རང་ཞིང་གིས2024ལོའི་འདེམ་སྐོང་སློབ་མ་བསུ་མ་བྱེད་པ་དང་ལས་ཞུགས་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་མཛད་སྒོ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ2024ལོའི་འདེམ་སྐོང་སློབ་མ་བསུ་མ་བྱེད་པ་དང་ལས་ཞུགས་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་མཛད་སྒོ་བསྡུས་པ་དང་། 2024ལོར་གསར་དུ་བསྡུ་ལེན་བྱས་པའི་གནས་གཏན་འདེམ་སྐོང་སློབ་མ110དང་རྒྱུན་སྲོལ་འདེམ་སྐོང་མི་སྣ360གསོ་སྦྱོང་ལ་ཞུགས།

སློབ་མཐར་ཕྱིན་མ་ཐག་པའི་ཕུལ་བྱུང་སློབ་མ་་གཞི་རིམ་མངག་ནས་གསོ་སྦྱོང་སྦྱོང་བརྡར་བྱས་ཏེ། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ལ་རྗེས་གྲབས་སྟོབས་ཤུགས་ཉར་གསོག་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་གིས་ལས་བྱེད་པའི་དཔུང་སྡེ་ཡུན་རིང་བོར་འཕེལ་རྒྱས་གཏོང་བར་དམིགས་ནས་ལག་བསྟར་བྱེད་པའི་འཐབ་ཇུས་བྱེད་ཐབས་ཞིག་ཡིན། རང་ཞིང་གིས་འདེམ་སྐོང་སློབ་མའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དེ་རང་ཞིང་གིས་ལས་བྱེད་པའི་དཔུང་སྡེའི་འགོ་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཉེར་མཁོའི་འཇོན་མིའི་ནང་འདྲེན་བྱེད་པའི་ཕན་ལྡན་བྱེད་ཐབས་སུ་བརྩིས་ནས། གོ་ཆོད་པ་དང་འབྲེལ་མཐུད་དམ་ཟབ་ཡིན་པ་མ་ཟད་གཅིག་གྱུར་སྐུལ་སྤེལ་བྱེད་པའི་ཕྲེང་འབྲེལ་ཧྲིལ་བོའི་རྐྱེན་སྲོལ་བཙུགས་ནས། ཏང་གི་ལས་དོན་ཐད་ནས་ཤུལ་རྒྱུན་འཛིན་མཁན་ཡོད་པ་དང་གཅིག་རྒྱུད་གཅིག་འཛིན་བྱེད་ཆེད་བྱང་ཚད་མཐོ་བའི་གསར་སྐྱེས་སྟོབས་ཤུགས་སྐོར་ཞིག་སྐྱེད་སྲིང་བྱས།

འདེམ་སྐོང་སློབ་མ་ཚོས་ལང་ལོང་གིས་བསྟན་དོན། རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། དུས་རབས་གསར་བའི་ན་གཞོན་ལས་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདེམ་སྐོང་གི་ཐོག་མའི་བསམ་འདུན་སྲུང་སྐྱོབ་བཟང་བོ་བྱེད་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་ནས། ཏང་གཤིས་བློ་སྦྱོང་ལ་སྦྱོང་བརྡར་བྱེད་དགོས། གཞི་རིམ་དུ་རྐང་འཛུགས་པ་དང་། མི་དམངས་བསམ་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས། སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། མི་ཚེའི་སྒྲོག་གུ་བཟང་བོར་རྒྱག་པ། དཀའ་སྤྱད་དངོས་གཉེར་བྱེད་པ། ཁག་ཁུར་སྐྱེས་འབུལ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་པ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་ཤུགས་མཐུད་དབྱུག་པ་བཟང་བོར་ལེན་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།