གཅིག་སྒྲིལ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་བྲིས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། གཅིག་སྒྲིལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ཐུན་མོང་ངོས་འཛིན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་ནས་རང་འགུལ་གྱིས་འགན་འཁུར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱག་པ། རྫོང་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྤང་ཤུན་ཁེབས་ཚད་འཕར་སྣོན་བྱུང་བ། སྐྱེ་ཁམས་ཀྱི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་མུ་མཐུད་དུ་ཆེ་རུ་གཏོང་བཅས་བྱས་པས། སྐྱེ་ཁམས་ཁོར་ཡུག་ལ་རྣམ་པ་གསར་པ་མངོན་ཡོད།

མཐོ་རིམ་འཆར་འགོད་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁུར་དུ་བླངས་པ། “ས་སྲུང་འགན་འཁྲི་ཡོད་པ་དང་། ས་སྲུང་འགན་འཁྲི་གཙང་ལེན་བྱེད་པ། འགན་འཛོལ་བྱུང་ན་འགན་འཁྲི་རྩད་གཅོད་བྱེད་པ”བཅས་ཀྱི་འགན་འཁྲིའི་འབྲེལ་ཐག་ཧུར་ཐག་གིས་བཏོད་ནས།གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཐིག་གསུམ་དང་ཐོ་གཅིག”གི་ཆོག་འཐུས་རྩིས་ཐོདངགཅིག་སྒྲིལ་རྫོང་གི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་འཁྲིའི་རྩིས་ཐོ》《གཅིག་སྒྲིལ་རྫོང་གིས་ཆུ(མཚེའུ)དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བའི་བྱ་བའི་ཇུས་གཞིསོགས་ཀྱི་ལམ་ལུགས་ཇུས་གཞི་བཏོན་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།“རྫོང་དང་ཞང་། སྡེ་བ། སྡེ་ཁུལ”བཅས་ཀྱི་རིམ་པ་བཞིའི་ནགས་དང་རྩྭའི་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བཙུགས་ནས། ཏང་ཨུས་མགོ་ཁྲིད་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་མཉམ་འཁུར་བྱེད་པ། ཁོངས་གཏོགས་ས་ཁུལ་གྱིས་འགན་འཁུར་བ། སྡེ་ཁག་སོ་སོས་མཉམ་དུ་དོ་དམ་བྱེད་པ། ངེས་གཏན་གྱི་ས་ཁོངས་ཡོངས་ལ་ཁྱབ་པ། འབྱུང་ཁུངས་བཅོས་སྐྱོང་བྱེད་པ་བཅས་ཀྱི་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཡུན་ཕན་ནང་རྐྱེན་ཆགས་པར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས། 

དམིགས་འབེན་དང་ལས་འགན་ལ་ཤུགས་སྣོན་པའི་བྱེད་ཐབས་དམ་དུ་བཟུང་སྟེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་ཁུར་ཆེན་སྤོབས་པས་འདེགས་དགོས། རྫོང་ཡོངས་ཀྱི་ལས་ཁུངས་སྡེ་ཁག་དང་ཁག་གི་ལས་བྱེད་པ་དང་སློབ་མ། དང་བླངས་པ་བཅས་མི300ལྷག2024ལོའི་རྒྱལ་ཁོངས་ལྗང་བསྒྱུར་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་པའི་རྩ་འཛུགས་ཞིབ་ཚགས་བྱས་ནས། རྒྱ་ཆེའི་ལས་བྱེད་པའི“ལྗང་བསྐྱེད་ལྗང་དར་ལྗང་སྲུང”གི་སྐྱེ་ཁམས་འདུ་ཤེས་སྔར་བས་ཆེ་རུ་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ནང་དུ་རང་འགུལ་གྱིས་ཞུགས་ཏེ།“ལྔ་བཅུ་བཞི”དུས་སྐབས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒྲིག་སྲོལ(2021ལོ་ནས2025ལོའི་བར)》བཟོས་ནས་ལས་གཞི38གསོག་འཇོག་བྱས་པ་དང་། ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར13བཏང་ནས། རྒྱལ་ཁོངས་ཀྱི་བར་མཐོངས་འཆར་འགོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད།“ལྔ་བཅུ་བཞིའི”ཚུན་དུ། རིམ་རྩིས་བྱས་ན་སྒོར་ཁྲི2163.12བཏང་ནས་མིས་བཟོས་ནགས་མུའུ་ཁྲི1.98དང་། རི་བཀག་ནགས་གསོ་མུའུ་ཁྲི6། ནགས་ཚལ་གསོ་སྐྱོང་མུའུ་ཁྲི0.3བཅས་ལེགས་གྲུབ་བྱུང་བ་དང་། གྲོང་གསེབ་དང་གྲོང་སྡེ་ཡི་ལྗང་བསྒྱུར་བཟོ་འགོད3ལག་བསྟར་བྱས་ཏེ། སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་མངོན་གསལ་དོད་པོར་ཆགས་ཡོད།

