ཡུལ་ཤུལ་གྱིས་བྱེད་ཐབས30བཏོན་ནས་དམངས་གཉེར་དཔལ་འབྱོར་ལ་སྲུང་སྐྱོབ་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཉིན་གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་གྱིས《ཡུལ་ཤུལ་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》བཏོན་ནས་ཕྱོགས7ནས་ཞིབ་ཕྲའི་བྱེད་ཐབས30བཏོན་ཏེ།  སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་བཅས་ལ་སྐུལ་འདེད་བཏང་།

《བྱེད་ཐབས》ནང་རྒྱུན་གཏན་ཅན་གྱི་སྒོ་ནས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་ཀྱི་སེམས་དྲོ་བའི་བྱ་བར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་གཉེར་སྐྱོང་དང་། དོ་དམ། འཕེལ་རྒྱས་བཅས་ལ་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་དགོས་པ་དང་།  ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་སྲིད་གཞུང་གི་ཞབས་ཞུ་དང་དམངས་གཉེར་ཁེ་ལས་ཀྱི་དགོས་མཁོ་བར་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་བཏང་ནས་སྲིད་ཇུས་འི“མཐའ་མའི་སྤྱི་ལེ་གཅིག”ལ་ལག་བསྟར་དགོས་པ་ཁ་གསལ་བྱས་ཡོད། ཁེ་ལས་ལ་ཕན་པ་དང་དམངས་བདེ་ཡོང་བའི་ཞབས་ཞུ་ལེགས་སྒྱུར་བྱས་ཏེ“མྱུར་དུ་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པ། ཐག་ཉེ་སར་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ་བཅས་ཀྱི་ལས་ཆོད་ཆེ་བའི་ཞབས་ཞུའི་མ་ལག་ཁྱབ་སྤེལ་བཏང་སྟེ།  ཚད་བཀག་ནང་ཞུགས་པའི་ཁེ་ལས་ལ་ཞིང་ཆེན་རིམ་པའི་མ་དངུལ་བྱ་དགའ་སྤྲོད་པའི་རྨང་གཞིའི་ཐོག་སླར་ཡང་ཐེངས་གཅིག་རང་བཞིན་གྱི་བྱ་དགའ50%སྤྲོད་དགོས་པ་བཀོད་ཡོད།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བའི་ལས་དོན་ཁྲོད《བྱེད་ཐབས》ནང་གཉེར་སྐྱོང་བྱེད་པོས་མངོན་མེད་བཀག་རྒྱར་བསམ་འཆར་བཏོན་པར་ལན་སློག་པའི་ཐབས་ལམ་ཤར་གཏོང་དང་། ཁག་དབྱེ་ནས་གོ་རིམ་ལྡན་པའི་སྒོ་ནས་“ལས་རིགས་གཅིག་ལ་ལག་ཁྱེར་གཅིག”གི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། “ལས་གཉེར་ལག་ཁྱེར་དང་ཆོག་འཐུས་འཛིན་ཡིག་ལོགས་སུ་འབྱེད་པའི”བཅོས་སྒྱུར་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་རིམ་བཞིན་ཆོག་འཐུས་གཉེར་སྐྱོང་བྱ་དགོས་པའི་བླང་བྱ་བཏོན་ཡོད། སྟབས་བདེའི་ཐོ་ཁོངས་སུབ་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཁེ་ལས་ཐོ་ཁོངས་སུབ་པའི“དྲ་གཅིག་ཞབས་ཞུའི”སྟེགས་བུ་འཐུས་ཚང་དུ་བཏང་སྟེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་གནས་སྲུང་སྐྱོང་དང་། ཁྲོམ་ར་བགོ་བ། དམིགས་འཛུགས་ཉོ་ཚོང་སོགས་ཚུད་པའི་གཅིག་གྱུར་གྱི་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་གཙང་སེལ་དང་མེད་པར་བཟོ་དགོས། དུས་མཚུངས་སུ་ཁེ་ལས་ཀྱི་རྩིས་ཁྲའི་དངུལ་འགྱངས་ཆད་གཙང་སེལ་བྱེད་པའི་ཆེད་དོན་ལས་འགུལ་སྤེལ་ནས་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་དངུལ་གཏོང་སྤྲོད་ཞུ་གཏུག་ཐབས་ལམ་ཤར་གཏོང་འགན་སྲུང་དང་། ལས་ཁུངས་དང་དོན་ལས་ལས་ཁུངས། ཁེ་ལས་ཆེ་གྲས་བཅས་ཀྱིས་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་དངུལ་འགྱངས་ཆད་གཙང་སེལ། དུས་བཀག་ལས་ཡོལ་མེད་པའི་ཁེ་ལས་ཆུང་འབྲིང་གི་དངུལ་འགྱངས་ཆད་བཙན་ཤེད་ཀྱིས་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བཅས་བྱས་ཏེ་འགྱངས་ཆད་ཀྱི་གནས་ཚུལ་སྲིད་གཞུང་གི་ཆ་འཕྲིན་ནས་རང་འགུལ་ངང་ཡོངས་བསྒྲགས་བྱེད་པའི་ཁྱབ་ཁོངས་སུ་འཇུག་དགོས་པ་བསྟན།

