མཚོ་སྔོན་དུ་སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་སྤྱི་འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཏང་སྐྱོང་ཀུན་སྤྱོད་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ནས་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་སྤྱི་འགན་འཁྲིའི་ལམ་ལུགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ཏང་སྐྱོང་ཀུན་སྤྱོད་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ་དང་། བསམ་བློ་དང་ཆབ་སྲིད་སློབ་ཚན་གྱི་ཆབ་སྲིད་སྣེ་ཁྲིད་ཀྱི་རིན་ཐང་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་མི་སྣ་གསོ་སྐྱོང་ལམ་སྲོལ་སྔར་བས་འཐུས་ཚང་དུ་ཕྱིན་པ། སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོའི་ཆུ་ཚད་ཉིན་བཞིན་མཐོ་རུ་ཕྱིན་པ། སློབ་མའི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་བཅས་རེད།

ཚོགས་འདུའི་ཐོག་ས་གནས་ཁག་གིས་ཏང་གིས་སློབ་གསོར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་ནང་ཁུལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ཀྱི་ཐད་ནས་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རྩ་འཛུགས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སྟོབས་ལྡན་དུ་གཏོང་བ། རྩ་འཛུགས་ཀྱི་འཚོ་བ་སྐྱེལ་སྟངས་གསར་གཏོད་བྱེད་པ་སོགས་ཀྱི་ཐད་ནས་སློབ་གྲྭ་འབྲིང་ཆུང་གི་ཏང་གི་རྩ་འཛུགས་མ་ལག་ཚགས་དམ་པོར་འཛུགས་པ་དང་སྟོབས་ལྡན་དུ་གཏོང་དགོས། གཞི་རྩའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། དོན་གྲོས་ཇུས་ཐག་གཅོད་པའི་ཁྱབ་ཁོངས་ཁ་གསལ་བཟོ་བ། ཧྲུའུ་ཅི་དང་སློབ་སྤྱོད། ཏང་འཛུགས་སྐྱོང་དང་ལས་སྒོ། མཉམ་འབྲེལ་ཏང་ཀྲི་པུའུ་དང་ཁོངས་མིའི་སློབ་གྲྭ་ཁག་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་སོགས་ཀྱི་ཐད་ནས་ལམ་ལུགས་དང་ལམ་སྲོལ་གྱི་དགེ་མཚན་འདོན་སྤེལ་ཏན་ཏིག་བྱ་དགོས། སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་སྤྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དེ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱེད་པའི་ལས་འགན་ཞིབ་བརྗོད་དཔྱད་མོལ་དཔྱད་ཞིབ་ཀྱི་ནང་དོན་ནང་བཅུག་སྟེ་སྐོར་ཞིབ་ལྟ་སྐུལ་དང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས།

ཚོགས་འདུའི་ཐོག་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་དྲག་ཆས་ལ་དོ་སྣང་བྱས་ནས་ཞི་ཅིན་ཕིང་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འགོ་ཁྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་དམིགས་ཏེ་ཏང་གིས་སློབ་གྲྭ་འབྲིང་ཆུང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་སློབ་ཚན་གྱི་འགག་རྩའི་སློབ་ཚན་གནས་བབ་དོན་འཁྱོལ་བྱ་རྒྱུར་དམིགས་ནས“བསམ་བློ་དང་ཆབ་སྲིད་སློབ་ཚན་ཆེན་པོའི”ལས་ཀའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས། ཀུན་སྤྱོད་སློབ་གསོའི་ནུས་པ་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ་དགེ་རྒན་དཔུང་ཁག་ཧྲིལ་པོའི་བྱང་ཚད་སྔར་བས་མཐོ་རུ་གཏོང་དག སློབ་མའི་སེམས་ཁུར་དང་གཅེས་སྐྱོང་ལ་དམིགས་ནས་སེམས་ཁམས་བདེ་ཐང་གི་སློབ་གསོའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་དམིགས་ཏེ་མཉམ་སྡེབ་ཀྱིས་མི་གསོ་སྐྱོང་བྱེད་པའི་ནུས་ལྡན་མཉམ་ཤུགས་སྔར་བས་གཅིག་ཏུ་སྒྲིལ་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།