ལམ་སྲོལ་གསར་གཏོད་དང་སྤུས་ཚད་མཐོ་རུ་བཏང་སྟེ་སྐྱེ་ཁམས་ཉམས་གསོའི“སྲོག་རྩ”སྲུང་དགོས།“ལྔ་བཅུ་བཞིའི”ཚུན་དུ། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གཙོ་གནད་ས་ཁོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་ཀྲུང་དབྱང་ནོར་སྲིད་མ་དངུལ་གྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་སོགས་ཀྱི་ལས་གཞི་བསྟུད་མར་ལག་བསྟར་བྱས་པ་དང་རིམ་རྩིས་ཀྱིས་སྒོར་དུང་ཕྱུར1.2བཏང་ནས། རྩྭ་ཐང་ཉམས་ཞན་གྱི་རི་ལྡེབས་མུའུ་ཁྲི2.5བཅོས་སྐྱོང་དང་། རྩྭ་ཐང་ཉམས་ཞན་གྱི་གྲམ་ཐང་མུའུ་ཁྲི3བཅོས་སྐྱོང་། ཞན་འགྱུར་བྱུང་བའི་རྩྭ་ཐང་མུའུ་ཁྲི9གསབ་འདེབས། ཉམས་ཞན་རྩྭ་ཐང་མུའུ་ཁྲི30ལེགས་སུ་གཏོང་བ། མིས་བཟོས་རྩྭ་མུའུ་ཁྲི8.98འདེབས་པ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་མུའུ་ཁྲི248སྔོན་འགོག་ཚོད་འཛིན་བཅས་བྱས་ཡོད། རྫོང་ཡོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་འཁོར་རྒྱུག་བཟང་པོ་ཡོང་བ་དང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་རིམ་བཞིན་ལེགས་སུ་ཕྱིན་ཡོད།

ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་པ་དང་ཞིབ་བཤེར་དང་རྡུང་རྡེག་ནན་པོ་བཏང་སྟེ་ཁོར་ཡུག་ཁྲིམས་འཛིན་གྱི“རྣོ་གྲི”མངོན་པར་བྱས་ཡོད།“ཁོར་སྲུང་སྐུ་སྲུང་པའི”འདུ་ཤེས་བརྟན་པོར་བཙུགས་ནས། ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། རྫོང་ནང་གི་སྨན་བཅོས་ཟོག་རོ་དང་འགྱེད་འཕྲོ་སྒྲིག་ཆས་སྤྱོད་མཁན་ལས་ཁུངས་ཀྱི་སྨན་བཅོས་ཟོག་རོ་བརྒྱུད་འདྲེན་དང་། སྨན་བཅོས་ཆུ་སྙིགས་གཙང་སེལ་མ་ལག་འཁོར་སྐྱོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དུས་བཀག་ལྟར་ཞིབ་བཤེར་བྱས་ཏེ། 《2023ལོའི་ཁུལ་ཡོངས་ཀྱི་འགྱེད་འཕྲོ་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱ་བའི་ཇུས་གཞིགཞིར་བཟུང་བ་དང་། རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འགྱེད་འཕྲོའི་འབྱུང་ཁུངས་སྒྲིག་ཆས་སོགས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ། འགྱེད་འཕྲོ་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་སྔོན་འགོག་བྱས་ཡོད། །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།