ཡུལ་ཤུལ་ཁུལ་གྱིས་དཔལ་འབྱོར་སྲིད་ཇུས་ཐད་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་མི་དམངས་དངུལ་ཁང་ཡུལ་ཤུལ་ཁུལ་ཡན་ལག་དངུལ་ཁང་གིས་བསྐྱར་དུ་དངུལ་བུན་བཏང་བ་བརྒྱུད། ཡུལ་ཤུལ་ཞིང་ལས་ཚོང་ཁང་ལ་ཡིད་རྟོན་དངུལ་བུན་མ་དངུལ་སྒོར་དུང་ཕྱུར5ལ་རྒྱབ་སྐྱོར་བྱས་ནས་ཚང་མ་རོང་འབྲོག་པ་དང་ཞིང་ལས་དང་འབྲེལ་བ་ཡོད་པའི་དམངས་གཉེར་ཁེ་ལས་ཀྱི་དགོས་མཁོ་སྐོང་རྒྱུར་སྤྱད་དེ་དམངས་གཉེར་ཁེ་ལས་ཀྱི་དངུལ་རྩའི་ཐོབ་ཚད་ཇེ་མཐོར་གཏོང་གི་ཡོད། སྲིད་གཞུང་དང་། དངུལ་ཁང་། ཁག་ཐེག་ཀུང་སི་བཅས་ཀྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ནས“ཡིད་རྟོན་མཉམ་འདྲེས་ཀྱི་འགན་ཁུར”དང་“སྦྲག་ཡིག་གི་འགན་ཁུར”སོགས་དངུལ་རྩའི་ཐོན་རྫས་ལ་བརྟེན་ནས་དམངས་གཉེར་ཁེ་ལས་ལ་སྔར་ལས་སྟབས་བདེ་དང་ཕན་ནུས་ཇེ་ཆེ་བའི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ཞབས་ཞུ་མཁོ་འདོན་བྱ་དགོས། ལས་གཏོད་ཁག་ཐེག་དངུལ་བུན་དང་སྐྱེད་ཀ་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། གཞོན་ནུ་བྱ་གཞག་གསར་གཏོད་བྱེད་མཁན་ལ་རོགས་སྐྱོར་དངུལ་བུན་མང་ཤོས་སྒོར་ཁྲི10དང་ཆ་རྐྱེན་དང་མཐུན་པའི་དམངས་གཉེར་ཁེ་ལས་ལ་རོགས་སྐྱོར་དངུལ་བུན་མང་ཤོས་སྒོར་ཁྲི30སྤྲད།

《བྱེད་ཐབས》ནང་དམངས་གཉེར་ཁེ་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། དམངས་གཉེར་ཁེ་ལས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཞུགས་རྒྱུར་རྒྱབ་སྐྱོར་དང་དེ་བཞིན་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན་ཡོད། དམངས་གཉེར་ཁེ་ལས་ཀྱིས་ཡུལ་ཤུལ་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་། ཞིང་ལས་ལ་ཕན་པ་འཕེལ་རྒྱས། ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་བར་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཞིར་བཟུང་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་དང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གསར་སྤེལ། ཁྱད་ལྡན་ཐོན་ལས་གསར་སྤེལ་སོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་དམངས་གཉེར་ཁེ་ལས་གཞི་གྲངས་ཆེན་པོ་དང་ལྗང་མདོག་རྩིས་ནུས་སོགས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏང་རྒྱུ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། དམངས་གཉེར་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྒྲིག་ཆས་ཆེ་གྲས་གསར་སྒྱུར་དང་འཛད་རྫས་རྙིང་ནས་གསར་བརྗེས་བྱེད་པའི་ནང་ཞུགས་པ། འབྲེལ་ཐག་ཇེ་རིང་དུ་གཏོང་བ་དང་། འབྲེལ་ཐག་གསབ་པ། འབྲེལ་ཐག་སྟོབས་ལྡན་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་ཆ་རྐྱེན་དང་མཐུན་པའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་ངེས་ཅན་གྱི་རྒྱབ་སྐྱོར་བྱ་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།