མཚོ་སྔོན་གྱིས་གློག་གསོག་ཞབས་ཞུ་ཁུལ167བསྐྲུན་འཆར་ཡོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་བ་ཡན་མཁར་རྙིང་དང་ཆོས་འཁོར་ཁུལ་གསར་དུ་སྤྱི་སྤྱོད་གློག་གསོག་ཆས་བཀོད་སྒྲིག་རྒྱག་དགོས་པ་དང་། ཟི་ལིང་གྲོང་ཁུལ་དུ་ནུས་ཁུངས་གསར་པའི་རླངས་འཁོར་གྱི་སྤྱི་སྤྱོད་གློག་གསོག་ཆས་བཀོད་སྒྲིག་བྱས་པ་ཉུང་བ།  ཟི་ལིང་གྲོང་ཁྱེར་ནས་རྩེ་ཁོག་རྫོང་བར་དུ་ནུས་ཁུངས་གསར་པའི་གློག་གསོག་ཆས་མེད་པ་ལ་སོགས་བསམ་འཆར་དུ་མ་བཏོན་འདུག    2023ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་མང་ཚོགས་ཀྱིས་མི་དམངས་དྲ་བའི“མགོ་ཁྲིད་ལ་སྐད་འཇོག་ས”ནས“གློག་གསོག་ཆས་ཉུང་བའི”གནད་དོན་ཕྱོགས་ནས་བསམ་འཆར་མང་པོ་བཏོན་པར་ལན་བསྐྱོན་འདི་ལྟ་སྟེ།

མང་ཚོགས་ཀྱིས་སྐད་བཞག་པའི་དྲ་ངོས།

“ད་ལྟ་ནུས་ཁུངས་གསར་པའི་རླངས་འཁོར་ཇེ་མང་ནས་ཇེ་མང་ཡིན་ན་ཡང་། འཁོར་བདག་མང་པོ་ཞིག་གིས་གློག་གསོག་ཐུབ་ཀྱིན་མེད་པས།  བ་ཡན་མཁར་རྙིང་དང་ཆོས་འཁོར་ཁུལ་གསར་དུ་སྤྱི་སྤྱོད་གློག་གསོག་ཆས་བཀོད་སྒྲིག་རྒྱག་དགོས་པའི་བསམ་འཆར་ཞིག་མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་གི་མང་ཚོགས་ཀྱིས་བཏོན་འདུག   དེར་བ་ཡན་རྫོང་གོང་སྤེལ་བཅོས་སྒྱུར་ཅུས་ཀྱིས་ལན་དུ། ང་ཚོས་ཀྱང་ཐཱན་ཉུང་གི་སྤྱི་གཞུང་ཞབས་ཞུ་སྒྲིག་ཆས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱེད་བཞིན་ཡོད། ཆོས་འཁོར་ཁུལ་གསར་དང་བ་ཡན་མཁར་རྙིང་དུ་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ས་ཚིགས་རེ་འཛུགས་པའི་འཆར་གཞི་བཀོད་ཡོད་ཅེས་ལན་བཏབས་འདུག

