རྨ་ལྷོ་སོག་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

བདེ་འཇགས་འཛུགས་སྐྲུན་བྱ་བར་ཏན་ཏག་གིས་སྐུལ་སྤེལ་གཏོང་བ་དང་། བདེ་འཇགས་འཛུགས་སྐྲུན་དེ“ལོ་གཅིག་རིང་ཡར་ཐོན་ཆེས་མགྱོགས་པ”ནས“ལོ་གཉིས་རིང་གྲུབ་འབྲས་མངོན་གསལ་ཐོན་པ”ཡི་དམིགས་འབེན་མངོན་འགྱུར་བྱུང་བ། བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་པ་བཅས་ཀྱི་ཆེད་དུ། ཟླ6པའི་ཚེས4ཉིན། ཧོ་ནན་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཞང(གྲོང་རྡལ)སོ་སོའི་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་དང་ལས་རོགས་མི་སྣ། ཁྲིམས་འཛིན་ཅུས་ཀྱི་ཁོངས་མི་ཡོངས་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེངརྨ་ལྷོ་ཁུལ་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བདེ་འཇགས་རྨ་ལྷོ་འཛུགས་སྐྲུན་གྱི“ཕྲེང་རྒྱུད”ལས་འགན་ལས་བགོས་ཇུས་གཞིསོགས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞང(གྲོང་རྡལ)སོ་སོའི་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་གིས2024ལོའི་ལོ་སྟོད་བར་གྱི་བདེ་འཇགས་ཧོ་ནན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་པའི་གནས་ཚུལ་ཐད་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཚེ་བདག་མགོན་པོས་ཉེ་ཆར་གྱི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་པ་དང་རྗེས་ཕྱོགས་ཀྱི་བྱ་བའི་ཁ་ཕྱོགས་གསལ་པོར་བསྟན།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གི“ལས་བྱེད་པས་བསྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”ཡི་བླང་བྱ་དོན་འཁྱོལ་བྱས་ཏེ། ཁག་ཁུར་འདུ་ཤེས་ཆེ་རུ་བཏང་ནས་ཧོ་ནན་གྱི་གནས་བབ་ལ་རྐང་འཛུགས་པ་དང་། ཞང(གྲོང་རྡལ)དང་མངགས་གཏོང་ཁང་སོགས་སྡེ་ཁག་གཅིག་གྱུར་འཆར་འགོད་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་འགལ་ཟླའི་རྩོད་གླེང་ཞིབ་བཤེར་དང་འདུམ་འགྲིག་བྱེད་པ་དང་། རོགས་ཁྲིད་མི་སྣ་བཅར་འདྲིར་བསྐྱོད་པ་སོགས་ཁྲིམས་འཛིན་སྲིད་འཛིན་གྱི་གཞི་རིམ་ལས་སྒོའི་བྱ་བ་བཀོད་སྒྲིག་བྱས་ནས། བྱ་བ་སོ་སོའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་དང་། གཞི་རིམ་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས།

