ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱ་འགུལ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་པ་རེད། ཉིན་དེར་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས2024ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་སློབ་གསོའི་ཉིན་མོའི་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དག་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞིར་སོང་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བས་ལོ་འཁོར་བཅུར་གསར་གཏོད་སྣེ་ཁྲིད་བྱས་ཞེས་པའི་བརྗོད་དོན་འགྲེམ་སྟོན་ལ་མཉམ་དུ་ལྟ་སྐོར་བྱས་ཤིང་། འགྲེམ་ཁུལ་སོ་སོར་སོང་ནས་པར་རིས་འགྲེམ་སྟོན་དང་བརྙན་ཐུང་། དངོས་རྫས་འགྲེམ་སྟོན་སོགས་ལ་བལྟས་པ་དང་། ལས་བྱེད་མི་སྣའི་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་ཏེ། འབྲེལ་ཡོད་གནས་ཚུལ་སྐོར་ནས་བསམ་ཚུལ་བརྗེ་རེས་དང་འདྲི་ཞིབ་བྱས་པར་མ་ཟད་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཆེད་སྒྲིག་ལེ་ཚན་ལ་བལྟས།

ཁྲིན་ཀང་གིས་བསྟན་དོན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ཇུས་མཐོ་ཚད་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཐད་ནས་གསར་གཏོད་རང་བཞིན་གྱིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ཏེ། ང་ཚོས་རྒྱལ་ཁབ་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།  ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་དུས་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཏང་གི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་ཆེས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཞིབ་གསལ་གཙོ་ཆེའི་བྱ་བར་གཞིགས་ཏེ། རང་རྟོགས་སྒོས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་འཁུར་བ་དང་། བདེ་འཇགས་ཀྱི་འདུ་ཤེས་ཆེན་པོ་དམ་པོར་བཅངས་པ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ནུས་ཁུངས་དང་ཐོན་ཁུངས་བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡི་རྒྱལ་ཁབ་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་འདུ་ཤེས་མཐོར་འདེགས་བཏང་ཞིང་། སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་རང་རྟོགས་སྒོས་བརྩི་སྲུང་བྱེད་པ་དང་། འགན་སྒྲུབ་ཁག་ཁུར་གྱི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་ཞིང་། མཉམ་འབྲེལ་དྲ་རྒྱའི་དུས་རབས་ཀྱི་ཆ་འཕྲིན་བདེ་འཇགས་ཀྱི་འགྲན་སློང་གསར་བར་ཧུར་ཐག་གིས་གདོང་གཏད་དེ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཐད་མཚོ་སྔོན་གྱི་བྱས་རྗེས་འབུལ་དགོས།

ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།