སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གི་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་།མཚོ་སྔོན་ཞིང་ཆེན་གྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ཞིང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚན་པ་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་སེམས་ནང་ཟུག་པ་དང་།ཕྱི་ལ་སྤྱོད་པ།ཕན་འབྲས་དངོས་ཐོན་པ་བཅས་ལ་སྐུལ་འདེད་བཏང་བ་རེད།

རྣམ་པ་མང་བའི་སྒོ་ནས་སློབ་སྦྱོང་ལ་སྐུལ་འདེད།

གཙོ་གནད་ལ་དམིགས་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གི་སློབ་གསོ་སྤེལ་བར་སློབ་སྦྱོང་ནི་རྨང་གཞི་ཡིན།སློབ་སྦྱོང་གཏིང་ཟབ་དང་སློབ་སྦྱོང་གནད་ལ་འཁེལ་བ་བྱས་ན།ད་གཟོད་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཅི་ཞིག་ཡིན་པ་གསལ་པོ་ཤེས་ཐུབ་པ་དང་།ཅི་ཞིག་སྒྲུབ་རུང་བ་དང་གང་ཞིག་སྒྲུབ་མི་རུང་བ་གསལ་པོར་ཤེས་ཐུབ།

སྡེ་ཁག་ཁག་དང་སྡེ་ཚན་ཁག་གིས་དམིགས་འབེན་དང་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་དང་།སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ།རྣམ་པ་སྣ་ཚོགས་ཀྱི་གསོ་སྦྱོང་དང་སློབ་སྦྱོང་བརྒྱུད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་ལ་ཟུག་པར་སྐུལ་འདེད་བཏང་ཡོད།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཏང་ཙུའུ་ཡིས་གཅིག་སྡུད་སློབ་སྦྱོང་དང་སྣེ་ཁྲིད་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཇི་མ་ཇི་བཞིན་དང་ལེའུ་རེ་རེ་བཞིན་སློབ་སྦྱོང་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དང“ལས་བྱེད་པས་སྒྲུབ་དགོས་པ་དང་།བསམ་ཕྱོགས་གསལ་པོ་དགོས་པ།རང་གཅུན་ནན་པོ་བྱེད་དགོས”ཞེས་པ་དེ་རང་རྟོགས་དོན་གཉེར་དང་ལས་ཀའི་རྒྱུན་རྣམ་དུ་བརྩིས་ཡོད།ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱོན་ཡོངས་ལ་ཁྱབ་པ་དང་རིམ་པ་དང་རྣམ་པ་མང་བའི་སློབ་སྦྱོང་ལ་སྣང་ཆེན་བྱས་ཏེ་གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་།ན་གཞོན་ལས་བྱེད་པ།འགག་རྩའི་ལས་གནས་ཐོག་གི་ལས་བྱེད་པ་སོགས་གཙོ་གནད་བྱ་ཡུལ་ལ་སྒྲིག་ཁྲིམས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་བུད་མེད་སྤྱི་ཚོགས་རྩ་འཛུགས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ནང་བཅུག་ནས་སྐོར་སྐྱོད་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་སྤྱད་དེ་《སྲོལ་ཡིག》སློབ་སྦྱོང་བྱས་ནས་རུལ་འགོག་འགྱུར་འགོག་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།ཞིང་ཆེན་དམངས་སྲིད་ཐིང་གིས་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རུལ་རྒོལ་གཙང་སྤེལ་གྱི་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་དེ་ས་གནས་ས་ཐོག་གི་སྲིད་གཙང་ཉེན་ཟོན་སློབ་གསོ་དང་ལེན་བྱས་པ་དང་འབྲེལ་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་ནས་ཏང་ཡོན་ལས་བྱེད་པར་ཉེན་བརྡ་ཐེབས་པ་དང་།མཐའ་ཚད་གསལ་པོ་ཤེས་པ།གུས་ཤིང་སྐྲག་པ་ཤེས་པ་བཅས་བྱས་པ་རེད།

ཞིང་ཆེན་ལུས་རྩལ་ཅུས་ཀྱིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་།《སྲོལ་ཡིག》དང་རྐང་རྩེད་སྤོ་ལོའི་ཁྱབ་ཁོངས་ཀྱི་རུལ་སུངས་གྱོད་གཞིའི་ཉེན་བརྡ་གྲོས་བསྡུར་སོགས་ཀྱི་རྣམ་པ་བརྒྱུད《སྲོལ་ཡིག》གི་གཞི་རྩའི་ནང་དོན་དང་།དོན་སྙིང་སྙིང་བཅུད།གཏན་འབེབས་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་སློབ་གསོ་དང་བསམ་པའི་ཉམས་སད་ཐེངས་ཤིག་དང་ལེན་བྱས་ཡོད།ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་ཇི་མ་ཇི་བཞིན་སློབ་སྦྱོང་དང་ཡིག་འབྲུ་རེ་རེ་བཞིན་དུ《སྲོལ་ཡིག》སློབ་སྦྱོང་བྱེད་པ་ནས་འགོ་བཙུགས་ཏེ་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཐོག་ནས་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་དང་།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་སྲུང་བ།སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།ཞིང་ཆེན་ཚན་རྩལ་ཐིང་གིས་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་བརྒྱུད《སྲོལ་ཡིག》ལ་ཕྱོགས་ཡོངས་ནས་ཟུར་ཁྲིད་དང་གསལ་འགྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་ཇི་ལྟར་བྱ་རྒྱུའི་ཐད་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་།དཔེ་དངོས་གསལ་འགྲེལ་བྱས་པ་བརྒྱུད་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཡོ་བསྲང་གི་གཏམ་སྤྱོད་དང་རང་ཟོན་རང་གཅུན་གྱི་སྦྱོང་བརྡར་ཞིག་དང་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

