【ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས།】མཚོ་སྔོན་ཞིང་ཆེན་གྱི་ལས་རྐང་དང་པོའི་ལས་བྱེད་མི་སྣ19“མཚོ་སྔོན་མཐོ་སྒང་གི་ལས་བཟོ་པར”བདམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ4པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚོ་ཆུང་གིས་ཉེ་དུས་བརྡ་ཁྱབ་བཏང་བའི2023ལོའི་མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུའི་མཁས་དབང”ལས་འགུལ་འཆར་གཞིའི་ནང་བདམས་པའི་མིང་ཐོའི་ནང་ཀྲུང་ཕུའུ་དབྱིང་ཐཱན་ཚི་སྣ་ཟི་ལིང་ཚད་ཡོད་ཀུང་སིའི་ཁྲའེ་ཅོན་སོགས་ལས་རྐང་དང་པོའི་ལས་བྱེད་མི་སྣ19“མཚོ་སྔོན་མཐོ་སྒང་གི་ལས་བཟོ་པའི”མིང་ཐོའི་ནང་ཚུད་ཡོད།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྣེ་ཁྲིད་དེ་སྤེལ་བའི2023ལོའི“ཁུ་ནུའི་མཁས་དབང·ལག་རྩལ་རྩལ་ནུས་འཇོན་མིའི”རྣམ་གྲངས་ཁྲོད“མཚོ་སྔོན་མཐོ་སྒང་གི་ལས་བཟོ་པའི”འོས་སྦྱོར་དཔྱད་འདེམས་བྱ་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དང་ཐོན་ལས་ཀྱི“གནས་བཞིའི”འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་གཞི་ཚུགས་ཏེ་འོས་མིའི་ལག་རྩལ་གསར་བཅོས་དང་། གསར་གཏོད་གསར་བསྐྲུན། རིག་ནུས་བཟོ་སྐྲུན། ཤེས་བྱ་ཁྱབ་གདལ། ལག་རྩལ་བརྒྱུད་སྤེལ་སོགས་ལ་དམིགས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། བདམས་ཐོན་བྱུང་བའི“མཚོ་སྔོན་མཐོ་སྒང་གི་ལས་བཟོ་པ”ཚང་མ་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ནས་སློབ་སྦྱོང་ལ་འབད་བརྩོན་དང་། དཀའ་སྤྱད་བརྩོན་ཞིབ། ཕུལ་བྱུང་བརྩོན་གཉེར། ལག་རྩལ་ཚད་བརྒལ་ཡོང་བ། ཁེ་གྲགས་མི་གཉེར་བ། བྱས་རྗེས་འཇོག་འདོད་ཆེ་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་བ་བཅས་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་བྱས་རྗེས་གལ་ཆེན་འཇོག་མཁན་ལས་ཡུལ་དང་པོའི་ལག་རྩལ་བཟོ་པའི་ཕུལ་བྱུང་གི་ཡོའཐུས་ཚབ་ཡིན།

ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། ལས་བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བཅོས་སྒྱུར་ལ་སྐུལ་མ་བཏང་སྟེ། རྒྱ་ཆེའི་ལས་བཟོ་ཚོས་བློ་བརྟན་འགྱུར་མེད་ངང་གསར་གཏོད་དང་གཞན་གྱི་སྔོན་ལ་བྱེད་ཕོད་པ་བྱས་ནས་ངལ་རྩོལ་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏང་ཆེད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཇོན་མིའི་རྣམ་གྲངས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་སྤུས་ཚད་མཐོ་པོས“མཚོ་སྔོན་མཐོ་སྒང་གི་ལས་བཟོ་པའི”འཇོན་མིའི་རྣམ་གྲངས་ཀྱི་འོས་སྦྱོར་དང་དཔྱད་འདེམས་བྱ་བ་ཡག་པོ་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁག་གི་རྩལ་ནུས་མཐོ་བའི་འཇོན་མི73“མཚོ་སྔོན་མཐོ་སྒང་གི་ལས་བཟོ་པའི”ནང་ཚུད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་རྒྱུ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད་ཤེས་བྱའི་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པའི་རྩལ་ནུས་ཆེ་བའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས་མཚོ་སྔོན་གྱིས་རྩལ་ནུས་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཆེད་སྲ་ཞིང་བརྟན་པའི་འཇོན་མིའི་འདེགས་སྐྱོར་བྱས་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།