མཚོ་སྔོན་གྱི་གྲོང་གསེབ་བཅོས་སྐྱོང་ལས་སྒོའི་རྐང་འཛིན་མི་སྣ360ཡིས“རྨོ་འདེབས་པའི་དར་སྤེལ་འཆར་གཞིའི”གསོ་སྦྱོང་ལེགས་འགྲུབ་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་གྱི2024ལོའི་ལོ་འཁོར་གྱི“རྨོ་འདེབས་པའི་དར་སྤེལ་འཆར་གཞིའི”གྲོང་གསེབ་བཅོས་སྐྱོང་རྐང་འཛིན་གསོ་སྦྱོང་ཉེ་ཆར་ཁྱོན་ཡོངས་ནས་ལེགས་གྲུབ་བྱས། གྲོང་གསེབ་བཅོས་སྐྱོང་ལས་སྒོའི་རྐང་འཛིན་མི་སྣ360གསོ་སྦྱོང་བྱས་པའི་ནང་། ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པས90%ཙམ་ཟིན་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་བཅོས་སྐྱོང་སྟོབས་ཤུགས་ཕུན་སུམ་ཚོགས་སུ་ཕྱིན་ནས། གཞི་རིམ་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་བཏིངས་ཡོད།

ལོ་འཁོར་འདིའི་གསོ་སྦྱོང་ནང་གསོ་སྦྱོང་མི་གྲངས90%གཞི་རིམ་དང་འཐབ་ཕྱོགས་དང་པོར་བཞག་ནས། “ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གསོ་སྦྱོང་ནང་ཞུགས་མཁན་སྡེ་བ་གཅིག་གི་མི་གཉིས་ནང་ནས་གཅིག་ངེས་པར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་གཏན་འབེབས་བྱས་ཡོད། གསོ་སྦྱོང་འཛིན་གྲྭ་དེ་གྲོང་གསེབ་བཅོས་སྐྱོང་ལས་དོན་གྱི་སྟོབས་ཤུགས་ཞན་པའི་ས་ཁུལ་ལ་དམིགས་བསལ་གྱིས་ཁ་ཕྱོགས་ཏེ། མཚོ་ཤར་གྲོང་ཁྱེར་དངཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ཞིང་ཆེན་དང་གྲོང་ཁྱེར(ཁུལ)3གྱི་གསོ་སྦྱོང་འཛིན་གྲྭ་དང་སྟོང་སྐོར་རྫོང་གི་རྫོང་རིམ་པ1གི་སློབ་ཁྲིད་འཛིན་གྲྭ་གཏན་འཁེལ་བྱས་པ་དེ་དག་རྒྱལ་ཁབ་ཀྱི་གཙོ་གནད་རོགས་སྐྱོར་རྫོང11དང་། ཞིང་ཆེན་རིམ་པའི་གཙོ་གནད་རོགས་སྐྱོར་རྫོང4ལ་ཁྱབ་ཡོད་པ་དང་། གཙོ་གནད་རོགས་སྐྱོར་རྫོང་གི་སྦྱོང་བརྡར་ནང་ཞུགས་མཁན་ལས་བྱེད་པས་བཅུ་ཆའི་བདུན་ལྷག་ཟིན་ཡོད།

གསོ་སྦྱོང་གིས“གྲོང་གསེབ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི”གཙོ་ཐིག་ལ་དམ་པོར་དམིགས་ནས། བརྒྱུད་རིམ་ཧྲིལ་པོར“ཆེད་མཁས་པའི་འཆད་ཁྲིད་དང་བརྗོད་དོན་གཙོ་བོའི་གྲོས་བསྡུར། དངོས་སྦྱོང་སྦྱོང་བརྡར། སློབ་སྦྱོང་གྲུབ་འབྲས་ལམ་སྟོན”སོགས་སྣ་མང་སློབ་ཁྲིད་ཀྱི་རྣམ་པ་སྤྱད་དེ། མ་ལག་དང་ལྡན་པའི་སྒོ་ནས་གྲོང་གསེབ་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསེད་བཀྲོལ་དང་། གྲོང་གསེབ་བཅོས་སྐྱོང་གི་སྐར་གསོག་ལམ་ལུགས་དང་སྡེ་མིས་གནད་དོན་བརྗོད་པའི་དཔེ་མཚོན་བྱེད་ཐབས་གསེད་བཀྲོལ་བྱས་པ་དང་། བརྒྱུད་རིམ་ཧྲིལ་བོར་སློབ་མས་བཅོས་སྐྱོང་ལ་དམིགས་པ་དང་བཅོས་སྐྱོང་ལ་སློབ་སྦྱོང་། བཅོས་སྐྱོང་ཤེས་རྟོགས་བྱེད་པར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། སློབ་མས་གཞི་རིམ་བཅོས་སྐྱོང་ཁྲོད“གནད་དོན་ཤེས་རྟོགས་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད”བྱ་རྒྱུ་དེ་གསོ་སྦྱོང་གི་གཙོ་གནད་དུ་བརྩིས་ནས། ལྕག་སྐུལ་རྣམ་པ་དང་རིམ་འཕེལ་རྣམ་པའི་གསོ་སྦྱོང་ལ་བརྟེན་ནས། སློབ་མས་གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་ཡོད། །

རྩོམ་སྒྲིག་པ། ཨ་གཡང་སྐྱིད།