ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ103འགོར་བར་རྗེས་དྲན་བྱ་ཆེད། ཉེ་སྔོན། འབའ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཏང་ཀྲི་པུའུ་དང་འབའ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་ཏང་ཀྲི་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཏང་གི་སྒྲིག་ཁྲིམས་ཀྱིས་གཅིག་བསྡུས་སྟོབས་ཤུགས་ལ་སྣེ་ཁྲིད་དང་མཉམ་འཛུགས་མཉམ་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།
བྱ་འགུལ་སྤེལ་བའི་ཉིན་དེར། ཏང་ཡོན་ཡོངས་ཀྱིས་ཏང་ནང་དུ་ཞུགས་པའི་དམ་ཚིག་སྒྲོག་འདོན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་ལ་བློ་དཀར་བའི་འདུ་ཤེས་མངོན་པར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་འགྲེལ་བཤད་བརྙན་ཐུང་ལ་བལྟས་པ་མ་ཟད། མེ་གསོད་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་དང་ཏང་གི་སྒྲིག་ཁྲིམས་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ། དེ་མིན། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་ལས་བཟོ་པའི་སྒར་ཁུལ་དང་དམག་སྒར་ལ་ལྟ་སྐོར་བྱས་ནས་ཁོ་ཚོའི་སྦྱོང་བརྡར་ནང་དོན་དང་འཚོ་བའི་རྣམ་པར་རྒྱུན་ལོན་བྱས་པ་མ་ཟད། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས་རྒྱུན་ལྡན་གྱི་མེ་གསོད་རྒྱུན་ཤེས་དང་མེ་སྐྱོན་ལས་རང་སྐྱོབ་བྱེད་ཐབས་ངོ་སྤྲོད་བྱས།
བྱ་འགུལ་རྗེས་སུ་ཏང་ཀྲི་པུའུ་གཉིས་ཀྱི་ཏང་ཡོན་ལས་བྱེད་པས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ103འགོར་བའི་ལོ་ཟླའི་ཁྲོད་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་བ་བརྗོད་དོན་བྱས་པའི་འཇོན་ནུས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་ཞིང་། འགྲན་སྡུར་ཡུལ་དངོས་སུ་ཞབས་བྲོ་དང་རྐྱང་ལེན། མཉམ་ལེན་སོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱས་ཏེ་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མངོན་པར་བྱས།
ལས་རིམ་རྗེས་མར་ཐུན་ཏེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཏང་ཀྲི་པུའུ་དང་ཐུན་ཏེ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་ཏང་ཀྲི་པུའུ་ཡིས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཁྱད་ཆོས་དང་རྩ་འཛུགས་ཁྱད་ཆོས། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཁྱད་ཆོས་སོགས་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་སྣ་མང་སྤེལ་རྒྱུ་ཡིན་པ་དང་། ཏང་འཛུགས་སྐྱོང་དང་ལས་རིགས་བྱ་བར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། ཁྱབ་ཁོངས་ལས་བརྒལ་བའི་ཏང་ཀྲི་པུའུ་བར་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། ཕན་ཚུན་སྐུལ་འདེད་དང་ཐུན་མོང་མཐོར་འདེགས་གཏོང་བ་མངོན་འགྱུར་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།