གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གིས་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་དྲོད་ཁོལ་བསྩལ་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་ལོའི་ཚུན་དུ། གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གིས་སྤུས་ཚད་མཐོ་བའི་དམངས་འཚོའི་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ལ། མང་ཚོགས་ཀྱི་ཡིད་ཚིམ་ཚད་ཁྲིད་ཕྱོགས་སུ་བཟུང་སྟེ། ཏང་འཛུགས་ཀྱི་སྣེ་ཁྲིད་དང་ནུས་སྩོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མདོག་བཅུའི་ཞབས་ཞུ་རུ་ཁགའཛུགས་པ་དང་ཏང་ཡོན་གདོང་མཆོང་ལས་རྐང་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ལས་ཞུགས་བརྟན་བརླིང་དང་དམངས་འཚོའི་འགན་སྲུང་། རྨང་གཞིའི་འཛུགས་སྐྲུན་སོགས་ལ་འབད་པ་དང་། སེམས་དང་བརྩེ་བས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་ཧུར་ཐག་གིས་མཐོར་འདེགས་བཏང་། 

ལྷག་བསམ་དཀར་པོ་བཅངས་ནས་དམངས་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་ཇེ་མཐོར་བཏང་། སྡེ་བ་རིམ་པའིའཕྲེད་གཅིག་གཞུང་གཅིགརིགས་གཉིས་རྩ་འཛུགས་ཀྱི་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་། མདོག་བཅུའི་ཞབས་ཞུ་རུ་ཁགབཙུགས་ལ། འཕྲེད་ཕྱོགས་རྩ་འཛུགས་ཀྱི་ཟླ་རེའི་གཅིག་བསྡུས་ཞབས་ཞུའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་བརྟེན་ནས་ཞབས་ཞུའི་ཆུ་ཚད་ཞིབ་དཔྱད་བྱས། གློ་བུར་ནད་གཞི་ལྕི་མོ་བྱུང་བའི་མང་ཚོགས་ལ་སྤྱི་ཕན་དངུལ་རུབ་སྡུད་དང་ཐུན་མོང་གིས་ཞལ་འདེགས་ཕུལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲོག་ཁུལ་གྱི་དཀའ་ཁག་ཆེ་བའི་ནད་གཞི་ལྕི་མོ་ཕོག་མཁན་ལ་དྲོད་ཁོལ་སྐྱེལ། བུད་མེད་མང་ཚོགས་ཡོངས་ཀྱི་བདེ་ཐང་ཆུ་ཚད་དང་རང་ཉིད་ཀྱི་བདེ་སྲུང་འདུ་ཤེས་མཐོར་འདེགས་བཏང་སྟེ། རྒྱ་ཆེའི་བུད་མེད་མང་ཚོགས་ལ་སྐྲན་ནད་རིགས་གཉིས་ལ་རིན་མེད་ངང་བརྟག་བཤེར་བྱེད་པའི་བྱ་འགུལ་ཉིན་གཉིས་རིང་ལ་སྤེལ་ཏེ། བུད་མེད་མང་ཚོགས་ཀྱི་བདེ་ཐང་ལ་དངོས་གནས་སྲུང་སྐྱོབ་བྱས།

བློ་ཐབས་མཁས་པོ་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་བཅད། རྒན་པའི་འཚོ་བའི་སྤུས་ཚད་དང་སྡོད་གནས་བདེ་འཇགས་མཐོར་འདེགས་གཏོང་བ་དང་། རྒན་པའི་འཚོ་བའི་སྤུས་ཚད་མཐོར་འདེགས་ནུས་ལྡན་གཏོང་ཆེད། རྒན་པར་འཕྲོད་པའི་བསྒྱུར་བཀོད་ལས་གཞིའི་བཀོད་སྒྲིག་ཚོགས་འདུ་དུས་ཐོག་ཏུ་བསྡུས་པ་དང་། རྒན་པ་ཁྱིམ་དུ་སྡོད་པར་འཕྲོད་པའི་བསྒྱུར་བཀོད་བྱ་བ་ཧུར་ཐག་གིས་རྩ་འཛུགས་བྱས་ནས། དམིགས་བསལ་ཁྱུ་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐངས། སྤུད་ཚས་སྔར་ལས་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རྩལ་ནུས་ཆུ་ཚད་མཐོར་འདེགས་གཏོང་བ། མི50ལྷག་རྩ་འཛུགས་བྱས་ནས་ཟ་མ་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་སུ་བཅུག་པས། རྩལ་ནུས་ལ་བརྟེན་ནས་ལས་ཞུགས་བྱེད་པ་དང་རྩལ་ནུས་ལ་བརྟེན་ནས་ཕྱུག་བསྒྱུར་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་། 

བློ་རྩ་བརྟན་པོ་སྲུང་འཛིན་བྱས་ནས་དམངས་ལ་ཞབས་ཞུ་སྒྲུབ་པའི་བརྩེ་བ་སེམས་སུ་བཅངས། སྤྱི་ཚོགས་རོགས་སྐྱོར་བྱ་བར་ཚད་ལྡན་ཅན་གྱི་དོ་དམ་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་དངོས་ཡོད་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ། མངའ་ཁུལ་ནང་གི་དམངས་སྲིད་འགན་སྲུང་བྱ་ཡུལ་གྱི་ཁྱིམ་དུ་སོང་ནས་གྲལ་བཤེར་བྱེད་པའི་བྱ་བ་ཏན་ཏིག་གིས་སྤེལ་བ་དང་། དེ་གའི་ཁྱིམ་ཚང་གི་ཉེ་ཆར་གྱི་འཚོ་བའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་སྒོ་དང་འགྲོ་སྒོ། མི་སྣའི་འགྱུར་བ། དམངས་སྲིད་ཀྱི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཁྱིམ་དུ་བསྐྱོད་པའི་འགུལ་རྣམ་དོ་དམ་བྱ་བ་ཕྱོགས་ཡོངས་ནས་སྤེལ། ཁྱིམ་དུ་བསྐྱོད་པའི་བརྟག་བཤེར་ཐོ་འགོད་རིས་མིག་སྐོང་བ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རོགས་སྐྱོར་སྤོ་འགུལ་ལས་སྒྲུབ་སྟེགས་བུས་ཁྱིམ་དུ་བསྐྱོད་དེ་བརྟག་བཤེར་བྱས་པའི་ནང་དོན་འབྲི་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དེ་གར་ཆ་འཕྲིན་ཞིབ་འབེབས་དང་ཆ་འཕྲིན་ནང་སྡུད། མི་སྣའི་འགུལ་རྣམ། ཡོང་སྒོ་དང་འགྲོ་སྒོའི་གནས་ཚུལ། ལག་རིས་འབེབས་ལེན། གློག་རྡུལ་མིང་འགོད་སོགས་ཀྱི་བྱ་བ་སྤེལ་ཏེ། ནང་དུ་འཇུག་དགོས་པ་དག་འཇུག་ཅི་ཐུབ་བྱེད་པ་དང་མི་གཅིག་ཀྱང་ཆད་ལུས་མེད་པརབྱས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།