ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གསར་པའི་འཕེལ་རྒྱས་འཆད་ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ5པའི་ཚེས16ཉིན།  ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གསར་པའི་འཕེལ་རྒྱས་འཆད་ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ལོས་ཞཱ་གདན་འདྲེན་ཞུས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་གྱ་བརྒྱད་ཀྱི་ཏང་ཡོན་ལས་བྱེད་པ་ཉིས་བརྒྱ་རེ་བཞིར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་གཏོང་བ་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས་མཚོ་སྔོན་གྱི་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ།

འཆད་ཁྲིད་དེས་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་གཞུང་ལུགས་ཀྱི་སྒྲོམ་གཞིར་རྒྱུས་ལོན་ཟབ་མོ་བྱེད་དགོས། རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས་མཚོ་སྔོན་རིག་གནས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཕྱོགས་གསུམ་གྱི་ཐད་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་མཚོ་སྔོན་རིག་གནས་ཀྱི་གནས་ཚུལ་ལ་འགྲེལ་བཤད་ཞིབ་ཕྲ་དང་འགྲེལ་བཤད་ཟབ་མོ་བྱས་པ་དང་། གཙོ་གནད་འབུར་དུ་ཐོན་ལ་ནང་དོན་ཕུན་སུམ་ཚོགས་པ་རེད།

འཆད་ཁྲིད་ཉན་རྗེས་ཚང་མས་བསྟན་དོན།  ཐེངས་འདིའི་འཆད་ཁྲིད་ལ་ཆབ་སྲིད་ཀྱི་མཐོ་ཚད་ཡོད་པར་མ་ཟད། གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་གྱི་མཐུག་ཚད་ཡོད་དེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རྒྱུས་ལོན་ཟབ་མོ་དང་དམ་འཛིན་ནན་མོ་བྱེད་པ་དང་། མཚོ་སྔོན་གྱི་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་བློ་སྒོ་འབྱེད་པ་དང་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལྟར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། དམངས་ཚིས་བདེ་སྐྱིད་ལེགས་སྒྱུར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་སོགས་ཀྱི་ཕྱོགས་ནས་ཁག་ཁུག་གསར་བ་མངོན་ཞིང་ཐོད་བརྒལ་གསར་པ་བྱུང་།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།