མང་ཚོགས་ཀྱིས་སྐད་བཞག་པའི་དྲ་ངོས།

“རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ནུས་ཁུངས་གསར་པའི་སྒེར་གྱི་རླངས་འཁོར་ལ་གློག་གསོག་ཆས་ག་དུས་བསྒྲིག་ཐུབ།  རྩེ་ཁོག་ནས་ཟི་ལིང་བར་གྱི་ལམ་ཐག་རིང་བས་ནུས་ཁུངས་གསར་པའི་རླངས་འཁོར་ལ་གློག་གསོག་ས་མི་འདུག ཅེས་ཁྱིམ་ཚང་ཟི་ལིང་གྲོང་ཁྱེར་དུ་ཡོད་ཅིང་། བྱ་བ་རྩེ་ཁོག་ཏུ་བསྒྲུབ་མཁན་མང་ཚོགས་ཀྱིས་སྐད་དེ་འདྲ་ཞིག་བཞག་འདུག  དེར་རྩེ་ཁོག་རྫོང་ཨུའི་གཞུང་སྒྲུབ་ཁང་གིས་ལན་དུ།  “འབྲེལ་ཡོད་སྡེ་ཚན་གྱི་ཞིབ་བཤེར་བརྒྱུད། ད་སྔའི་བར་དུ་རྩེ་ཁོག་ཏུ་གློག་གསོག་ཆས73བསྒྲིགས་ཚར་ཡོད་ལ། ད་ལྟ་གློག་འདོན་སྡེ་ཚན་བར་གློག་འཐེན་པའི་སྐོར་གྱི་ལས་ཀ་འབྲེལ་སྦྱོར་བྱེད་སྒང་ཡིན་པས། མི་འགྱང་བར་གློག་གསོག་ཆས་ཚང་མ་བཀོལ་སྤྱོད་བྱ་ཐུབ། སྐབས་དེར་རྩེ་ཁོག་རྫོང་གི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་དཀའ་བའི་གནད་དོན་ཐག་གཅོད་ཐུབ། དེ་ཡང་གློག་གསོག་ཆས་དེ་དག་གང་དུ་བསྒྲིག་ཡོད་ཅེ་ན།  རྫོང་མཁར་གྱི་བདེ་སྐྱིད་རི་བོའི་སྤྱི་སྤྱོད་རླངས་འཁོར་འཇོག་ས་རུ་གློག་གསོག་ཆས14བསྒྲིགས་ཡོད། ཤིན་ཧྭ་དཔེ་ཁང་གི་རྒྱབ་ལོགས་ཀྱི་རླངས་འཁོར་འཇོག་སར་གློག་གསོག་ཆས7།  དམེ་ཤུལ་གྲོང་རྡལ་སྤྱི་སྤྱོད་རླངས་འཁོར་འཇོག་སར་གློག་གསོག་ཆས6། ཝང་ཅ་ཡུལ་ཚོའི་སྤྱི་སྤྱོད་རླངས་འཁོར་འཇོག་སར་གློག་གསོག་ཆས46བཅས་བསྒྲིགས་ཡོད་ཅེས་ལན་བསྐྱོན་ཡོད་དོ། །

མང་ཚོགས་ཀྱིས་སྐད་བཞག་པའི་དྲ་ངོས།
 

“སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ནུས་ཁུངས་གསར་པའི་རླངས་འཁོར་ཇེ་མང་ནས་ཇེ་མང་ཡིན་ན་ཡང་། ཟི་ལིང་གྲོང་ཁྱེར་གྱིས་འདོན་སྤྲོད་བྱས་པའི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ཆས་ཧ་ཅང་ཉུང་བས། ད་ལྟའི་གློག་གསོག་དགོས་མཁོ་བསྐང་ཐུབ་བྲལ།  རེ་བ་ཡིན་ན་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ཆས་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ལ་ཤུགས་བསྣན་རྒྱུ་གལ་ཆེ། ཞེས་ཟི་ལིང་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་དེ་ལྟར་སྐད་བཞག་འདུག དེར་ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་མ་དངུལ་གཏོང་འཇོག་ཀུང་སིས་ལན་དུ། 2016ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་ནུས་ཁུངས་གསར་པའི་གློག་གསོག་ཆས་སྒྲིག་བཀོད་འཛུགས་སྐྲུན་མགོ་བརྩམས་པ་ཡིན། 2022ལོའི་ལོ་མཇུག་བར་དུ་གྲོང་ཁྱེར་ཡོངས་སུ་གློག་གསོག་ས་ཚིགས57དུ་གློག་གསོག་ཆས2018བསྒྲིགས་ཡོད། དེའི་ནང་ས་ཚིགས45ཡི་གློག་གསོག་ཆས1541བཀོད་སྤྱོད་བྱེད་དུ་བཅུག་ཡོད་པ་དང་། ས་ཚིགས12ཀྱི་གློག་གསོག་ཆས477བསྒྲིགས་ཚར་ནས་ཡོད་ལ། ད་ལྟ་གློག་ཆས་སྒྲིག་བཀོད་དང་སྙོམས་སྒྲིག་ལ་སོགས་བྱེད་སྒང་ན་ཡོད།  ལས་ཀ་དེ་དག་འགྲུབ་རྗེས་བཀོལ་སྤྱོད་བྱ་ཆོག་པ་ཡིན། སླད་ཕྱིན་ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་གྲོང་ཁྱེར་གྱི་ནུས་ཁུངས་གསར་པའི་ཐོན་ལས་གོང་སྤེལ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལོ་2ནས3གྱི་ནང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་གློག་གསོག་ཆས1200ལྷག་བསྒྲིག་རྒྱུ་ཡིན་ཞེས་ལན་བསྐྱོན་འདུག

