མཚོ་སྔོན་ཡུལ་ཤུལ་གྱིས་སྤུས་ལེགས་ཞབས་ཞུར་བརྟེན་ནས་ཡུལ་སྐོར་བ་བག་ཕེབས་ངང་ཡུལ་སྐོར་བྱེད་པར་འགན་སྲུང་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ་ལྔ་པར་དྲོད་ཚད་ཇེ་དྲོར་སོང་བ་དང་བསྟུན་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ཡུལ་སྐོར་བྱེད་ཚད་མང་བའི་དུས་ཚིགས་བསླེབས་ཡོད། དེའི་ཐད་ཡུལ་ཤུལ་ཁུལ་གྱིས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་དང་། ཡུལ་སྐོར་འཛད་སྤྱོད་ཞུ་གཏུག་བྱ་ཡུལ་གླེང་གཞི། སྤྱི་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་སོགས་ཀྱི་གནད་དོན་ལ་དོ་སྣང་དམ་པོ་བྱས་ནས་ཡུལ་སྐོར་ཁྲོམ་ར་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འདེམས་ཁུལ་དང་པོ་གཏོད་རྒྱུར་རོགས་རམ་བྱས། ད་སྔའི་བར་ཁུལ་ཡོངས་ཀྱི་ས་གནས་ཁག་གིས་རིགས་ཁག་གི་གཉེར་སྐྱོང་བྱ་ཡུལ120ལྷག་ལ་ཞིབ་བཤེར་བྱས་པ་དང་། ལས་མཚམས་བཞག་ནས་དག་ཐེར་བྱ་ཡུལ12དུས་བཀག་ནང་དག་ཐེར་བྱ་ཡུལ10བཅད་པ། དག་ཐེར་བརྡ་ཐོ20ལྷག་ཙམ་བཏང་།

ཡུལ་ཤུལ་ཁུལ་གྱིས་མཐོ་རིམ་སྐུལ་འདེད་དང་། མཐོ་གནོན་ཟིལ་གནོན། མཉམ་འབྲེལ་ཁྲིམས་འཛིན་སོགས་ཀྱི་བྱེད་ཐབས་བརྒྱུད་དྲ་འཐེན་རྣམ་པའི་གྲོས་ཞིབ་མངོན་གསལ་དོད་པོར་བྱས་ནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ཁྱོན་ཡོངས་ནས་བྱས། མ་མཐའི་མཚམས་ཀྱི་བསམ་གཞིགས་དང“དམར་ཐིག”གི་འདུ་ཤེས་བརྟན་པོ་བཙུགས་ནས་ལས་རིགས་བདེ་འཇགས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གཏིང་ཟབ་བྱས་ཏེ། བདེ་འཇགས་ཀྱི་ཉེན་ཁ་དང་ལས་འཛོལ་སྔོན་འགོག་དང་སེལ་བའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཡུལ་སྐོར་བའི་བདེ་འཇགས་འགན་སྲུང་བྱེད་དགོས། “ཟ་བ། སྡོད་པ། འགྲོ་སྐྱོད་བྱེད་པ། ཡུལ་སྐོར་བྱེད་པ། ཉོ་བ། རོལ་རྩེད། སྨན་བཅོས”བཅས་ཀྱི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་ཚང་མར་དོ་སྣང་བྱས་ཏེ། ཡུལ་སྐོར་བའི་བློ་ཡིད་ཚིམ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཡུལ་སྐོར་གསང་སྤྱོད་དང་འགྲོ་ལམ་མཚོན་རྟགས་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། ལས་གཉེར་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏང་དགོས། ཡུལ་སྐོར་བློ་འདྲི་དང་ཞུ་གཏུག་བདག་སྤྲོད་བྱེད་པའི་ཞབས་ཞུའི་ཐབས་ལམ་ཤར་གཏོང་བྱས་ནས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་དུས་ཐོག་ཏུ་ནུས་ལྡན་ངང་ཐག་གཅོད་བྱས་ཏེ་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱ་དགོས། ཡུལ་སྐོར་ཆེད་སྤྱོད་འགྲུལ་སྐྱེལ་རླངས་འཁོར་དང་ཡུལ་གཞན་རང་འཁོར་གྱི་ཡུལ་སྐོར་རླངས་འཁོར་ཡུལ་ཤུལ་ཁུལ་ནས་ཡུལ་སྐོར་བྱེད་སྐབས། ས་ཁོངས་ཀྱི་འགྲོ་ལམ་དང་རླངས་འཁོར་ཆེ་ཆུང་གི་ཚོད་འཛིན་མི་ཐེབས་པར་རྫོང་(གྲོང་ཁྱེར)ཁུལ་གྱི་འགྲོ་ལམ་ནང་སྔོན་ལ་འགྲོ་སྐྱོད་བྱེད་ཆོག་པ་དང་། ཡུལ་སྐོར་རླངས་འཁོར་སྔོན་ལ་འགྲོ་སྐྱོད་བྱེད་པ། ཡུལ་སྐོར་ལམ་ཐིག་ཤར་གཏོང་བྱེད་པ། སྒྲིག་སྲོལ་ལས་འགལ་ནས་ཐག་གཅོད་སྔར་བས་མགྱོགས་པ། ཡུལ་གཞན་གྱི་རླངས་འཁོར་གཏོང་ལེན་ས་གནས་དེའི་ཁ་གསབ་བྱེད་པ། རྫོང་(གྲོང་ཁྱེར)ཁུལ་དང་། མཛེས་ལྗོངས་ཁུལ། ཨར་ཁང་། ཟ་ཁང་བཅས་གནས་སྐབས་སྡོད་ཆོག་པ་སོགས་ཡུལ་སྐོར་དམངས་སྟབས་བདེ་བྱ་ཐབས་རབ་དང་རིམ་པ་བྱས་ནས་ཡུལ་སྐོར་བྱེད་སྟབས་བདེ་ཡོང་བའི་འགན་ལེན་གང་ཐུབ་བྱེད་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།