ཐབས་མང་གཏིང་ཟབ།

ཤེས་བྱ་སྤྱོད་མཚམས་འཇོག་དང་སྤྱོད་བཟང་དར་སྤེལ།

སྒྲིག་ཁྲིམས་སློབ་སྦྱོང་བྱ་རྒྱུ་ནི་སྒྲིག་ཁྲིམས་ཤེས་པའི་རྨང་གཞི་ཡིན་པ་དང་།སྒྲིག་ཁྲིམས་གསལ་པོ་ཡོང་བ་བྱ་རྒྱུ་ནི་སྒྲིག་ཁྲིམས་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

སྡེ་ཚན་ཁག་དང་ཚན་པ་ཁག་གིས“བདེན་པ”ཐད་འབད་བརྩོན་བྱས་ཏེ“ནན་པོའི”ཐད་ལས་ཀ་བྱེད་པ་དང་།“ཏན་ཏིག”ཐད་ནུས་ཤུགས་ཡོད་རྒུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་སྦྱོང་བརྡར་དང་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

ཟི་ལིང་འགག་སྒོས“ལྟེ་བའི་ཚོགས་ཆུང་+དཔེ་ཀློག་འཛིན་གྲྭ་+ཏང་ཀྲི་པུའུ་+གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང”བཅས་ཀྱི་མཉམ་སྦྱོང་མ་ལག་བཙུགས་པ་བརྒྱུད་ཏང་སྒྲིག་སློབ་སྦྱོང་སློབ་གསོ་དང་ཏང་གཤིས་སློབ་གསོ་དང་།གསང་སྲུང་སློབ་གསོ།སློབ་སྦྱོང་བཅས་ཀྱི་བྱེད་སྒོ་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ་འབྲེལ་ཡོད་མི་སྣའི་ཆབ་སྲིད་དང་།སྒྲིག་ལམ།གསང་སྲུང་།རྒྱལ་སྲུང་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།ཞིང་ཆེན་སློབ་གསོ་ཐིང་གིས་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་སྒྲིག་སློབ་སྦྱོང་སློབ་གསོའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་ནོར་དོན་དོ་དམ་དང་།གཞུང་འཁོར་བེད་སྤྱོད།དཔྱད་ཞིབ་དཔྱད་བསྡུར་སོགས་ཐད་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་གཅིག་གྱུར་ཚད་ལྡན་གྱི་གནད་དོན་སྒྲིག་འཛུགས་དང་གསེད་བཀྲོལ་བྱས་ཏེ་ཕྱོགས་ཁག་གི་བཅོས་སྒྲིག་དེ“རྩ་བ་བཅོས་པའི”ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་།ལམ་ལུགས་ལ་བརྟེན་ནས་བྱ་བ་སྒྲུབ་པ།ལམ་ལུགས་ལ་བརྟེན་ནས་མི་དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བྱ་རྒྱུ་རེད།

ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་།ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ།ལོ་འཁོར་གྱི་གཙོ་གནད་ལས་དོན་ལེགས་སྒྲུབ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྡེ་ཚན་དེ་ག་དང་ཚན་པ་དེ་ག་དང་དེ་བཞིན་རིམ་ཁག་ལས་བྱེད་པས་སྒྲིག་ཁྲིམས་སློབ་གསོ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་ཐད་ལྷག་པའི་མི་འདང་ས་དང་གནད་དོན་ལ་ཞིབ་བཤེར་བྱས་ཏེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྒྲིག་ཁྲིམས་ཀྱི་འགན་ལེན་ཆེན་པོ་བྱས་ཡོད།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་བརྒྱུད་ཏང་ཡོན་ལས་བྱེད་པས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ་དང་།ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་ཞིང་ཁར་གཏིང་ཟབ་ཏུ་གཏོང་བ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་།གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད།གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས།

