2024ལོར་རྒྱལ་ཡོངས་ཀྱི་ལས་བཟོ་པའི་དྲ་རྒྱའི་མཁས་ཅན་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།  

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

 ཟླ7པའི་ཚེས30ཉིན་གྱི་སྔ་དྲོ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་།    ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ།    ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་།    ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པའི“འཇོན་མིའི་དྲང་ནུས་གཅིག་ཏུ་བསྡུས་ནས་དུས་རབས་ཀྱི་ལེའུ་གསར་པ་གཏོད་པའི”2024ལོའི་རྒྱལ་ཡོངས་ལས་བཟོ་པའི་དྲ་རྒྱའི་འཇོན་མི་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་ཟི་ལིང་དུ་སྤེལ་འགོ་ཚུགས།     བྱེད་སྒོར་རྒྱལ་ཡོངས་ཀྱི་ལས་བཟོའི་དྲ་རྒྱའི་མཁས་ཅན་འཐུས་མི20ཙམ་གདན་འདྲེན་ཞུས་ནས་དྲ་རྒྱ་ཡོངས་ལ་མོས་གུས་བྱེད་མཁན་དུང་ཕྱུར1ཙམ་ཟིན་ཡོད།

ཐེངས་འདི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི“559”ལས་དོན་བཀོད་སྒྲིག་ལག་བསྟར་བྱེད་པ།    དྲ་རྒྱའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ།    དྲ་ཐོག་བཟོ་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།    “དྲ་ཐོག་ལས་བཟོ་པའི་ཁྱིམ་ཚང་”གཏོད་པ།    “བཟོ་པའི”ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་དྲ་རྒྱའི་ནུས་པ་འདོན་སྤེལ་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།  དྲ་རྒྱའི་དཔལ་ཡོན་འཛུགས་སྐྱོང་ཁྲོད་ལས་བཟོ་པའི་དྲ་རྒྱའི་མཁས་ཅན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་དེས་མཚོ་སྔོན་བཟོ་ཚོགས་ཀྱི་དྲ་རྒྱའི་བརྒྱུད་སྤེལ་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།    དྲ་ཐོག་མཚོ་སྔོན་གྱི་གཏམ་རྒྱུད་དང་།    ལས་བཟོ་པའི་གཏམ་རྒྱུད།    བཟོ་ཚོགས་ཀྱི་གཏམ་རྒྱུད་བཅས་ཡག་པོ་བཤད་པ།    དྲ་ཐོག་དང་དྲ་འོག་གི“སེམས་མཐུན་སྒོར་རྒྱུ”ཆེ་ཤོས་གཏོད་རྒྱུར་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་ཡོད།      

བྱེད་སྒོ་སྤེལ་རིང་ལས་བཟོ་པའི་དྲ་རྒྱའི་མཁས་ཅན་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།    མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།    མཚོ་ཤར་གྲོང་ཁྱེར་སོགས་སུ་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོ་དང་།    རྒྱལ་ཡོངས་བཟོ་པའི་གདོང་ལེན་རྟེན་གཞི།    རྒྱལ་ཡོངས་ལས་བཟོའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི།    ངལ་རྩོལ་དཔེ་བཟོའི་གསར་གཏོད་ལས་དོན་ཁང་སོགས་ལ་བཅར་འདྲི་དང་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུ་རེད།    དྲ་རྒྱའི་མཁས་ཅན་གྱི་དམིགས་བསལ་ལྟ་ཕྱོགས་ལ་བརྟེན་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་བཟོ་ཚོགས་ཀྱི་སྐད་སྒྲ་བརྒྱུད་སྒྲོག་བྱེད་རྒྱུ།    ལས་བཟོ་པའི་དྲང་ནུས་གཅིག་སྡུད་དང་དྲ་རྒྱའི་སྐད་སྒྲ་བརྒྱུད་བསྒྲགས་བྱེད་རྒྱུ།   ལས་བཟོ་པའི་དྲང་ནུས་གཅིག་སྡུད་དང་དྲ་རྒྱའི་སྐད་གདངས་ཆེ་ཤོས་དཀྲོལ་ནས“གཟི་བརྗིད་ངལ་རྩོལ་པར་དབང་བ་དང་བདེ་སྐྱིད་ངལ་རྩོལ་པར་དབང་བ་ཡིན”ཞེས་པའི་བརྗོད་དོན་གཙོ་བོ་དཀྲོལ་དགོས།    

རྩོམ་སྒྲིག་པ། ཨ་གཡང་སྐྱིད།