ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཡིས་དབང་ཆ་སྤྲད་པའི་ཆེད་ཁེ161ཟིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཟླ4པའི་ཚེས19ཉིན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་བྱ་བའི་གནས་ཚུལ་ཧྲིལ་པོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཡིས་ཁྱོན་ཆེད་ཁེ་རེ་ཞུ་ཁག219དང་དབང་ཆ་སྤྲད་པའི་ཆེད་ཁེ་ཁག161ཡོད། དེའི་ནང་ཕྱི་རྒྱལ་གྱིས་དབང་ཆ་སྤྲད་པའི་ཆེད་ཁེ19དང་། ཁྱོན་ཆེད་ཁེ་་ཁག11བརྒྱུད་སྤྲོད་བྱས་པ་དང་། ཆེད་ཁེ་བརྒྱུད་སྤྲོད་ཀྱི་གྲོན་དངུལ་སྒོར་ཁྲི2400ཐོབ་པ། ཚད་གཞི་ཁག20ཁྱབ་བསྒྲགས་བྱས་པའི་ནང་རྒྱལ་ཁབ་ཀྱི་ཚད་གཞི་ཁག5དང་། ལས་རིགས་ཀྱི་ཚད་གཞི་ཁག2ཚོགས་པའི་ཚད་གཞི་ཁག13བཅས་ཡོད།

ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཝང་ཅན་ཕིང་གིས་སུའོ་དེས་ཤེས་བྱའི་ཐོན་དབང་བྱ་བར་མཐོང་ཆེན་བྱས་ནས་བྱེདཐབས་མང་པོ་སྤྱད་དེ། ཤེས་བྱའི་ཐོན་དབང་བྱ་བས་འཛམ་གླིང་རིམ་པའི་ཚྭ་མཚེའུའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འདེགས་སྐྱོར་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་བྱའི་ཐོན་དབང་གི་ཆེད་མངགས་མི་སྣའི་དཔུང་ཁག20ལྷག་གསོ་སྐྱོང་བྱས་ཡོད། དཔུང་ཁག་དེར་བརྟེན་ནས་མིག་སྔར་ཆེད་རྩོམ3པར་སྐྲུན་བྱས་པ་དང་ཆེད་ཁེ་ཕྱོགས་སྟོན་དབྱེ་ཞིབ་སྙན་ཞུ་ཁག5བྲིས་ཡོད་པ་དེའི་ནང་དོན་ནི་ལིས་གློག་རྫས་ཚུར་བསྡུ་དང་། མཱེ་བསྲེས་ལྕགས། རོབ་སེས་དབྱེ་འབྱེད། ལིས་གནས་མཐུན་རྒྱུ་དང་པོན་གནས་མཐུན་རྒྱུ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད།

ཤེས་བྱའི་ཐོན་དབང་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུའི་ཐད2023ལོར་མཚོ་སྔོན་ཞིང་ཆེན་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་ལས་ཀྱི་ཆེད་ཁེ་ཕྱོགས་སྟོན་ཞབས་ཞུའི་རྟེན་གཞི་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཁེ་ལས་ཀྱིས་རིན་མེད་ངང་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱེད་པའི་གོ་ལ་ཧྲིལ་པོའི་ཚྭ་མཚོའི་ཆེད་ཁེའི་གཞི་གྲངས་ཀྱི་སྟེགས་བུ་བསྐྲུན་པ་དང་ཁྱད་ལྡན་གྱི་ཚད་ལྡན་གཞི་གྲངས་ལ་གཞིགས་ནས་ལས་རིགས་ལ་སྟབས་བདེ་དང་ནུས་ཆེའི་ཁེ་བེད་བདག་ཐོབ་འཚོལ་བཤེར་དང་ཆེད་ཁེ་བསྡོམས་རྩིས་སོགས་ཆ་འཕྲིན་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས། ད་ལོའི་ཟླ4པའི་བར་ལས་སྟེགས་ལ་རིམ་རྩིས་བྱས་ན་འཚམས་འདྲི་ཐེངས་ཁྲི7ལྷག་དང་། ཚད་ལྡན་གཞི་གྲངས་ཁྲི16ཕབ་ལེན་བྱེད་ཚད་ཁྲི9ལྷག་ཙམ་བཅས་བྱས་ནས་འབྲེལ་ཡོད་ཁེ་ལས50ལྷག་ལ་ཞབས་འདེགས་ཞུ་གི་ཡོད། 2024ལོརWIPOལག་རྩལ་དང་གསར་གཏོད་རྒྱབ་སྐྱོར་ལྟེ་གནས་འཛུགས་རྒྱུའི་ཆོག་མཆན་ཐོབ་ནས། རང་ཞིང་གི་ཤེས་བྱའི་ཐོན་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་རྣམ་པ་གསར་པ་གཏོད་རྒྱུ་རེད།

ཤེས་བྱའི་ཐོན་དབང་གཉེར་སྐྱོང་ལྟེ་གནས་འཛུགས་པ་དང་ཁེ་བེད་བདག་ཐོབ་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད2022ལོར་སུའོ་དེར་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་གཉེར་སྐྱོང་ལྟེ་གནས་ཐོག་མ་སྟེ་མཚོ་སྔོན་ཚྭ་མཚེའུ་ཐོན་ལས་ཤེས་བྱའི་ཐོན་དབང་གཉེར་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་ཐོབ་པ་མ་ཟད། ཆེད་ཁེ་སྤོ་སྒྱུར་དང་འབྲེལ་ཡོད་བྱ་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལོ་གསུམ་རིང་ཁྱོན་ཆེད་ཁེ་ཁག11ནང་བརྒྱུད་སྤྲོད་དང་ཁེ་བེད་བདག་ཐོབ་ནང་བརྒྱུད་སྤྲོད་བྱེད་བའི་འགྲོ་གྲོན་སྒོར་ཁྲི2400ཐོབ་ཡོད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།