དར་ལག་རྫོང་གིས“བདུན་གཅིག”ལ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཏང་ཡོན་རྒན་པ། དཀའ་ཁག་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཏང་བཙུགས་ནས་ལོ་ངོ103འགོར་བར་བསུ་མ་བྱེད་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འགོར་བའི་སྐབས་འདིར། དར་ལག་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཨུའི་ལས་བྱེད་རྒན་པ་ཅུས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་སེམས་སུ་བསྐྱལ་ཆེད། ཟི་ལིང་དུ་ཡོད་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ30དང་རྫོང་ཐོག་ཏུ་སྡོད་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་རྒན་པ17ལ་འཚམས་འདྲི་བྱས།

འཚམས་འདྲིའི་བྱེད་སྒོའི་ཁྲོད་དུ། དར་ལག་རྫོང་ཨུའི་ལས་བྱེད་པ་རྒན་པ་ཅུས་དང་ཟི་ལིང་དུ་སྡོད་པའི་ལས་བྱེད་པ་རྒན་པའི་ཞབས་ཞུ་ཁང་གི་ལས་བྱེད་མི་སྣས་བློ་མཐུན་རྒན་པ་དང་ཏང་ཡོན་རྒན་པ་དང་གླེང་མོལ་བྱས་ཏེ། འཚམས་འདྲི་བྱ་ཡུལ་གྱི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ་རེ་རེར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་འཚམས་འདྲི་བསྐྱལ་ཞིང་དུས་ཆེན་ལ་རྟེན་འབྲེལ་ཞུས།

བློ་མཐུན་རྒན་པ་རྣམས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་ལ་བཀའ་དྲིན་ཞུས། ཚང་མས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་དང་རྫོང་ཨུའི་རྩ་འཛུགས་པུའུ། ལས་བྱེད་པ་རྒན་པ་ཅུས་ཀྱི་ལས་བྱེད་མི་སྣ་བཅས་ཀྱི་ཐུགས་ཁུར་འོག་དང་། ལྷག་པར་དུ་ལས་བྱེད་པ་རྒན་པའི་ཏང་འཛུགས་སྐྲུན་གྱི་བྱ་བ་དང་འཚོ་བའི་སྟེང་དུ། འབྲེལ་ཡོད་ལས་ཁུངས་ཁག་གི་མགོ་ཁྲིད་ཀྱིས་སྐུ་དངོས་སུ་འདྲི་རྩད་དང་དོན་འཁྱོལ་བྱས་ཏེ། གནད་དོན་དང་དཀའ་ཁག་མང་པོ་ཞིག་ཐག་གཅོད་དང་དོན་འཁྱོལ་བྱས་པས། རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཨུའི་རྩ་འཛུགས་པུའུ་དང་ལས་བྱེད་པ་རྒན་པ་ཅུས། དེ་མིན་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་ལས་བྱེད་པ་རྒན་པའི་ཆེད་དུ་བསྒྲུབས་པའི་བྱ་བ་དང་འབད་བརྩོན་ལ་བཀའ་དྲིན་ཆེ་ཞུ།

བློ་མཐུན་རྒན་པ་རྣམས་ཀྱིས་བསྟན་དོན། རྗེས་ཕྱོགས་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཨུའི་རྩ་འཛུགས་པུའུ་དང་ལས་བྱེད་པ་རྒན་པ་ཅུས་བཅས་ཀྱི་སྣེ་ཁྲིད་འོག ལས་བྱེད་པ་རྒན་པ་རྣམས་ཀྱིས་སྔར་མུས་ལྟར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། དོན་དངོས་ལ་གཞིག་སྟེ་མི་སྒེར་གྱི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དང་། ལས་བྱེད་པ་རྒན་པ་རྣམསལས་འཁྱུར་ངལ་གསོ་བྱས་ཀྱང་ཏང་ནང་ནས་མི་འབུད་པ་དང་། ལས་འཁྱུར་ངལ་གསོ་བྱས་ཀྱང་རྩ་བ་མི་འགྱུརབར་ཏང་ཡོན་རྒན་པ་ཞིག་གི་རང་མདངས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས། ལས་བྱེད་པ་རྒན་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱས་ནས། གཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞིཇེ་བརྟན་དངརང་རྟོན་བཞིཇེ་བརྟན། སྲུང་སྐྱོང་གཉིསམཐའ་གཅིག་ཏུ་བསྒྲུབ་ཐུབ་པ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་དུ་ཏང་ལ་དྲིན་གཟོ་དང་། ཏང་ལ་དགའ་ཞིང་ཏང་ལ་བཀུར་བ། ནམ་ཡང་ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།