【ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།】མཚོ་སྔོན་གྱིས་བྱེད་ཐབས་ཁག8སྤྱད་དེ“མཛེས་པའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང”བསྐྲུན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་ཁོངས་གཏོགས་ཀྱིས“མཛེས་པའི་ཀྲུང་བོད་ལུགས་གསོ་རིག་གི་སྨན་ཁང”སྐྲུན་པའི་བྱེད་སྒོ་སྤེལ་བ་དང་། བྱེད་ཐབས་ཁག8བརྒྱུད“ཁོར་ཡུག་མཛེས་པ”“ཞབས་ཞུ་མཛེས་པ”“སྒྲིག་ལམ་མཛེས་པ”“མི་ཆོས་མཛེས་པ”བཅས་ཕྱོགས་བཞིའི་སྨན་ཁང་བསྐྲུན་ནས་སྔར་ལས་མང་པའི་ནད་པར་ཕན་འདོགས་རྒྱུ་རེད།

བྱེད་ཐབས་ཁག8ནང་སྐྱིད་སྣང་དོད་པའི་ཁོར་ཡུག་ཉམས་ལེན་ཇེ་ལེགས་དང་། སྒོ་བསྟེན་གྱི་བརྒྱུད་རིམ་ཧྲིལ་པོའི་བཀོད་སྒྲིག་ཇེ་ལེགས། གཙང་སྦྲ་བ་གསོ་སྦྱོང་ལ་ཤུགས་བསྣན། སྨན་དོན་མི་སྣའི་ཉམས་འགྱུར་ཚད་དང་ལྡན་པ། ལས་བཟོའི་བསམ་པའི་ཉམས་འགྱུར་ཇེ་ལེགས་བཅས་སུ་གཏང་བའི་ནང་དོན་འདུ། སྨན་ཁང་གི་བཀོད་པ་ལུགས་མཐུན་ངང་འཆར་འགོད་བྱས་ནས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏང་བ་དང་། ས་གནས་དེའི་གནམ་གཤིས་དང་འབྲེལ་ཏེ་སྤྲོ་གསེང་བྱེད་སའི་མེ་ཏོག་ལྡུམ་རྭ་ཆུང་ཆུང་ཞིག་བསྐྲུན་ནས་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ། སྨན་ཁང་གི་རིག་གནས་འགྲེམས་ཁང་ངམ་ཡང་ན་ལོ་རྒྱུས་ཁང་སྐྲུན་ནས་སྨན་ཁང་གི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱ་རྒྱུ། དམངས་བདེ་ཞབས་ཞུའི་སྒྲིག་ཆས་ཇེ་མང་དུ་གཏོང་བ་དང་། རྐུབ་སྟེགས་འཁོར་ལོའི་གཡར་སྤྱོད་ཞབས་ཞུ་འདང་ངེ་མཁོ་འདོན་སོགས་ཀྱིས་སྨན་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ཞབས་ཞུར་ཤུགས་བརྒྱབ་སྟེ། སྒོ་དབྱེའི་འཚོ་བའི་སྒོ་རྩིས་ཚོང་ཁང་ལུགས་མཐུན་ངང་གཟུག་རྒྱུ། བདེ་ཐང་ཞབས་ཞུའི་ལས་སྟེགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གོ་བདེ་ཤེས་སླ་བའི་བདེ་ཐང་གི་ཤེས་བྱ་ཡོངས་བསྒྲགས། སྒོ་བསྟེན་ས་ཁོངས་སུ་ཚན་རིག་དང་མཐུན་པའི་བདེ་ཐང་ས་ཚིགས་ཇེ་མང་། ཆ་རྐྱེན་ཡོད་པའི་སྨན་བཅོས་ལས་ཁུངས་ཀྱིས་སྤྱི་པའི་ས་ཁོངས་སུ་ནད་པས་སྨན་བཅོས་ལ་སྒུག་པའི་སེམས་ཁམས་ཞི་ལྷོད་དུ་གཏང་བའི་ཞབས་ཞུ་བསྒྲུབ་ཆོག

སྨན་བཅོས་སྣེ་ཤན་ཞབས་ཞུ་ཚད་ལྡན་དང་། སྒོ་བསྟེན་ཚོམས་ཆེན་དུ་ནད་ལྟ་མཁན་བཀོད་སྒྲིག་བྱས་ནས་སྒོ་རའི་ནང་གློག་རྡུལ་ཕྱོགས་སྟོན་དང་པར་རིས་ཕྱོགས་སྟོན་ཞབས་ཞུ་སོགས་སྨན་བཅོས་ཁྲིད་སྟོན་བྱེད་སྟངས་སྣ་ཚོགས་ཁྱབ་གདལ་གཏང་བ་དང་། ཆེད་དོན་ཆེད་ལས་ཚན་ཁག་གི་སྒོ་བསྟེན་སྨན་ཁང་སྔར་བས་ཞིབ་ཕྲ་བཟོ་དགོས། སྤུས་ལེགས་སྟབས་བདེའི་ཞབས་ཞུ་མཁོ་འདོན་དང་། རྒན་རྒོན་ལ་སྨན་བཅོས་བྱེད་བདེ་བའི་སྒྲིག་བཀོད་དང་སྒྲིག་ཆས། དེ་བཞིན་མཚོན་རྟགས་བཅས་བཀོད་སྒྲིག་དང་། སྤྱི་པའི་སྒྲིག་བཀོད་རྙིང་འཕྲོད་ཇུས་འགོད་དང་སྒྱུར་བཀོད། “དབང་པོ་སྐྱོན་ཅན་སྔོན་ལ་སྨན་བཅོས་བྱེད་པའི”གེགས་མེད་བགྲོད་ལམ་བཀོད་སྒྲིག དུས་མཚུངས་སུ་གེགས་མེད་སྒྲིག་བཀོད་སྣ་ཚོགས་མཁོ་འདོན། སྦྲུམ་མ་དང་བྱིས་པ་བདེ་སྡོད་ཅན་གྱི་སྨན་བཅོས་ཁུལ་གཏོད་པ། གཟའ་མཇུག་གི་སྒོ་བསྟེན་སྨན་ཁང་འཛུགས་པ། ཞབས་ཞུའི་ནད་པར་སྐད་འཕྲིན་ཚོགས་པ་གཏོད་པར་ལྕག་སྐུལ་བཅས་བྱེད་དགོས་པ་མ་ཟད། མང་ཚོགས་ཀྱི་ནང་བོད་ལུགས་གསོ་རིག་དང་འཚམ་པའི་ཁྱད་ལྡན་ལག་རྩལ་དང་ལུས་གསོའི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས། མི་ཆོས་ཀྱི་གཅེས་སྐྱོང་དང་ཉམས་ལེན་ཇེ་ལེགས་དང་། སྨན་པ་དང་ནད་པའི་བར་གྱི་འབྲེལ་གཏུག་ཇེ་ཟབ། སྨན་བཅོས་མི་སྣ་དང་ཞབས་ཞུ་མི་སྣའི་ཞབས་ཞུའི་ཐ་སྙད་དང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་བཟོ་བ་བཅས་བྱེད་དགོས། ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་ཟས་ཁྱབ་གདལ་བཏང་བ། ནད་ཐོག་སྨན་བཅོས་ཀྱི་འཚོ་བཅུད་ཞབས་ཞུ་མཁོ་འདོན་བྱས་ནས་འཚོ་བཅུད་དམིགས་བསལ་དགོས་མཁོ་ཡོད་མཁན་ལ་ཆེད་ལས་བཟའ་བཅའི་མཛུབ་ཁྲིད་བྱེད་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།