མཚོ་བྱང་ཉིད་མཚོ་སྔོན་ཞིང་ཆེན་གྱི་པད་ཁའི་ས་བོན་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རོང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ནས་ཤེས་གསལ་ལྟར་ན། མཚོ་བྱང་ཁུལ་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཚོད་དཀར་རྣམ་པའི་པད་ཁའི་ཐོན་སྐྱེད་ཁུལ་ཆེ་ཤོས་དང་ལེགས་ཆའི་ཐོན་ཁུངས་བེད་སྤྱོད་ཁུལ་ཡིན་པའི་ངོས་ནས། ཞིང་ཆེན་ཡོངས་ཀྱི་ཚོད་དཀར་རྣམ་པའི་པད་ཁའི་སོན་བཟང་གསོ་སྤེལ་རྟེན་གཞི་གལ་ཆེ་ཤོས་དང་པད་ཁའི་སོན་འདེབས་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད། ཚོད་དཀར་རིགས་ཀྱི་པད་ཁའི་ཐོན་སྐྱེད་ཁུལ་དང་སྔར་གནས་སོན་གསོའི་ལེགས་ཆ་ལྡན་པའི་ཁུལ་ཡིན་པས། མཚོ་བྱང་ཁུལ་དང་རྫོང་རིམ་པ་སོ་སོའི་སྲིད་གཞུང་དང་ཚན་རྩལ་པས་སྣ་ཁ་དང་། སོན་བཟང་། ལག་རྩལ་བཅས་ཀྱི་ཐད་ནས་གསོ་སྤེལ་དང་། སྐུལ་འདེད་བཅས་གཞི་གཅིག་ཅན་དང་པད་ཁའི་ཐོན་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

2023ལོར། མཚོ་བྱང་གི་སྣུམ་རྒྱུ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི2.87ཟིན་པ་དང་། རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་ཁོ་ནར་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི1.93ཟིན་ཡོད། མུའུ་ཁྲི་ཡི་པད་ཁའི་མེ་ཏོག་གིས་ཡུལ་སྐོར་བ་ཁྲི་སྟོང་མང་པོ་བཀུགས་པར་མ་ཟད། རྒྱ་མདོའི་སྦྲང་མའི་ཐོན་ལས་ཀྱང་འཕེལ་རྒྱས་འགྲོ་བར་ཕན་ཐོགས་པ་རེད། ཤེས་གསལ་ལྟར་ན། རྒྱ་མདོ་རྫོང་ཁོངས་ཀྱི་གཞི་ཁྱོན་ཅུང་ཆེ་བའི་སྦྲང་མའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གཙོ་བོ4ཡིས་ལོ་རེར་པད་ཁའི་མེ་ཏོག་གི་སྦྲང་རྩི་ཏུན1500ལྷག་ཐོན་གྱི་ཡོད་པ་རེད། རྒྱ་མདོ་རྫོང་ནི་བྱང་ཕྱོགས་ཀྱི་པད་ཁའི་འབྱུང་ཁུངས་ཀྱི་ལྟེ་གནས་ཆུང་གྲས་ཤིག་ཡིན་པའི་ངོས་ནས། པད་ཁའི་ཤུན་པགས་སྲབ་ལ་སྣུམ་འདུས་ཚད་མཐོ་བའི་ལེགས་ཆ་ལྡན་ཡོད་པ་དང་ཆ་སྙོམས་སྣུམ་འདུས་ཚད43%ཡན་ཟིན། མིག་སྔར། མཚོ་བྱང་གིས་པད་ཁའི“ཐོན་རྫས་གསུམ་དང་ཚད་གཞི་གཅིག”ཅན་5ཁས་ལེན་བྱས་པ་དང་། པད་ཁའི་ལས་སྣོན་ཞིབ་ཚགས་ཁེ་ལས4གསོ་སྐྱོང་བྱས། ལོ་རེར་པད་ཁའི་ས་བོན་ཏུན་ཁྲི6.6ལས་སྣོན་བྱེད་པ་དང་།  ལས་སྣོན་འགྱུར་ཚད60%ཡན་ཟིན་པ་རེད། རྒྱལ་ཁབ་ཀྱི“ལྗང་མདོག་བཟའ་བཅའི”ཁས་ལེན་སྙན་ཞུ་ཕུལ་བའི“ཞུའེ་ལིན”“雪灵”རྟགས་ཅན་གྱི་པད་ཁའི་སྣུམ་ཧྲན་ཞིས་སོགས་སུ་ཕྱིར་ཚོང་བྱས་པ་དང་། ལོ་རེར་ཏུན50ཕྱིར་ཚོང་བྱས་པས་བྱང་ཕྱོགས་ཀྱི་པད་ཁའི་སྣུམ་རྒྱལ་ཡོངས་སུ་ཁྱབ་པ་རེད།

མཚོ་བྱང་ཁུལ་གྱིས་ས་ཁོངས་ནང་ཁུལ་དུ་པད་ཁ་འདེབས་འཛུགས་དུས་ཚོད་དང་མུ་འབྲེལ་འདེབས་འཛུགས་འཆར་འགོད་བྱས་ཏེ། སྣ་ཁ་དང་འདེབས་འཛུགས་དུས་ཚོད་སོགས་གཞོགས་འདེགས་ལེགས་སྒྲིག་བྱས་པ་བརྒྱུད་དེ། པད་ཁའི་མེ་ཏོག་གི་དུས་ཚོད་ཇེ་རིང་དུ་བཏང་བ་མ་ཟད་ཚོན་ཁྲ་ཅན་གྱི་པད་ཁའི་མེ་ཏོག་ནང་འདྲེན་བྱས་ནས་པད་ཁའི་མེ་ཏོག་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་། “མེ་ཏོག”གཙོ་བོར་བྱེད་པའི་སྤུས་རྟགས་ཀྱི་ཡུལ་སྐོར་ཐོན་ལས་རྒྱ་ཆེར་བཏང་བ་རེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།