དུས་ཐེངས་དང་པོའི་ཤང་གྲོང་གི་ཏང་སྲིད་ཀྱི་ལས་འགན་དངོས་སྒྲུབ་ནུས་པ་ཇེ་ཆེར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས(ཞིང་ཆེན་སྲིད་འཛིན་སློབ་གླིང)སྒྲུབ་འགན་འཁུར་བའི་དུས་ཐེངས་དང་པོའི་ཤང་གྲོང་ཏང་སྲིད་ཀྱི་ལས་འགན་དངོས་སྒྲུབ་ནུས་ཇེ་ཆེར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་(ཁྲོམ་གཞུང་)ཏང་(བཟོ་པ)ཨུ་ལྷན་གྱི་ཧྲུའུ་ཅི་དང་ཤང་གྲོང་དཔོན(དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན)ནས་ཡོང་བའི་སློབ་མ100གསོ་སྦྱོང་ནང་ཞུགས་ཡོད།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཏུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་སྐབས་སུ་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་ལས་འགན་དངོས་སྒྲུབ་ནུས་ཇེ་ཆེར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཨུད་ཀྱི“ལས་བྱེད་པས་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ”བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་ལས་འགན་དངོས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་དམ་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཤང་དང་གྲོང་རྡལ་གྱི་ལས་དོན་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་ལས་འགན་དངོས་ལ་བསམ་བློ་དང་འདུ་ཤེས་སྔར་བས་གསར་བརྗེས་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལས་ཀ་བྱེད་སྟངས་ལེགས་བཅོས། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱ་དགོ སློབ་ཚན་ཇུས་འགོད་ཐད་ཆབ་སྲིད་རང་བཞིན་མངོན་གསལ་དོད་དུ་བཏང་ནས་ཞིང་ཆེན་ཨུད་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་6གདན་དྲངས་ནས་འདུ་ཤེས་འཛིན་སྟངས་དང་། བོད་དང་འབྲེལ་བ་ཡོད་པའི་ཇུས་གཞི། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཐད་ཀྱི་ ཀྱི་རྒྱས་བཤད་གལ་ཆེན་ལ་ཆེད་དོན་གསལ་འགྲེལ་བྱེད་དུ་བཅུག་པ་དང་། དེ་དང་ཆབས་ཅིག་“ཅི་ཞིག་སྒྲུབ་རྒྱུ་དང་། ཅི་ཞིག་སྦྱོང་རྒྱུ། ཅི་ཞིག་ཆད་རྒྱུ། ཅི་ཞིག་གསབ་རྒྱུ”བཅས་ཀྱི་རྩ་དོན་གཞིར་བཟུང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། རིགས་གཅིག་མཁས་ཅན་འགོ་ཁྲིད་གདན་དྲངས་ནས“རང་རེའི་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་སློབ་སྦྱོང་བསམ་གཞིགས”དང་“སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་པར་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལྡབ་འཕར་གསུམ་མངོན་འགྱུར་ཧུར་ཐག་བྱ་རྒྱུ”། “ལམ་སྲོལ་གསར་གཏོད་བྱས་ནས་ཐོན་ལས་ལ་ཤུགས་སྣོན་མང་དུ་བརྒྱབ་སྟེ་ཕྱོགས་ཁག་གཅིག་སྡུད་བྱས་ནས་གྲོང་གསེབ་མཛེས་སྡུག་ལྡན་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ”། “ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ”སོགས་ཀྱི་ཆེད་དོན་སློབ་ཁྲིད་བྱ་དགོས།

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་5ཡིན་པ་དང་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱེད་པ་དང་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱད་དེ་རང་སྦྱོང་དང་། ཟུར་ཁྲིད། ཞིབ་བཤེར། སྤེལ་རེས་བཅས་བྱས་པ་བརྒྱུད་སློབ་ཁྲིད་ཕན་ཚུན་དགེ་མཚན་དང་། སློབ་སྦྱོང་ཕན་ཚུན་དགེ་མཚན་ལྡན་པ་བཅས་བྱས་ནས་སློབ་མ་ཚོར་སློབ་སྦྱོང་ལ་གོ་བ་ལོན་ཐུབ་པ་དང་། སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་བྱེད་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།