མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་གཟོའི་མདུན་བསྐྱོད་དང་འབད་འབུངས་དངོས་སྒྲུབ་ཀྱི་ལེའུ་གསར་པ་རྩོམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

——རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་མཚོ་སྔོན་དུ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་མཚོ་སྔོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་ལ་ནན་ཏན་ངང་ཉན་པ་དང་གཟིགས་པ་རེད།ཡོངས་བསྒྲགས་ཚོགས་འདུའི་ཐོག་གྲངས་གཞི་ཞིབ་ཚགས་དང་།གྲུབ་འབྲས་ཏན་ཏིག་རེ་རེ།སྐད་ཆ་ཚིག་རེ་རེ་བཅས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།ཚང་མས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་འཆར་གཞི་བརྒྱུད་འབད་འབུངས་མདུན་སྐྱོད་བྱས་ཏེ་ལག་གདང་སྦྲེལ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་བརྩམས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ཡག་པོ་བྱེད་པ།

“ང་ཚོས‘ཀྲུང་ཧྭའི་ཆུ་མཛོད’གིས་མི་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད”

མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་སྦགས་བཙོག་དངོས་པོ་ཕྱིར་འབུད་སྤྱི་འབོར་ཚོད་འཛིན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཆན་ཆིང་ཅུན་གྱིས“མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ང་ཚོར་སྤོབས་པ་ཆེན་པོ་སྐྱེ་གི་འདུགའཕེལ་རྒྱས་ཀྱི་ལམ་བུས་མི་སེམས་ལ་སྐུལ་ལྕག་ཐེབས་ཀྱི་ཡོད།ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས‘ལས་བྱེད་པས་སྒྲུབ་དགོས་པ་དང་།བསམ་ཕྱོགས་གསལ་པོ་བཟོ་བ།རང་གཅུན་ནན་པོ་བྱེད་དགོས’བཅས་ཀྱི་བླང་བྱ་ལག་ལེན་ནན་ཏན་བསྟར་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱས་ཏེ་གཅིག་སྡུད་འགག་སྒྲོལ་དང་།གནད་དོན་དག་ཐེར་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་མཉམ་དུ་དམ་འཛིན་དང་།    ཞབས་ཞུ་ཁྲིད་སྟོན་དང་ཁྲིམས་ལྟར་ཚོད་འཛིན་མཉམ་དུ་བྱས་ཏེ།    སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་།    གཙང་གསུམ་ཆུ་འགོའི་སྲུང་སྐྱོབ།    ཀྲུང་ཧྭའི་ཆུ་མཆོད་རྟེན་སྲུང་སྐྱོང་བཅས་ཀྱི་ལས་འགན་གལ་ཆེན་ཏན་ཏིག་འཁུར་དགོས།     ”

“གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གཏོད་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་མངོན་པར་བྱས་ཡོད”མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཏིང་ཧའོ་རན་གྱིས་མཚོ་ལྷོ་ཁུལ་གྱིས་སྣོད་བཅུད་སྲུང་ཡོལ་བརྟན་པོ་བཟོ་བ་དང་།སྦགས་བཙོག་འགོག་བཅོས་དོན་འཁྱོལ།སྣོད་བཅུད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ“རྒྱལ་ཁབ་ཀྱི་དོན་ཆེན་པ”བློ་ལ་བརྟན་པོར་ངེས་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན།ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་ཐོན་ཁུངས་བེད་སྤྱོད་ལས་ཆོད་ཆེ་རུ་གཏོང་བ་བརྒྱུད་ཀྲོའུ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཏུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས།    

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་མ་ཡེ་ལ་ཡིས“ཡོངས་བསྒྲགས་ཚོགས་འདུའི་ཐོག་གཙོད་སྲུང་སྐྱོང་གི་ཕན་འབྲས་བཏོན་པས་ང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་།མཚོ་བྱང་ཁུལ་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་མཐོངས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་།རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་གསར་པ་འཛུགས་པ།རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ནུས་པ་ཆེ་རུ་གཏོང་བ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཀྲོའུ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།     ང་ཚོས་མུ་མཐུད་འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོན་པོ་ལྡན་པའི་མདོ་ལན་རི་བོ་དང་མཚོ་སྔོན་མཚེའུ‘རྒྱལ་ཁབ་སྤྱི་གླིང་གཉིས་པའི’དཔེ་སྟོན་ཀྲོའུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱ་རྒྱུ་ཡིན།     ”