བྱེད་ཐབས་སྣ་མང་སྤྱད་དེ་ལས་དོན་ལ་སྐུལ་འདེད་གཏོང་བ།

སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས་ལག་ལེན་དངོས་ལ་བལྟ་དགོས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ན།“སྒྲུབ་པ་”ནི་སྲོག་ཤིང་ཡིན་ཞིང་།སློབ་སྦྱོང་དང་ལས་ཀ་ཟུང་འབྲེལ་དམ་ཟབ་དང་།སྒྲིག་བརྩི་ཁྲིམས་སྲུང་དང་ལེགས་སྒྲུབ་གཉིས་གཅིག་གྱུར་བྱས་ན།གཞི་ནས་ཏང་ཡོན་ལས་བྱེད་པར་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་འཕེལ་རྒྱས་དམ་འཛིན་དང་བྱ་གཞག་སྒྲུབ་པར་ཁྲིད་སྟོན་བྱེད་ཐུབ་པ་དང་།སེམས་ནུས་གཅིག་སྒྲིལ་གྱིས་བྱས་རྗེས་གསར་པ་འཇོག་པའི་མཉམ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་དགོས།

སྡེ་ཁག་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་།སྡེ་ཁག་དེ་ག་དང་སྡེ་ཚན་དེ་གའི་གཙོ་གནད་ལས་དོན་ལེགས་འགྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་མཉམ་དུ་ཞིབ་འཇུག་འཆར་ཟིན་བཀོད་པ་དང་འབྲེལ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུས་ནས《སྣོད་བཅུད་ཁོར་ཡུག་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས་ཏེ་ཕྱོགས་ཡོངས་དང་།ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར་དམ་འཛིན་ནན་པོ་དང་།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་སོགས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་འགན་ལེན་ཏན་ཏིག་བྱ་དགོས།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་མཚོ་སྔོན་པོའི་སྣོད་བཅུད་སྲུང་སྐྱོང་དང་།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་པ་སོགས་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཡོངས་སྲུང་སྐྱོང་དང་།བརྒྱུད་རིམ་ལྡན་པའི་ཉམས་གསོ།ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱ་ཐབས་གཏིང་ཟབ་དང་ཇུས་འགོད་ཞིབ་ཚགས་བྱས་ནས་མཚོ་སྔོན་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།

ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་ཁོག་སྙོམས་སྒྲིག་དང་།རྣམ་གྲངས་མ་འཇོགཐོན་ལས་འཕེལ་རྒྱས།ཚོང་གཉེར་ཁོར་ཡུགགྲོང་གསེབ་དར་རྒྱས།དམངས་འཚོ་ལེགས་གཏོང་།ནུས་རྒྱུ་གཙང་མ།ལྗང་མདོག་རྩིས་རྒྱག་ནུས་པ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱེད་ཐབས་ཚང་མ་འཕེལ་རྒྱས་དང་སྒྱུར་བཅོས་ལྟེ་གནས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བ་བྱས་ཡོད།ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཐབས་ཇུས་དང་།ཞིབ་བཤེར་ཆོག་མཆན་སྤྲོད་པ།འོས་སྐུལ་འོས་དཔོད།མ་དངུལ་དོ་དམ།ཞིབ་བཤེར་རྩིས་ལེན་བསྡོམས་རྩིས་སོགས་ཀྱི་ལྷུ་ཚིགས་ནང་བཅུག་ནས་བརྒྱུད་རིམ་ཧྲིལ་པོ་དང་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མང་ཚོགས་ཀྱི“སེམས་ཁྲལ་དཀའ་བའི”གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གི“གནས་ཚུལ་དངོས་ལ་རྟོགས་ཞིབ”དང་།དྲིལ་བསྒྲགས་ཁྲིད་སྟོན།གཤམ་སྐྱོད་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་དཀའ་གནད་སེལ་བ།ཞབས་ཞུ་ཉམས་ལེན་བྱེད་པ།“ནང་དུ་གདན་འདྲེན་ཞུ”སྲིད་ཇུས་ཁྱིམ་དུ་བསྐྱོད་ནས་“སྒོ་སྐྱེལ་”སོགས་ཀྱི་རྣམ་པ་སྤྱད་དེ“མི་དང་སྤྱི་ཚོགས་ཞབས་ཞུ་ཁྱིམ་ཚང་ཁྲི་ལ་ཁྱབ་གདལ་གཏོང་བའི”བྱེད་སྒོ་གཏིང་ཟབ་སྤེལ་ཡོད།“སྲིད་ཇུས་ཀྱིས་མི་འཚོལ་བ་དང་སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བ”བརྒྱུད་ཁེ་ལས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་ཁག་གང་ལེགས་སྤྱོད་རྒྱུའི་ཁྲིད་སྟོན་བྱས་ཡོད།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་དང་སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་བྱས་པ་དང་།ས་ཆ་དང་གཏེར་རྫས་ཞིབ་མཆན་འགོད་པ་དང་།རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད།སྣོད་བཅུད་སྲུང་སྐྱོང་ཉམས་གསོ།ས་གཤིས་གནོད་འཚེ་འགོག་བཅོས།

(སྨྱུག་འཛིན་པ།ཧོ་རྨིན། ཀྲེང་སི་ཀྲི། ཟུར་ཞུགས་པ།ཝང་ཧྥེ་ཧྥེ། ཁྲེན་ཁྲེན།ཀུའོ་ལིའང་།ཝང་ཀྲིན། ཝང་ཡུས་ལི། ཡེ་ཝུན་ཅོན།ཉི་ཞའོ་ཡིང་།)

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།