ཞིང་ཆེན་སློབ་གསོ་ཐིན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐད་ཀྱི་ཉིན་བརྒྱའི་གདོང་མཆོང་འགུལ་སྐྱོད་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི2024ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཉིན་བརྒྱའི་གདོང་མཆོང་འགུལ་སྐྱོད་དང་ཕུལ་བྱུང་ཁེ་ལས་སློབ་རར་བསྐྱོད་པའི་སློབ་རའི་མི་བསྡུ་ཚོགས་འདུ་ཆེ་གྲས་དེ་མཚོ་སྔོན་སློབ་ཆེན་དུ་བསྡུས། ཐེངས་འདིའི་མི་བསྡུ་ཚོགས་འདུས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་དང་ལས་དོན་སྡེ་ཁག་བརྒྱ་དང་གྱ་བརྒྱད་གདན་ཞུ་བྱས་པ་དང་། དེའི་ཁྲོད་སྨན་བཅོས་སློབ་གསོ་དང་རིག་ནུས་བཟོ་སྐྲུན། ནུས་ཁུངས་གསར་བ། རྫས་འགྱུར་བཟོ་ལས་སྨན་བཟོ། ཨར་ལས་བཟོ་སྐྲུན་སོགས་ལས་རིགས་བཅུ་ལྷག་འདུ་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་འཚམ་པའི་ལས་ཞུགས་ལས་རྐང་སྟོང་གསུམ་དང་བརྒྱད་བརྒྱ་འདོན་སྤྲོད་བྱས། ཀྲེ་ཅང་ཧུའུ་ཀྲིའུ་དང་ཧི་ནན་ཁའེ་ཧྥིན། ཉིན་ཞ་དབྱིན་ཁྲོན་སོགས་ཀྱི་སྲིད་གཞུང་མཚོ་སྔོན་དུ་ཡོང་ནས་མི་བསྡུ་ལེན་བྱས།

ཐེངས་འདིའི་བྱ་འགུལ་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་བཅུ་གཉིས་ཀྱི་མཐར་ཕྱིན་སློབ་མ་སྟོང་དྲུག་ལྷག་མི་བསྡུ་ཚོགས་འདུར་ཞུགས་པ་དང་། མི་བཀོལ་སྡེ་ཁག་ལ་ཡུལ་དངོས་ནས་ལས་འཚོལ་བྱུང་བསྡུས་སྟོང་གཉིས་བརྒྱ་དང་ལྔ་བཅུ་འབྱོར་ལ། མི་ལྔ་བརྒྱ་དང་བཅུ་གཉིས་ཀྱིས་ལས་ཞུགས་འདོད་བློའི་གན་རྒྱ་བཞག་པ་དང་། མི་བརྒྱ་དང་ང་བཞིས་ལས་ཞུགས་གན་རྒྱ་བཞག མི་བསྡུ་ཚོགས་འདུའི་ཡུལ་དངོས་སུ་ད་དུང་ལས་ཞུགས་སྲིད་ཇུས་འགྲེལ་ཀློག་དང་དམག་བསྡུ་དྲིལ་སྒྲོག ལད་ཟློའི་ཁ་རྒྱུགས་དང་ལས་ཞུགས་མཛུབ་སྟོན་སོགས་ཀྱི་ཞབས་ཞུ་བྱེད་གནས་བཙུགས་ནས། སློབ་མ་ཚོས་ལས་འཚོལ་ལས་ཞུགས་ཐད་རྣམ་པ་མང་པ་དང་ཕྱོགས་ཡོངས། བརྒྱུད་རིམ་ཧྲིལ་བོའི་སྟབས་བདེ་དྲོད་ལྡན་གྱི་ཞབས་ཞུ་འདོན་སྤྲོད་བྱས།

