མང་རྫོང་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་འགྲན་སྡུར་སྤེལ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར། རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་མི་རབས་རྗེས་རབས་ཐུགས་ཁུར་ལས་དོན་ཨུ་ལྷན།གུང་གཞོན་རྫོང་ཨུས་མཉམ་འབྲེལ་ཐོག་མང་རྫོང་གི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་གཉེར། བྱེད་སྒོ་སྤེལ་ཡུལ་དུ་ཞང་གྲོང་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་གི་འགྲན་ཞུགས་བདམས་ཐོན་པ11གིས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ཏེ།གསོན་ཉམས་དོད་པའི་དཔེ་མཚོན་གྱིས་མང་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ལ་དགའ་ཞེན་དང་།མེས་རྒྱལ་ལ་དགའ་ཞེན།མཐུན་སྒྲིལ་འབད་འཐབ།མང་རྫོང་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གྲུབ་འབྲས་གང་ལེགས་མངོན་ཡོད།   

འགྲན་བསྡུར་བྱས་པ་བརྒྱུད་མཐར་བྱ་དགའ་ཨང་དང་པོ1དང་།བྱ་དགའ་ཨང་གཉིས་པ2 བྱ་དགའ་ཨང་གསུམ་པ3 ཕུལ་བྱུང་བྱ་དགའ་བཅས་བདམས་པ་དང་།ཕུལ་བྱུང་བདམས་ཐོན་པ་བདམས་ནས་མཚོ་ལྷོ་ཁུལ་གྱི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པར་ཞུགས་རྒྱུར་འོས་སྦྱོར་བྱས།རྗེས་མར་མང་རྫོང་གིས་རྣམ་པ་གསར་པ་དང་ནང་དོན་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་མུ་མཐུད་སྤེལ་ཏེ།གཞི་རིམ་དུ་སྒྲོག་འགྲེལ་སྤེལ་བའི་ནུས་པ་ཇེ་ཆེར་གཏོང་བ།མང་རྫོང་གི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་མང་རྫོང་གི་འབོད་སྐད་སྒྲོག་པའི་ཤེས་ལྡན་མི་སྣའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།     

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།