མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ནས། བདེན་སྲུང་གསར་སྐྲུན་དང་ནུས་ཤུགས་ཅི་ཡོད་བཏོན་ཏེ་མི་རིགས་ས་ཁུལ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ་དང་། མཉམ་དུ་མཛེས་སྡུག་གི་འཚོ་བ་བསྐྲུན་པར་སྐུལ་འདེད་བཏང་། ད་ལོའི་ཟླ་ལྔ་པ་ནས་བཟུང་།    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ་ཡིས་སྣེ་ཁྲིད་དེ་རྩ་འཛུགས་བྱས་པའི་རྫོང་ལྔའི་སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རུ་ཁག་སྡེ་བ(སྡེ་ཁུལ)དང་།    དགོན་པ།    སློབ་གྲྭ་སོགས་སུ་ཟབ་ཞུགས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པས་རིགས་སོ་སོའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ། 

མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་གནད་དུ་དམ་འཛིན་བྱས་ནས། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་སྐྱོང་ཁུལ་དྲུག་པོས《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཏོན་པ་དང་། རྒྱལ་ཡོངས་སུ་རིམ་པ་བཞིའི་ཏང་ཨུའི་ཧྲུའུ་ཅི་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དམ་འཛིན་དང་། དཔེ་སྟོན་ལས་ཁུངས་ཀྱི་འགུལ་རྣམ་དོ་དམ་དམ་འཛིན་སོགས་གསར་གཏོད་བྱེད་ཐབས་རབ་དང་རིམ་པ་སྔོན་ལ་བཙུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ས་གནས་སོ་སོ་དང་ལས་རིགས་སོ་སོ་རུ་ཞིབ་ཚགས་སུ་བཏང་བ་དང་གཞི་རིམ་མང་ཚོགས་ཀྱི་སེམས་སུ་སིམ་ཡོད།     སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས།“རྟ་ཐོག་སྒྲོག་འགྲེལ་ཚོགས་པ”སོགས་ཀྱི་རྣམ་པ་བརྒྱུད་དེ། བྱེད་ཐབས་སྣ་མང་བཏོན་ནས་ཏང་གི་དམངས་ཕན་སྲིད་ཇུས་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གསལ་པོར་བཤད་ནས་ཏང་གི་གསུང་སྐད་དམངས་ཀྱི་འདོད་བློ་རུ་བསྒྱུར་ཏེ།    ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱིས་མི་སེམས་སྔར་ལས་གཅིག་ཏུ་འགྲིལ་བར་བྱས་ཡོད།    མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་བཅུ་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་སྟེགས་བུ་གཙོ་བོར་བརྟེན་ནས་རིགས་སོ་སོའི་མང་ཚོགས་དང་གཞོན་ནུ་ལོ་ཆུང་།    ཕྱུག་འགྱུར་སྣེ་ཁྲིད་པ།    སྡེ་བའི་ལས་བྱེད་པ་སོགས་ཚོགས་སྤྱི་སྣ་ཚོགས་རྒྱ་ཁྱབ་ངང་རྩ་འཛུགས་བྱས་ཏེ། མཚོ་སྔོན་ནས་ཕྱིར་བསྐྱོད་པ་དང་རྒྱལ་ཡོངས་སུ་འདྲེས་ནས་རིམ་པ་མང་པོ་དང་ཁྱབ་ཁོངས་རྒྱ་ཆེ་བའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱ་འགུལ་སྤེལ།     མི་རིགས་སོ་སོའི་མཉམ་སྡོད་མཉམ་སྦྱོང་དང་།    མཉམ་སྐྲུན་མཉམ་སྤྱོད།    མཉམ་ལས་མཉམ་སྐྱིད་བཅས་ཀྱི་སྡེ་ཁུལ388གསར་གཏོད་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ།   ལྟ་རྟོག་རོགས་རམ་བཅས་བྱས་ཏེ་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་མཉམ་དུ་འབྲི་བཞིན་ཡོད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།