ཡུལ་ཤུལ་ཁུལ་གྱིས་དུས་རབས་གསར་པའི་དཔེ་བཟང་རྩ་འཛུགས་སྡེ་ཁག་གསར་སྐྲུན་བྱེད་པར་འབད་བརྩོན་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་བའི་ལོ་འགའི་རིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་ཁོངས་གཏོགས་ཀྱི“སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། སྤྱོད་ཚུལ་མཐོ་རུ་གཏོང་རྒྱུ། ནུས་པ་ཆེ་རུ་གཏོང་རྒྱུ”བཅས་ལོ་གསུམ་གྱི་བྱ་འགུལ་ལ་མ་ལག་ལྡན་པའི་སྒོ་ནས་འཆར་འགོད་དང་གཅིག་གྱུར་འཆར་འགོད་བྱས་ཏེ། ཆབ་སྲིད་ཀྱི་རྨང་གཞི་སྔར་བས་མངོན་གསལ་ཡིན་པ་དང་། བྱ་བའི་སྤྱོད་ཚུལ་སྔར་ལས་སྲ་བརྟན་ཡིན་པ། དཔུང་ཁག་གི་བསམ་པའི་རྣམ་པ་སྔར་ལས་དར་རྒྱས་ཆེ་བའི་རྩ་འཛུགས་སྡེ་ཁག་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་བཏང་།

ཡུལ་ཤུལ་ཁུལ་ཏང་ཨུ་རྩ་འཛུགས་པུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས“སློབ་དུས་བརྟན་པོ་དང་ལྡེམ་ཤུགས་སློབ་དུས”ཀྱི་རྣམ་པ་བཙུགས་ནས། “གྲོས་གཞི་དང་པོའི”ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། པུའུ་ཨུའི་ཚོགས་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་དང་ཏང་ཀྲི་པུའུ་གཉིས་ལྔའི་སློབ་སྦྱོང་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས། སློབ་སྦྱོང་གི་གཙོ་གནད་དང་འགག་རྩའི་གོ་རིམ་ལ་དོ་སྣང་ནན་མོ་བྱས་ཐོག གཅིག་སྡུད་སློབ་སྦྱོང་ཐེངས12རྩ་འཛུགས་བྱས་པ་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ཐེངས5སྤེལ།

དུས་སྐབས་གསར་པའི་ལས་བྱེད་པ་ལེགས་པོ་ཡིན་པའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི“དམིགས་བསལ་གསུམ”གྱི་ཆབ་སྲིད་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆབ་སྲིད་རྣམ་འགྱུར་དང་ལག་ལེན་མཚོན་ཚུལ་ཆ་རྐྱེན་ཨང་དང་པོར་བརྩིས་ཏེ། འཇོན་མི་འདེམས་ནུས་བསྐོ་གཞག་གི་འགག་སྲུང་བྱེད་མཁན་བྱེད་དགོས་ལ། ཁུལ་ཡོངས་ཀྱི་ལས་བྱེད་པས་ལས་སྒྲུབ་དང་ལས་གཏོད་བྱེད་པའི་སྤྲོ་སེམས་དང་སྤྲོ་སེམས་འཕེལ་ཤུགས་ཆེ་ཤོས་གཏོང་དགོས་པ་དང་། 《ཀྲུང་གུང་ཡུས་ཧྲུའུ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་པུའུ་ལས་དོན་ཚོགས་འདུའི་བྱ་བའི་སྒྲིག་སྲོལ》དང《ཀྲུང་གུང་ཡུས་ཧྲུའུ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་གསང་སྲུང་བྱ་བའི་ལམ་ལུགས》སོགས་པུའུ་དང་ལས་ཁུངས་ཀྱི་དོ་དམ་ལམ་ལུགས་སོ་སོ10ལྷག་བཏོན་པ་དང་། བཟོ་བཅོས་འཐུས་ཚང་དུ་བཏང་ནས་ལས་ཁུངས་ནང་ཁུལ་གྱི་དོ་དམ་ཚད་ལྡན་ཅན་དང་། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ཞིང་། ལས་ཁུངས་ཀྱི་ལས་བྱེད་པ་འཆད་ཁྲིད་སྟེགས་བུའི་སྟེང་འགྲོ་བའི་ལམ་ལུགས་བཙུགས་པ་དང་། “གཅིག་གིས་མང་པོ་སྣེ་ཁྲིད་པ”ཞེས་པའི་དགེ་སློབ་ཁྲིད་རོགས་རེས་ལམ་ལུགས་བཙུགས་པ། རྒྱུན་ལྡན་ཅན་གྱི་སྒོ་ནས“པུའུ་ཀྲང་འཆད་ཁྲིད་ཁང་ཆེན་པོ”དང“ཁོའོ་ཀྲང་གིས་ལས་སྒོ་བཤད་པའི”བྱེད་སྒོ་ཐེངས13སྤེལ་ནས། ལས་བཟོ་ཚོགས་པའི་ལས་བྱེད་པའི་འཇོན་ཐང་ཡར་འཕར་བར་སྐུལ་འདེད་བཏང་། པུའུ་ལས་དོན་ཚོགས་པའི་ཚོགས་འདུ་དང་པུའུ་ལས་ཁུངས་ཀྱི་ཚོགས་འདུ། རྩ་འཛུགས་ལས་དོན་དུས་ཚིགས་བཀོད་གཏོང་ཚོགས་པ་བཅས་ཀྱི“ཚོགས་འདུ་གསུམ”གྱི་ལམ་ལུགས་གཏན་འབེབས་དང་ཁྱབ་སྤེལ་དུ་བཏང་སྟེ། ཁུལ་དང་རྫོང་བར་གྱི་ལས་དོན་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྩ་འཛུགས་མ་ལག་གི་མངོན་གསལ་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་ལས་གཞན། སེམས་གཏམ་གླེང་མོལ་དང་དང་སྨན་བཅོས་ངལ་གསོ། འཚམས་འདྲི་སོགས་ཐུགས་ཁུར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་བརྒྱུད། “ངེས་པར་དུ་གླེང་མོལ་བྱ་དགོས་པ”དང་“ངེས་པར་དུ་འཚམས་འདྲིར་སྐྱོད་དགོས་པ”།“དོན་ཐོག་ཏུ་འཁྱོལ་དགོས་པ”བཅས་བྱས་ཏེ། མཐུན་སྒྲིལ་དང་ཛ་དྲག གཟབ་ནན་བཅས་ལྡན་པའི་བྱ་བའི་ཁོར་ཡུག་ཞིས་བསྐྲུན།  །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།