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་བསམ་གྲུབ་ཀྱིས་ཡོངས་བསྒྲགས་ཚོགས་འདུར་གཟིགས་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད།ཁོང་གིས“ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང‘སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་ཁོར་ཡུག་དེ་དམངས་འཚོའི་བདེ་སྐྱིད་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་དང་སྣོད་བཅུད་བདེ་འཇགས་ཀྱི་ལོ་རྒྱུས་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ‘སྣོད་བཅུད་ལ་བརྟེན་ནས་ཁུལ་ལྗང་མདོག་དར་འཕེལ’གྱི་བློ་སྟོབས་ལ་བརྟེན་ནས་འབྱུང་རྩའི་འགན་འཁྲི་འཁུར་བ་དང་།བློ་བརྟན་འགྱུར་མེད་ངང‘ཀྲུང་ཧྭའི་ཆུ་མཛོད’སྲུང་མཁན་ཡག་པོ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད།

“ཡོངས་བསྒྲགས་ཚོགས་འདུའི་ཐོག་སྣོད་བཅུད་གྲུབ་འབྲས་ལ་ང་ལ་མྱོང་ཚོར་ཟབ་མོ་བྱུང”མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་འགག་གྲོང་རྡལ་སྟོང་རྩེ་གྲོང་ཚོའི་གྲོང་མི་དབྱི་པའོ་ཡིས“ངའི་ཕ་ཡུལ་སྔར་བས་མཛེས་སུ་ཕྱིན་པ་མ་ཟད།རི་སྐྱེས་སྲོག་ཆགས་ཀྱང་ཐོན་མང་དུ་ཕྱིན་ཡོད།འདི་ལོའི་ཟླ་3པར་ངས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་དབྱི་ཞིག་རྙེད་པ་མ་ཟད།ད་དུང་བརྙན་ལམ་ཡང་པར་ལེན་ཐུབ་སོང”ཞེས་བཤད།

ཡིད་ཆེས་བརྟན་དུ་བཏང་ནས་ལྗང་མདོག་ཐཱན་ཉུང་གི་དེང་རབས་ཐོན་ལས་མ་ལག་གཏོད་དགོས།

“སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ང་ཚོས་ཐོག་མཐའ་བར་གསུམ་དུ་བྱེད་རིན་ཡོད་མེད་ལ་བལྟ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་ས་མཐོའི་ཐོན་ཁུངས་ནུས་རྒྱུའི་ལེགས་ཆ་དང་ལེགས་ཆ་དེ་སྤུས་ལེགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་རྒྱུར་གཞི་ཚུགས་ནས་ཐོན་ལས་ཀྱི‘ས་ཁུལ་བཞི’ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན”།

“ཡོངས་བསྒྲགས་ཚོགས་འདུ་ནི་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པ་ཞིག་ཡིན་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་ཞིག་ཀྱང་རེད”ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་ལི་ཧྲེ་ཀྲང་གིས་ང་ཚོས་སྤུས་ལེགས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་སྟངས་འཛིན་ནན་པོ་བྱས་ཏེ‘ལས་བྱེད་པས་སྒྲུབ་པ་དང་།བསམ་ཕྱོགས་གསལ་བ།རང་གཅུན་ནན་པོ་བཅས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་ཚྭ་མཚེའུ་ཐོན་ལས་དང་།ནུས་རྒྱུ་གཙང་མ།སྣོད་བཅུད་ཡུལ་སྐོར།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཅས་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ལྗང་མདོག་རྩིས་ཤུགས་སྣེ་ཁྲིད་དུ་འཛིན་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ས་མཐོའི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་བསྒྱུར་དགོས།    

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་བཟོ་ལས་ནུས་རྒྱུ་གྲོན་ཆུང་དང་ཕྱོགས་བསྡུས་བེད་སྤྱོད་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཁུལ་ཡན་གྱིས“ཉེ་བའི་ལོ་ཤས་རིང་ང་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ་སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཁོར་ཡུག་མཛའ་མཐུན་ཅན་གྱི་ཁྱད་ལྡན་གསར་དར་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ‘བཅུ་བཞི་ལྔ’བཟོ་ལས་ནུས་རྒྱུ་ཟད་གྲོན་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱ་དགོས། སླད་ཕྱིན་ང་ཚོས་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་།    རིག་ནུས་ཅན།    ལྗང་མདོག་ཅན་བཅས་སུ་འགྱུར་བ་བྱ་རྒྱུ་གཙོ་བོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་།    བྱེད་ཐབས་མང་པོ་སྤྱད་དེ་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཚན་རྩལ་འདུས་ཚད་མཐོ་བ་དང་།    དཔལ་འབྱོར་ཕན་འབྲས་བཟང་བ།    ཐོན་ཁུངས་ཟད་གྲོན་ཆུང་བ།    ཁོར་ཡུག་སྦགས་བཙོག་ཉུང་བ་བཅས་ཀྱི་བཟོ་ལས་ཅན་གྱི་ལམ་བུ་གསར་པ་ཞིག་འབད་བརྩོན་བྱ་རྒྱུ་ཡིན།     ”

