར་བརྗེ་རེས་བྱེད་པའི་ཁྲོད། ཉེན་རྟོག་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་འགྲེམ་བསྒྲགས་ལག་བསྟར་བྱས་ནས་ལོ་ཉི་ཤུ་འཁོར་བར་ཟུང་འབྲེལ་བྱས་ཏེ་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་འགྲེམ་པང་དང་བློ་འདྲི་ལན་འདེབས་སྟེགས་བུ་བཙུགས་པ་དང་། དྲིལ་སྒྲོག་ཡིག་ཆ་བཀྲམས་པ་དང་ཉེན་རྟོག་པས་རང་ས་ཆའི་དཔེ་གཞི་འགྲེལ་བཤད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་སྤྱོད་རླངས་འཁོར་གྱིས་ཁྲིམས་འགལ་མི་འདྲུད་བྱེད་པ་དང་གློག་སྒུལ་འཕྲུལ་ཆས་འདུག་དུས་བདེ་འཇགས་ཞྭ་མོ་མི་གོན་པ། ཐེག་ཚད་ལས་བརྒལ་བ། འཛིན་བྱང་མེད་པར་རླངས་འཁོར་བསྐོར་བ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་སོགས་ཞིང་སྡེ་འབྲོག་ཁུལ་དུ་འབྱུང་སླ་བའི་འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་གཙོར་བཟུང་ནས་སྒྲོག་འགྲེལ་བྱས་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རོང་འབྲོག་ཁུལ་གྱི་དཔེ་མཚོན་འགྲིམ་འགྲུལ་དོན་རྐྱེན་གྱི་དཔེ་གཞི། གློད་སྡོམ་ཞབས་གསུམ་གྱི་བྱེད་ཐབས་ཁྱབ་གདལ་དུ་བཏང་ལ། རྒྱ་ཆེའི་ཞིང་སྡེ་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་དང་དཔལ་ཡོན་ཕྱིར་བགྲོད་འདུ་ཤེས་ཇེ་མཐོར་སོང་བཏང་བ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་སྣང་ཚུལ་བཟང་བོ་བསྐྲུན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།