རྨ་ལྷོ་སོག་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུ་བཞིན་པ།

ཚོགས་འདུའི་སྟེང་བླང་བྱ་བཏོན་དོན། གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས།  བདེ་འཇགས་འཛུག་སྐྲུན་བྱ་བའི་གནས་བབ་ཛ་དྲག་ཡིན་པར་ངོས་འཛིན་གཏིབ་ཟབ་དང་། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ད་ལྟ་སྤེལ་བཞིན་པའི་བྱ་བའི་རྨང་གཞིའི་སྟེང་ཡང་བསྐྱར་ཞིབ་འཇུག་དང་ཡང་བསྐྱར་སྐུལ་འདེད་བཏང་སྟེ།འགན་འཁྲི་སྔར་ལས་ཇེ་དམ་དང་རིགས་ལམ་སྔར་བས་གསལ་པོར་གཏོང་བ། ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་བ་བཅས་ཀྱིས་བདེ་འཇགས་འཛུགས་སྐྲུན་བྱ་བ་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་ནུས་ཤུགས་འདོན་དགོས། གཉིས་ནི་འགན་བསྟར་ཁག་ཁུར་ཐུབ་ཚད་ཇེ་དྲག་ཏུ་གཏོང་དགོས། ཞང་སོ་སོའི(གྲོང་རྡལ)ཁྲིམས་འཛིན་ཁང་གི་འགན་ཁུར་པའི་ཚན་ཁག་གིས་ཁུལ་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བདེ་འཇགས་རྨ་ལྷོ་འཛུགས་སྐྲུན་གྱི“ཕྲེང་རྒྱུད”ལས་འགན་བྱ་བའི་དཔྱད་ཞིབ་དམིགས་ཚད་ལྟར། བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱས་ཏེ།  མི་འདང་ས་དང་ཞན་ས་དུས་ཐོག་ཏུ་ཁ་གསབ་བྱེད་པ་དང་། བྱ་བ་སོ་སོའི་རྩིས་ཐོ་དང་དཔྱད་གཞིའི་ཡིག་རིགས་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཧོ་ནན་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛིན་སྲིད་འཛིན་གྱི་དམིགས་འབེན་ལས་འགན་སོ་སོ་ཇི་བཞིན་དུ་ལེགས་འགྲུབ་བྱེད་པ་བཅས་ཀྱིས། དུས་ཚིགས་གཉིས་པའི་དཔྱད་འཇོག་སྟེང་སྐར་མ་ཆ་ཚང་ལེན་རྒྱུ་བརྩོན་ལེན་བྱེད་དགོས།  གསུམ་ནི་བྱ་བའི་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་དང་གོ་རིམ་བསྟུད་མར་ལེགས་བསྒྱུར་བྱས་ཏེ། སྣེ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད། མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་བསྐངས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བར་འདོད་བློ་ཚིམ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། བཞི་ནི་གོང་འོག་མཉམ་འགུལ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གོང་རིམ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་རྫོང་ཨུའི་བདེ་འཇགས་གཞུང་ལས་ཁང་ལ་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། བདེ་འཇགས་འཛུགས་སྐྲུན་བྱ་བའི་སྤུས་འདེགས་ཕན་འཕར་ལ་མཉམ་དུ་ཤུགས་འདོན་པ་དང་སྐུལ་འདེད་གཏོང་དགོས། བྱ་བའི་ཁྲོད་ཉམས་མྱོང་སྤྱི་སྡོམ་བྱེད་པ་གཙིགས་སུ་འཛིན་པ་དང་། བྱ་བའི་སྒྲུབ་སྟངས་གསར་གཏོད་བྱེད་པ། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བདེ་འཇགས་འཛུགས་སྐྲུན་ཁྲོད་ཁྱབ་གདལ་དང་བསྐྱར་བཤུས། དཔེ་ལྟ་བཅས་བྱེད་ཆོག་པའི་ཉམས་མྱོང་བཟང་པོ་དང་སྒྲུབ་སྟངས་བཟང་པོ་གདམ་གསེས་བྱས་ཏེ། བདེ་འཇགས་ཧོ་ནན་འཛུགས་སྐྲུན་བྱེད་པའི་བྱ་བར་བཀྲག་མདངས་སྣོན་དགོས། ལྔ་ནི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་ཁག་གི་འགན་ནུས་ལ་རྐང་འཛུགས་པ་དང་། རྣམ་པ་དང་ཐེག་བྱད་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ། དྲ་ཐོག་དང་དྲ་ཐོག་མ་ཡིན་པའི་དྲིལ་སྒྲོག་ལ་བསྟུད་མར་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཐོས་དགའ་མཐོང་སྤྲོའི་རྣམ་པ་བརྒྱུད་ནས། ཁྲིམས་འཛིན་སྲིད་འཛིན་གྱིས་དམངས་ལ་དོན་དངོས་བསྒྲུབས་པའི་གཏམ་རྒྱུད་ལེགས་པོར་བཤད་ཐོག ཁྲིམས་འཛིན་སྲིད་འཛིན་བྱ་བའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།