ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་དམངས་ཚིས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ལྗང་མདོག་འཕེལ་རྒྱས་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱི་དམིགས་འབེན་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་མི་སྣས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་ནན་མོ་བྱེད་པར་སྣེ་ཁྲིད་བྱས་ནས། དམངས་གཉེར་ཁེ་ལས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཚོགས་ཐོག་ཏུ་ལྗང་མདོག་འཕེལ་རྒྱས་སྒོར་ཅོག་གྲོས་ཚོགས་དང་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བརྒྱུད་དེ། དམངས་གཉེར་ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་མཉམ་དུ་ཇུས་འགོད་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལྕགས་ཟམ་བཙུགས་ལ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་གྲོས་སྡུར་བྱས།
ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་ལས་པའི་ཀྲུའུ་ཞི་གཞོན་པ་ཞུའེ་ཐིན་སོགས་འཐུས་ཚབ་པ་ལྔས་སྒོར་ཅོག་གྲོས་ཚོགས་ཐེངས་དང་པོའི་སྟེང་བརྗེ་རེས་གཏམ་བཤད་བྱས། མཚོ་སྔོན་མི་རིགས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་གླིང་གཙོ། དགེ་རྒན་ཆེན་མོ་བ་ཀྲང་མེན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དངོས་གཉེར་སྒོས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ་བརྗོད་དོན་དུ་བྱས་ནས། སྐུལ་སྤེལ་གྲོས་ཚོགས་སྟེང་གཙོ་དོན་སྙན་ཞུ་ཕུལ། འབྲེལ་ཡོད་སྡེ་ཁག་གིས་ཐཱནeདངུལ་བུན་སོགས་དངུལ་རྩའི་གསར་གཏོད་ཐོན་རྫས་ངོ་སྤྲོད་བྱས། ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ཀྱིས་ལྗང་མདོག་འཕེལ་རྒྱས་ལག་བསྟར་བྱེད་པའི་ཐུན་མོང་གི་ལྟ་བ་ཐོག་མར་འགྲེམ་སྤེལ་བྱས་པ་དང་། མཉམ་འབྲེལ་ལྷན་ཚོགས་དང་དངུལ་ཁང་དང་ཁེ་ལས་རིམ་པ་གཉིས་ཀྱི་མཉམ་འབྲེལ་གྲོས་འགོད་མཛད་སྒོ་ཐོག་མར་བསྡུས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དམངས་ཚིས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པ་དང་། དམངས་ཚིས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཀྱི་འཐུས་ཚབ་སྟེ་ཡ་གླིང་སྭེལ་ལས་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་ཞིན་ལོའུ་ཀྲིའུ་སྨན་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྲིན་ཧུང་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་དང་ཡིད་རྟོན་གྲོས་མཐུན་བཀོད་དེ། ཁེ་ལས་གསུམ་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བྱིན།
ཚོགས་ཐོག་ནས་བསྟན་དོན། དམངས་གཉེར་ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བསྐྱོད་དེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཁེ་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་དགོས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་དང་དམངས་གཉེར་ཁེ་ལས་ཀྱིས་ལྗང་མདོག་ཐོན་ལས་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ངོས་འཛིན་ཟབ་མོ་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་ནི་མིག་སྔར་གྱི་འཐབ་ཇུས་གོ་སྐབས་གལ་ཆེན་ཡིན་པ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རང་ཞིང་གི་ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་གནད་འགག་གི་ཤུགས་འདོན་ས་ཡིན་པས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་གྲུབ་ཚུལ་དམ་འཛིན་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དམངས་ཚིས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་དངུལ་རྩའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ། འབྲེལ་ཡོད་སྐུ་མགྲོན་དང་འཐུས་ཚབ་མི་སྣ་མི་བརྒྱད་ཅུ་ལྷག་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། ཁོན་ཐར་འཚོ།