གཞི་གཅིག་ཅན་གྱི་ཕན་ཕྱོད་ཆེ་བའི་དོ་དམ་མངོན་འགྱུར་དང་། འགྲོ་འོང་ཆ་འཕྲིན་རྩད་ཞིབ་ཞབས་ཞུ་སྟབས་བདེ་ལ་མྱུར་བ། ཞབས་ཞུ་ཁུལ་ས་ཚིགས་གཅིག་ཅན་གྱིན་ཞབས་ཞུ་བྱེད་ནུས་སྔར་ལས་འཐུས་ཚང་བ། “མགོ་སྒང་དུ་བསྐྱོད་དེ། རབ་མཛེས་ཡུལ་ལྗོངས་མཉམ་རོལ་བྱེད”ཅེས་པའི་ཞབས་ཞུའི་སྤུས་རྟགས་གསར་གཏོད་ལ་ཕན་འབྲས་དངོས་ཐོབ་པ་བཅས་ལས་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་བདེ་འཇགས་ཡིན་ཞིང་། སྟབས་བདེ་བ།  ཕན་ཕྱོད་ཆེ་བ།  བློ་བདེ་བ་བཅས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་འགྲོ་འོང་ལ་ཞབས་ཞུ་ལེགས་པོ་འདོན་ཆེད།  2024ལོའི་ཟླ4བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཤོག་ཚད་ཡོད་ཀུང་སིས་“གཞུང་ལམ་གྱི་ལམ་གླ་བསྡུ་བའི་ཞབས་ཞུ་གཉེར་སྐྱོང་ཆུ་ཚད་(2024—2026年)ལོ་གསུམ་ནང་མཐོར་འདེགས་སུ་གཏང་བའི་འགུལ་སྐྱོད”མགོ་བརྩམས་ཏེ།  ཞིང་ཆེན་ཡོངས་ཀྱི་ལམ་གླ་བསྡུ་བའི་ཞབས་ཞུ་གཉེར་སྐྱོང་གི་སྤུས་ཚད་གོང་རིམ་ཡོངས་དང་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་ཡོང་བ་ལ་ཞབས་ཞུ་བཏོན་དང་འདོན་བཞིན་ཡོད། 
 

རྒྱུས་ལོན་པ་ལྟར་ན། ལོ་གསུམ་གྱི་འགུལ་སྐྱོད་ནང་དུ་རྨང་གཞིའི་སྒྲིག་ཆས་ལེགས་བསྒྱུར་རིམ་སྤར་དང་། གྲངས་རིག་ནུས་འདོན་སྤུས་ལེགས་པ།  གཞུང་ལམ་ཤར་གཏོང་ལ་ཚན་རིག་དང་མཐུན་པས་གོ་རིམ་ལྡན་པ།  འགྲོ་སྐྱོད་ཞབས་ཞུ་སྤུས་ལེགས་ལ་ཕན་ཆེ་བ།  ཞབས་ཞུ་ཁུལ་གྱི་ཞབས་ཞུ་རིམ་སྤར།   ལམ་དྲ་སྙོམས་སྒྲིག་མཐུན་སྦྱོར་ཕན་ལྡན།   འཕྲལ་བསྟུན་མྱུར་སྐྱོབ་མྱུར་ལ་ཕན་འབྲས་ཆེ་བ།  འཚེ་མེད་ཁོར་སྲུང་འཆམ་མཐུན་གོང་དུ་སྤེལ་བ་ལ་སོགས་ཕྱོགས་བརྒྱད་ནས་བྱེད་ཐབས་བྱེ་བྲག28བཏོན།  མཚོ་སྔོན་ཞིང་ཆེན་གྱིས་ད་ལོ་དང་སང་ལོ་གཉིས་ནང་གློག་གསོག་ཆས་ཞབས་ཞུ་ཁུལ167བསྐྲུན་ཏེ།  ནུས་ཁུངས་གསར་པའི་ཟོག་འདྲེན་རླངས་འཁོར་ཆེ་ཤོས་ཀྱི་གློག་གསོག་དང་། གློག་བརྗེ་ལས་སྒོ་ཚོད་ལྟའི་ཚུལ་དུ་བཀོད་སྒྲིག་བརྒྱབ་ནས་བདེ་འཇགས་ཡིན་པའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུ་རེད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།