དགའ་བདེ་རྫོང་རྐྱང་ཆད་ཞང་གིས་ཏང་འཛུགས་སྣེ་ཁྲིད་ཀྱིས་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རོགས་སྐུལ་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཡུན་རིང་མ་འདས་སྔོན་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཞང་ཤེའུ་སྙིང་རི་འདབས་ཀྱི་ཡག་ཆེན་སྡེ་བའི་འབྲོག་པ་བསམ་འཕེལ་ཚང་གིས་འབྲི་མོ་ཞིག་སྒོར་ཁྲི7གྱི་གོང་ཚད་མཐོན་པོ་ལྟར་བཙོངས་པ་དེས་ས་དེར་གྲགས་འགུལ་ཆེན་པོ་བསླངས་ཤིང་། ལྟད་མོ་པའིརྣམ་འགྱུར་བཟུང་ཡོད་པའི་འབྲོག་པ་ཚོར་རེ་བའི་འོད་སྣང་མཐོང་དུ་བཅུག་ལ། ཕ་ཡུལ་གྱི་ནོར་གནག་ཚད་ལྡན་ཅན་གྱིས་གསོ་སྤེལ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་པར་གྱུར། 

སྡེ་བ་དེའི་ནོར་གནག་གསོ་སྤེལ་ནུས་ཅན་གྱི་ན་གཞོན་དཔེ་མཚོན་འཐུས་ཚབ་ཡིན་པའི་ཆ་ནས། ལོ་མགོར་བསམ་འཕེལ་ཞང་ཡོངས་ཀྱི་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང12དང་མཉམ་དུ་ཞང་ཏང་ཨུ་དང་སྲིད་གཞུང་གི་རྩ་འཛུགས་འོག རྨ་ལྷོ་ཁུལ་དུ་སོང་སྟེ་ཁྱིམ་ཚང་ཕྱུགས་རའི་དཔེ་སྟོན་གསོ་སྤེལ་གྱི་ཉམས་མྱོང་བརྗེ་རེས་དང་སློབ་སྦྱོང་བྱས། བརྗེ་རེས་དང་ལྟ་སྦྱོང་བྱས་པ་བརྒྱུད། ཁོས་གསོ་སྤེལ་གྱི་རིག་ལམ་ཧུར་ཐག་གིས་ལེགས་སྒྲིག་བྱས་པ་དང་། ཁྱིམ་ཚང་ཕྱུགས་ར་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ཞིང་། ཆེད་ལས་ལག་རྩལ་མི་སྣའི་མཛུབ་སྟོན་དང་རོགས་སྐྱོར་འོག རྒྱུད་བཟང་འབྲི་མོ་ནང་འདྲེན་དང་གསོ་སྤེལ་ཁོར་ཡུག་ལེགས་བསྒྱུར། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲི་མོ་གསོ་སྤེལ་གྱི་ཕན་འབྲས་ཚད་མཐོའི་ངང་མཐོར་འདེགས་འབྱུང་བ་མངོན་འགྱུར་བྱས། 

ད་ལོའི་ལོ་སྟོད་དུ། རྐྱང་ཆད་ཞང་གིས་ཏང་འཛུགས་ཀྱི་སྣེ་ཁྲིད་དང་ཐོན་ལས་འཕེལ་རྒྱས་གཉིས་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཞིང་། གྲོང་གསེབ་དར་སྤེལ་གྱི་ལམ་བུབཟང་པོཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། མང་ཚོགས་ལ་ཕྱུག་འགྱུར་ཡོང་འཕར་གྱི་ལམ་བུ་གསར་པ་བཏོད། ཞང་དེས་གསོ་སྤེལ་ཁྱིམ་ཆེན་གསོ་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཀྲི་པུའུ+ཁྱིམ་ཚངགི་གཉེར་སྐྱོང་དཔེ་དབྱིབས་ལྟར། གྲོང་གསེབ་དར་སྤེལ་གྱི་འཛུགས་སྐུན་ལ་སྒུལ་ཤུགས་དྲག་པོ་སྦྱིན། དེ་དང་ཆབས་ཅིག་འབྲི་མོ50ནས100ཚད་གཞིར་བཟུང་སྟེ། འབྲིའི་ཡོང་ཁུངས་ཚོད་འཛིན་དང་མ་རྩ་ཇེ་དམའ། དཔེ་དབྱིབས་བཟོ་བལྟར། ཁྱིམ་ཚང་ཕྱུགས་ར་ཚད་ལྡན་ཅན་དུ་བསྐྲུན་པ་དང་། སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་གཙོ་ཁྲིད་ཐོན་ལས་འདི་འཐུས་ཚང་དང་ལེགས་སྐྱོང་བྱས། 

ཡག་ཆེན་སྡེ་བའི་འབྲོག་པ་ཕག་རྡོ་ཚང་དུ། གྲལ་སྟར་བསྒྲིག་པའི་ནོར་ཁང་མང་པོ་མིག་ལམ་དུ་མངོན་ཡོང་ལ། གཟུགས་བོངས་ཆེ་ཞིང་སྐྱེ་སྟོབས་ཀྱིས་རྒྱས་པའི་ནོར་གནག70ལྷག་གིས་བག་ཕེབས་པའི་ཁོར་ཡུག་ནང་གཟན་ཆས་ལ་རོལ་བཞིན་འདུག ཕག་རྡོ་ཕྱུག་པོར་གྱུར་རྗེས་ཡུལ་མི་སྔར་ལས་མང་པོ་ནོར་གནག་གསོ་སྤེལ་གྱིཁ་གསོ་ཐོན་ལསནང་དུ་ཞུགས་པར་སྐུལ་ཁྲིད་བྱས་ཤིང་། ནོར་གནག་ལྡབ་འཕེལགྱི་འཆར་གཞི་ཤུགས་ཆེན་པོས་སྐུལ་སྤེལ་བྱས་པས། ཁོའི་རྒྱལ་ཁའི་ཉམས་མྱོང་དེ་ས་དེར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། 

ཁྱིམ་ཚང་ཕྱུགས་རའི་གསོ་སྤེལ་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རྐྱང་ཆད་ཞང་ཏང་ཨུ་དང་སྲིད་གཞུང་གིས་ད་དུང་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང་དུ་ལག་རྩལ་གསོ་སྦྱོང་དང་ལས་སྒོའི་མཛུབ་སྟོན་གནང་བར་ཤུགས་བསྣན་པ་དང་། ཁོ་ཚོའི་གསོ་སྤེལ་རྩལ་ནུས་དང་ཁྲོམ་རའི་འདུ་ཤེས་སྔར་ལས་མཐོར་འདེགས་བཏང་ལ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་འཐུས་ཚང་དུ་བཏང་ཞིང་གསོ་སྤེལ་གྱི་ཕན་འབྲས་མཐོར་འདེགས་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱི་གསོ་སྤེལ་ཡིད་ཆེས་ཚད་མཐོའི་ངང་མཐོར་འདེགས་བཏང་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།