མཚོ་སྔོན་སློབ་ཆེན་ལས་ཞུགས་ལས་སྐྲུན་མཛུབ་སྟོན་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་ཞོ་ཨན་གྱིས་བཤད་རྒྱུར། སློབ་རའི་བྱ་འགུལ་གཉིས་ཀྱི་ཁྲོད་ཞུགས་པའི་ཁེ་ལས་བརྒྱ་དང་གྱ་བརྒྱད་ཡོད་པ་དང་། ལས་རྐང་སྟོང་གཉིས་ལྷག་འདོན་སྤྲོད་བྱས་ལ། མི་བསྡུ་ཚོགས་འདུའི་ཐད་ནས་ཧུའུ་ཀྲིའུ་ཁུལ་དང་ཁའེ་ཧྥིན་ཁུལ། དབྱིན་ཁྲོན་ཁུལ། ཆེད་ལེགས་དམིགས་གསར་ཁེ་ལས་ཁུལ་བཅས་ཁུལ་བཞི་བཙུགས་ཡོད། མཚོ་སྔོན་སློབ་ཆེན་གྱིས་མུ་མཐུད་དུ2024ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཉིན་བརྒྱའི་མཆོང་རྒྱུག་འགུལ་སྐྱོད་སྤེལ་ནས། ཞིང་ཆེན་ཕྱི་ནང་གི་ལས་རྐང་ཐོན་ཁུངས་རྒྱ་སྐྱེད་པ་དང་། མཚོསྔོན་སློབ་ཆེན་གྱི་ལས་ཞུགས་ཐད་གཏོང་བགྲོད་ལམ་བརྒྱུད་དེ་མི་ལས་རྐང་སྟེང་སྐྱེལ་བའི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ནས། ལས་ཞུགས་བྱེད་དཀའ་བའི་མི་ཚོགས་ཀྱི་རོགས་སྐྱོར་ཚད་མཐའ་བརྟན་སྲུང་བྱེད་རྒྱུ་ཡིན། མཐར་ཕྱིན་སློབ་མའི་གཞི་རིམ་ལས་ཞུགས་དང་ཁེ་ལས་ཀྱི་ལས་ཞུགས་ཐད་ཀྱི་དཔེ་མཚོན་དཔེ་གཞི་སྔོག་འདོན་བྱེད་པ་དང་། གྲོགས་པོའི་རོགས་་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། ལས་ཞུགས་མི་གསོའི་སློབ་་ཁྲིད་ཀྱི་སྤུས་ལེགས་བྱ་འགུལ་གསར་སྐྲུན་བྱས་ཏེ། མཐར་ཕྱིན་སློབ་མ་ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། མཁར་གྲོང་གཞི་རིམ་དང་ཁེ་ལས་ཕྲན་ཆུང་འབྲིང་གསུམ་གྱི་ལས་ཞུགས་ལས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་བྱེད་རྒྱུ་ཡིན་ཟེར། 

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནད་འགག་དུས་སྐབས་དང་གདོང་མཆོང་དུས་སྐབས་སུ། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་རུ2024ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཉིན་བརྒྱའི་གདོང་མཆོང་འགུལ་སྐྱོད་དང་ལས་ཞུགས་སྐུལ་འདེད་གཟའ་འཁོར་བྱ་འགུལ་སྤེལ་བ་དང་། མཐོ་རིམ་སློབ་གྲྭ་རྩ་འཛུགས་བྱས་ནས་ཁེ་ལས་ལ་འཚམས་འདྲི་བྱེད་པ་དང་ལས་རྐང་རྒྱ་སྐྱེད་པ་དང་། སློབ་རའི་མི་བསྡུ། སྲིད་ཇུས་དྲིལ་སྒྲོག མཁོ་འདོན་སྦྲེལ་མཐུད། མི་ཚོགས་གཙོ་བོར་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཐབས་བརྒྱ་ཇུས་སྟོང་གིས་མཐར་ཕྱིན་སློབ་མར་ལས་ཞུགས་ལས་རྐང་སྔར་ལས་མང་པོ་འདོན་སྤྲོད་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་བདེ་བླག་ངང་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཁོན་ཐར་འཚོ།