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་ལ་གཅིག་སྡུད་ཐོག་བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས་ཤིང་།ཚང་མས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་དང“ལྟེ་བ་གཅིག་དང་རྒྱུད་མང་བའི”སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དམ་པོར་དམིགས་ནས་མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དང་།སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ།ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལེགས་ཆ་བཅས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་སྣོད་བཅུད་སྔོན་ལ་འཇོག་པའི་སྣོད་བཅུད་ཡུལ་སྐོར་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ“རི་རྫོང་གི་ཆུ་ཁུངས་མཛེས་སྡུག་ལྡན་པའི་མཚོ་སྔོན”སྤུས་རྟགས་ཀྱི་གཟུགས་བརྙན་དེ་བས་མངོན་པར་བྱ་རྒྱུ་ཡིན་ཞེས།

“ཡོངས་བསྒྲགས་ཚོགས་འདུས་ང་ཚོའི་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་ཕྱིན་ཡོད”ཐང་ཆེན་པོ་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧན་ཧུང་ཁུལ་གྱིས“ཐང་ཆེན་མཚོ་སྔོན་ཀུང་སི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་པ་དང་སྐྲུན་བཞིན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་ནི་བཙུགས་མ་ཐག་པའི་ལྡབ་6.25ཡིན་པ་དང་།མཚོ་ནུབ་དང་ཧའེ་ནན་གྱི་ཆན་ཝ་ཁྲི་བརྒྱ་ཟིན་པའི་ནུས་རྒྱུ་གསར་པའི་རྟེན་གཞི་གཉིས་བསྐྲུན་ནས་ཐང་ཆེན་ཚོགས་པས་རྐྱང་པའི་འོད་ཤུགས་རྟེན་གཞིའི་རྣམ་གྲངས་ཆེ་ཤོས་བསྐྲུན་རྒྱུ་ཡིན”ཞེས་བཤད།

ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཐར་གྲོང་རྡལ་ཀྲུའོ་ཁྲེན་བཟའ་བཅའི་ཤ་མོའི་རྟེན་གཞིར་ལས་མི་མཱ་ཀྲན་མིང་གིས“འདི་ལོའི་རླམ་རྩྭ་ཕོ་སུལ་འཐུ་བའི་དུས་ཚིགས་སུ་ཉིན་ལྟར་པེ་ཅིང་དང་།ཧྲེན་ཀྲེན།ཅང་སུའུ་སོགས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སོས་པའི་མངགས་ཐོ་འབྱོར་གྱི་ཡོད།ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ལ་ཚད་བརྒལ་གསར་པ་བྱུང་བ་དང་མཆོང་སྐྱོད་གསར་པ་བྱུང་ཡོད་ལ་ང་ཚོའི་ཞིང་པ་གསར་པའི་འབད་བརྩོན་ཡང་བྱུང་ཡོད”ཅེས་སྤོབས་པ་ཆེན་པོས་བཤད།

མཐུན་སྒྲིལ་ཡར་བརྩོན་གྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ།

“ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚང་མ་དང་རྫོང་933%ཚང་མར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་ཡོད།མི་རིགས་ཁག་གི་མང་ཚོགས་ཚོས་ཕན་ཚུན་རོགས་རེས་དང་འཆམ་མཐུན་མཉམ་གནས་བྱས་ནས་རྡོ་འབྲུ་བཞིན་དུ་ཕན་ཚུན་དམ་པོར་འཐམས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན”།

“མཚོ་སྔོན་གྱི་འཕེལ་རྒྱས་ལ་དཔང་པོ་བྱེད་པ་དང་དེའི་ནང་ཞུགས་པ་མ་ཟད།ཕན་པ་ཐོབ་པས་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་ཡོད”ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲེང་དབྱང་གིས“ཉེ་བའི་ལོ་ཤས་རིང་།གྲོང་ཤར་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་དམིགས་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཙོ་རྐང་སྟངས་འཛིན་ནན་པོ་བྱས་ཏེ་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བཏོད་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀ་གཉིས་སྐུལ་གཉིས་མཉམ་འདྲེས་ཡོང་བ་བྱ་དགོས།     ང་ཚོས་ཕྱོགས་མང་མཉམ་འགུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་ལས་དོན་གྱི་ལེའུ་གསར་པ་ཡག་པོ་འབྲི་རྒྱུ་ཡིན།     ”

