མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་བཅོས་དོ་དམ་ཅུའུ་ཡིས་མཉམ་འབྲེལ་ཐོག“2022ལོ་ནས2023ལོའི་བར་གྱི‘གཞུང་གཉེར་སྨན་བཅོས་ལས་ཁུངས་ཀྱི་དཔལ་འབྱོར་དོ་དམ་ལོའི’བྱེད་སྒོ་ལས་ཕུལ་བྱུང་ལས་ཁུངས”ཡོངས་བསྒྲགས་བྱས་ཤིང་། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་བཅས་ཀྲུང་ལུགས་གསོ་རིག་སྨན་ཁང་གསུམ་བདམས་ཐོན་བྱུང་ནས་གཟི་བརྗིད་མཚན་སྙན་གནང་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་ཀྲུང་བོད་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་དཔལ་འབྱོར་གཉེར་སྐྱོང་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ནས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་སྨན་ཁང་སྤུས་ལེགས་འཕེལ་རྒྱས་ལ་ནུས་པ་དང་རོགས་རམ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“གཞུང་གཉེར་སྨན་བཅོས་ལས་ཁུངས་ཀྱི་དཔལ་འབྱོར་དོ་དམ་ལོའི”བྱེད་སྒོ་གོ་སྐབས་སུ་བྱས་ནས། རིམ་པ་སོ་སོའི་ཀྲུང་བོད་སྨན་བཅོས་ལས་ཁུངས་ལ་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ལམ་ལུགས་འཛུགས་པར་ཁྲིད་སྟོན་བྱས་ཏེ། 2021ལོ་ནས་བཟུང་དུས་ཚིགས་ལྟར་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་འཚོགས་རྒྱུ་རེད། ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་སྨན་ཁང་གི་གཉེར་སྐྱོང་དོ་དམ་དང་དབྱེ་ཞིབ་སྐོར་སྐྱོད་ཁྲིད་སྟོན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལྟ་སྐུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་། སྔོན་རྩིས་དོ་དམ་དང་། མ་རྩ་ཡོངས་ཀྱི་ཞིབ་རྩིས་དང་གསོ་སྦྱོང་སོགས་དཔལ་འབྱོར་འཁོར་སྐྱོད་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་སྨན་ཁང་གི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་གཉེར་ནས་དོ་དམ་འདུ་ཤེས་དང་། ནུས་པའི་གྲུབ་ཆ། ཤེས་བྱའི་གྲུབ་ཆ་བཅས་བསྒྱུར་བཅོས་མཐོར་འདེགས་ལ་སྐུལ་འདེད་བཏང་།
རིམ་པ་སོ་སོའི་ཀྲུང་བོད་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་སྔོན་རྩིས་དང་། མ་རྩ། ཉོ་སྒྲུབ། རྒྱུ་ནོར། ནང་ཁུལ་ཚོད་འཛིན། གཉེར་སྐྱོང་། ཕན་འབྲས་བཅས་བྱེད་ཐབས་སུ་བྱས་ནས་མི་དང་རྒྱུ་ནོར། དངོས་པོ། ལག་རྩལ་སོགས་ལྟེ་བའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་དོ་དམ་ཞིབ་ཚགས། བེད་སྤྱོད་ནུས་ལྡན་བཅས་བྱས། མི་དང་རྒྱུ་ནོར། དངོས་པོ་བཅས་ཀྱི་ཐོན་ཁུངས་ཡོངས་ལ་ཕྱོགས་ཡོངས་ནས་སྔོན་རྩིས་དོ་དམ་མ་ལག་བཙུགས་ཏེ། གཞུང་གཉེར་ཀྲུང་བོད་སྨན་བཅོས་ལས་ཁུངས་ཀྱི་གཏོང་ཡོང་འཁོར་སྐྱོད་སྔར་ལས་ཚད་ལྡན་དང་། སྔོན་རྩིས་ཀྱི་གཅུན་འདོམས་ནུས་པ་དང་མ་དངུལ་བེད་སྤྱོད་དང་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཇེ་ཆེར་བཏང་། ཚོང་གཉེར་དོ་དམ་དེ“མགོ་ཁྲིད་དང་པོའི”བཟོ་སྐྲུན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས་ཚོང་གཉེར་དོ་དམ་མ་ལག་འཐུས་ཚང་ཞིག་བཙུགས། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་གཞུང་གཉེར་སྨན་ཁང་གི་བྱས་འབྲས་དཔྱད་ཞིབ་ཟུང་འབྲེལ་དམ་ཟབ་བྱས་ནས། བྱས་འབྲས་དཔྱད་ཞིབ་ཀྱི་དམིགས་འབེན་སོ་སོའི་སྤུས་ཚད་ཚོད་འཛིན་ལ་ཤུགས་བསྣན་ཏེ་དཔལ་འབྱོར་འཁོར་སྐྱོད་དོ་དམ་གྱིས་སྨན་ཁང་གི་ཞབས་ཞུའི་སྤུས་ཚད་དང་ཚོང་གཉེར་ལས་ཆོད་མཐོ་རུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་དང་། དོ་དམ་ཞིབ་ཕྲ་དང་རྨང་གཞིའི་སྤུས་ཚད་ནས་མགོ་བརྩམས་ནས་གཞུང་གཉེར་ཀྲུང་བོད་སྨན་ཁང་གི་སྔོན་རྩིས་ལག་བསྟར་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།