མཚོ་སྔོན་གྱིས་ཚོད་ལྟའི་དཔེ་སྟོན་ས་ཁུལ་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ11པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་དོན་བཀོད་སྒྲིག་ལག་བསྟར་བྱས་ནས“གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།    ནོར་སྲིད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།    “ནོར་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི”ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱེད་ཆེད།    ཞིང་ཆེན་ནོར་སྲིད་ཐིང་གིས་ཐོག་མར་འགྲན་རྩོད་རང་བཞིན་གྱི་བགོ་བཤའ་རྒྱག་སྟངས་ཐོག་ནས་མཚོ་ཤར་གྲོང་ཁྱེར་དང་།    མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ3ལ་དཔྱད་སྡུར་ལོ2023གྱི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཁུལ་གྱི་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས།     

ཐེངས་འདིའི་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་བགོ་བཤའ་བྱེད་སྟངས་ནི་ཞིང་ཆེན་ནོར་སྲིད་ཐིང་གིས་ནོར་སྲིད་བགོ་བཤའ་བྱེད་སྟངས་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་གཞུང་གིས་ཁྱད་ལྡན་ཁེ་ལས་ཆུང་འབྲིང་ལ་རོགས་སྐྱོར་བྱེད་པའི་འཕྲུལ་ཆས་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་པའི་ཚོད་ལྟ་གལ་ཆེན་ཞིག་རེད།    ཞིང་ཆེན་ནོར་སྲིད་ཐིང་གིས་ས་གནས་ཁག་གི་རང་མོས་གཅོད་འཇལ་དབང་ཆ་འོས་འཚམ་ཆེ་རུ་བཏང་བ་དང་། དུས་མཚུངས་སུ་ས་གནས་ཁག་གིས་མ་དངུལ་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ཏེ། གཙོ་བོ་རྒྱལ་ཁབ་དང་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འཚམ་པའི་ཁྱད་ལྡན་འཁེལ་འཐག(བོད་ལུགས་ས་གདམ་མི་རིགས་ཀྱི་གྱོན་ཆས་སོགས)དང་། སྐྱེ་དངོས་ལས་གྲུབ་པའི་སྨན་རྫས(བཏུང་བྱ།    ལུས་ཁམས་བདེ་སྲུང་གི་ཆང་སོགས་ཚུད)དང་།    ཀྲུང་བོད་སྨན།    མཐོ་སྒང་གི་ནོར་ཤ།  བོད་ལུགས་ཤ།    འོ་མའི་ཐོན་རྫས།    འཕང་འབྲས་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་ཀྱི་ཐོན་རྫས།    མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཆུང་འབྲིང་རིམ་སྤོར་བསྒྱུར་བཀོད།    སྤུས་རྟགས་གཏོད་པ།    བྲིན་ཚོང་ཁྱབ་གདལ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱ་རྒྱུ་དང་།  ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་སྤུས་ཚད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ལྟེ་བའི་འགྲན་རྩོད་ནུས་པར་སྒྱུར་བར་ཇེ་མགྱོགས་སུ་གཏོང་བ་དང་།    ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་འདེད་དང་།    དམངས་ཚིས་ལ་ཕན་འདོགས་པ།    གྲུབ་ཆ་ལེགས་སྒྲིག བརྟན་པོའི་ངང་འཕར་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ནོར་སྲིད་མ་དངུལ་གྱི་ཁྱོན་ཡོངས་དང་།    ཁྱབ་ཁོངས་མང་བ།    ཕན་འབྲས་མཐོ་བ་བཅས་ལ་བརྟེན་ནས་ས་ཚོད་ལྟའི་དཔེ་སྟོན་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འགན་སྲུང་བྱེད་དགོས།    

གཞན་ཡང་ཐེངས་འདིའི་སྤེལ་བའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ལག་བསྟར་དུས་ཡུན་ལོ3ཡིན་པ་དང་། རྣམ་གྲངས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3.3བཏང་ནས་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་།    མི་འབོར་ཁྱབ་ཚུལ།    ཐོན་ལས་ཁྱད་ཆོས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ8ལ་རིགསIདང་།    རིགསIIཔ།    རིགས་IIཔ་བཅས་སུ་དབྱེ་བ་དང་ས་ཁུལ་ཁག་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པར་དམིགས་ནས་མཐར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པར་བརྒྱུད་འདྲི་བ་བཏོན་ནས་སྐར་མ་རྒྱག་དགོས།   ས་ཁུལ་ཁག་ཏུ་སྐར་གྲངས་མཐོ་ཤོས་ཀྱི་ས་ཁུལ་གཅིག་ནི་ཚོད་ལྟའི་ས་ཁུལ་ཡིན།      མ་དངུལ་དེ་ལོ་གསུམ་ལ་བགོས་ནས་གཤམ་སྤྲོད་བྱས་པ་དང་ལོ་དེའི་རྣམ་གྲངས་ལག་བསྟར་བྱས་ཚུལ་དེ་ལོ་འཁོར་རྗེས་མའི་ཁ་གསབ་མ་དངུལ་ཚོད་རྩིས་བགོ་བཤའ་རྒྱག་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རེད།     

རྩོམ་སྒྲིག་པ། ཨ་གཡང་སྐྱིད།