མཚོ་ཤར་གྲོང་ཁྱེར་དུས་བདེའི་ཆུས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཅང་ཧའེ་ལུང་གིས“ཡོངས་བསྒྲགས་ཚོགས་འདུས་ང་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།དུས་བདེ་ཆུས་ཀྱིས‘ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཟུང་དུ་འབྲེལ་བའི’སྤུས་རྟགས་ཧུར་ཐག་བཏོད་དེ་ལྗོངས་ཡོངས་ཀྱི་ད་ཡོད་ཀྱི་དཔེ་སྟོན་ས་ཚིགས་སྣ་ཚོགས་བསྡུ་སྒྲིལ་དང་ལེགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཉམས་ལེན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།‘མི་རིགས་མཐུན་སྒྲིལ་དང་ཏང་འཛུགས་སྐྱོང་དང་།    རིག་གནས་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་ཉམས་ལེན་ལམ་ཐིག་གསར་སྤེལ་བྱས་ཏེ་ཁྱབ་ཁོངས་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་སློབ་གསོའི་དྲ་རྒྱ་འཛུགས་དགོས།     ”

“ང་ཚོའི་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་རེད།སླད་ཕྱིན་ང་ཚོས་སྔར་བཞིན་ཏང་འཛུགས་སྐྱོང་གི་ལེགས་ཆར་བརྟེན་ནས་ལས་སྟེགས་ཡག་པོ་བསྐྲུན་པ་དང་།ཁྲིད་སྟོན་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འབྲེལ་ཡོད་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཞིང་ཆེན་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཅེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོང་བོ་གྲོང་རྡལ་རེབ་གོང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ལི་ཡན་ལིང་གིས་བཤད།སྡེ་ཁུལ་གྱི་གྲོང་མི་ཚེ་རིང་རྒྱལ་གྱིས“སྡེ་ཁུལ་དུ་ཏང་འཛུགས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དམངས་ཁྲོད་དུ་དངོས་འབྲེལ་སེམས་སྦྲེལ་གྱི་ཟམ་པ་ཞིག་བསྐྲུན་ཡོད།ད་ཆ་ཁྱིམ་མཚེས་དབར་འཆམ་མཐུན་དང་།འཚོ་བ་འཆམ་མཐུན་ཡིན་པ།མཐུན་སྒྲིལ་རོགས་རེས།ཐུན་མོང་འཕེལ་རྒྱས་བཅས་ཀྱི་དུས་རབས་ཀྱི་དར་སྲོལ་ཞིག་ཏུ་གྱུར་ཡོད”ཅེས་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་རྨ་ཆུའི་ལམ་ལྷོ་སྡེ་ཁུལ་གྱི་རིག་གནས་བར་ཁྱམས་ནང་སྡེ་ཁུལ་གྱི་གྲོང་མིས་མཉམ་དུ་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་ལ་བལྟས་པ་རེད།སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཅི་ཧུའེ་ལིན་གྱིས་སྡེ་ཁུལ་གྱི་ལས་དོན་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་དང་པོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་རྡོ་གནོན་ལྟ་བུ་ཞིག་ཡིན་པས་ང་ཚོས་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཆ་འཕྲིན་མཉམ་འགུལ་དང་།མི་སྣ་མཉམ་འགུལ།འབྲེལ་མཐུད་གསབ་རེས།ཧེ་བག་ལ་བརྩི་འཇོགསྣ་མང་ཁོང་ཡངས་བཅས་ཀྱི་ལས་སྟེགས་ཤིག་མུ་མཐུད་བཏོད་དེ་མཐའ་འཁོར་མང་ཚོགས་ལ་ཞི་མཐུན་གྱི་མི་རིགས་ཁྱིམ་ཚང་གཅིག་ལྟ་བུའི་རྣམ་པ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

(གསར་འགོད་པ། ཅ་ཧུང་། སྨྱུག་འཛིན་པ།ཝང་ཧྥེ་ཧྥེ།ཧོ་རྨིན།ཉི་ཞའོ་ཡིང་།ཁྲེན་ཅུན།ལི་ཆིན་ལིན།ཀྲང་ཧུང་ཞུས།དབྱི་ཡའོ་ཙེང་།ལི་ཡུང་པོ།ཁྲེང་ཉུག་ཉིན། འཕྲིན་གཏོང་པ། ལུའོ་ཁྲུན་ཉི། ཆི་ཞའོ་ཚའེ།ཀྲའོ་ཆང་བཅས་ཀྱིས་རྒྱུ་ཆ་འདོན་སྤྲོད་བྱས།)

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།