【ཞིང་ཆེན་ཚོང་དོན་ཐིང་།】མཚོ་སྔོན་གྱིས་ཁྱིམ་སྤྱོད་ཁ་གསབ་ཐད་ཆེས་མང་པ་སྒོར6000སྟེར་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། “སྡོད་ཁང་མཛེས་བཟོ་གཟིགས་སྐྱོང་”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཁྱིམ་སྤྱོད་ཁ་གསབ་བྱེད་སྒོ་དེ་ཟླ4པའི་ཚེས1ཉིན་དངོས་སུ་སྤེལ་འགོ་ཚུགས་པ་དང་ ཁང་ཁྱིམ་ཛེས་ཟོ་བྱེད་མཁནའཛད་སྤྱོད་པས་ཁ་གསབ་མཐོ་ཤོས་སྒོར6000ལོངས་སྤྱོད་བྱ་ཐུབ། 

ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ཚོང་དོན་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ ལོ་ཧྲིལ་པོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་དམངས་ཕན་བྱ་ཐབས་གཞན་ཞིག་ཀྱང་རེད། ཁ་གསབ་བརྒྱུད་དེ་དངུལ་སྒོར་གཟིགས་སྐྱོང་རྒྱ་ཆེའི་འཛད་སྤྱོད་པར་སྤྲད་རྒྱུ་རེད། བྱེད་སྒོའི་དམིགས་ཡུལ་ནི་ཁྱིམ་གྱི་འཛད་སྤྱོད་གསོན་ཤུགས་སྔར་ས་འཕེལ་བ་དང་། ཁྱིམ་གྱི་ཁྲོམ་རའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་ཡིན་པ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཁྱིམ་ཚང་གི་སྡོད་གནས་མཚོ་སྔོན་ཞིང་ཆེན་དུ་ཡོད་པ་མ་ཟད། སྡོད་ཁང་རྒྱན་བཟོའི་དགོས་མཁོ་ཡོད་པའི་འཛད་སྤྱོད་པ་སྤྲད་པའི་ཆེད་དོན་འཛད་སྤྱོད་ཀྱི་ཁ་གསབ་ཅིག་ཡིན་པ་དང་། བྱེད་སྒོའི་ཁ་གསབ་ཁ་གྲངས་བསྡོམས་པའི1200ཡོད་པ་དང་། དེ་རིམ་པ་གཉིས་སུ་དབྱེ་ནས་ལག་བསྟར་བྱ་རྒྱུ་རེད། རིམ་པ་དང་པོ། རྒྱན་བཟོ་གན་རྒྱ་སྒོར་ཁྲི5(ཚུད་པ)ནས་སྒོར་ཁྲི10(ཚུད་མེད)བརཅནལ་ཁ་གསབ་སྒོར3000ཡོད་པ་དང་། ཁ་གསབ་དེ་བསྡོམས་པས400ས་མེད། རིམ་པ་གཉིས་པ། རྒྱན་བཟོའི་གན་རྒྱར་སྒོར་ཁྲི10ཡན(ཚུད་པ)ཅན་ལ་སྒོར6000གི་ཁ་གསབ་ཡོད་པ་དང་དེརཁྱོན800ལས་མེད། ཁྱིམ་གྱི་རྒྱན་བཟོའི་འཚོ་བའི་ཁ་གསབ་ཇི་ལྟར་ལེན་དགོས་ཞེ་ན། བྱེད་སྒོ་སྤེལ་བའི་རིང་ཞིང་ཆེན་ནང་ཁུལ་གྱི་འཛད་སྤྱོད་པས་གན་རྒྱ་བཞག་པའི་ཉིན་ནས་བཟུང་། སྐད་འཕྲིན་སྤྱི་རྟགས“སྦྲག་ཐོག་གསོག་འཇོག་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་”གི་སྡེ་ཁུལ་ཆུང་གྲས“མཚོ་སྔོན་གྱི་གཟིགས་སྐྱོང་གི་པར་གཞི་བརྒྱུད་དེ་རེ་ཞུ་བྱེད་དགོས་པ་དང་། དཔྱད་གཞི་ཆ་ཚང་ལ་ཞིབ་བཤེར་བྱས་རྗེས། ཁ་གསབ་དངུལ་སྤྲད་རྒྱུ་རེད

ཤེས་རྟོགས་བྱུང་བ་ལྟར་ན། ་ལོ་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཇུས་འགོད་བྱས་ནས་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་དུས་ཚིགས་དང་། འཛད་སྤྱོད་ལ་ཕན་པའི་དུས་ཚིགས། ཡུལ་སྐོར་འཛད་སྤྱོད་དུས་ཚིགས། ཉོ་སྒྲུབ་དུས་ཚིགས་བཅས་བརྗོད་བྱ་གཙོ་བོའི་འཛད་སྤྱོད་དུས་ཚིགས4དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ18ཇུས་འགོད་བྱས་ནས “དུས་ཚིགས་རེར་བརྗོད་དོན་གཙོ་བོ་རེ་དང་ ཟླ་རེར་བྱེད་སྒོ་རེ་ཡོད་པའི”ཐོག་ནས “ཚོང་འགྲུལ་རིག་གནས་ལུས་རྩལ་”མཉམ་འདྲེས་དང་། “ཞིང་ཆེན་དང་། གྲོང་ཁྱེར། རྫོང”བཅས་ཀྱིས་མཉམ་འགུལ་དང“དྲ་ཐོག་དྲ་སྦྲེལ”ཟུང་དུ་འབྲེལ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གཏོད་ཅིང་། རླངས་འཁོར་དང་། ཁྱིམ་ཆས། སིལ་ཚོང་། ཟོག་འགྲེམས། ཁྱིམ་གོས། གསེར་དངུལ་ནོར་བུ། ཚོང་ཟོག་ཆུང་གྲས། མཛེས་རྒྱན། བཟའ་བཏུང་། དྲ་ཐོག་འཛད་སྤྱོད། མཚན་མོའི་འཛད་སྤྱོད་སོགས་ཁྱབ་ཁོངས་ལ་དམིགས་ནས་རིག་གནས་དུས་ཆེན་དང་། ཡུལ་སྐོར་བྱེད་སྒོ། ལུས་རྩལ་འགྲན་སྡུར། ཚོང་དོན་དང་འཛད་སྤྱོད་བཅས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་དམིགས་ནས ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ། རིམ་པ་གསལ་བ་བཅས་ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་ནས།  ཞིང་ཆེན་ནང་ཁུལ་གྱི་འཛད་སྤྱོད་པའི་རང་གཤིས་ཅན་དང་། སྣ་མང་ཅན་དང་། སྤུས་ཚད་མཐོ་བའི་འཛད་སྤྱོད་དགོས་མཁོ་སྐོང་གང་ཐུབ་དང་། མཐའ་མའི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། འཛད་སྤྱོད་ཀྱི་གཞི་ཁྱོན་རྒྱ་སྐྱེད་དང་འཛད་སྤྱོད་ཀྱི་གྲུབ་ཚུལ་རིགས་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས་པ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།