མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྐོར་སྐྱོད་ཏང་ཡོན་གྱི་ཞབས་ཞུ་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་དང་། སྐོར་སྐྱོད་ཏང་ཡོན་དངོས་གནས་རྩ་འཛུགས་དང་དོ་དམ། གོང་བུར་སྒྲིལ་བ་བཅས་བྱས་ཤིང་། བརྩེ་བ་ངོ་མས་སྐོར་སྐྱོད་ཏང་ཡོན་ལ“གཞིས་ཁྱིམ་དྲོན་མོ”གསར་སྐྲུན་བྱས་ཏེ། སྐོར་སྐྱོད་ཏང་ཡོན་ཏང་གི་མངའ་ཞབས་སུ་དམ་པོར་བསྒྲིལ།
“གཞིས་འཛུགས+བློ་བདེ”ཡིས། ཏང་ཡོན་སྐོར་སྐྱོད་བྱེད་པ་ལས་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱས། “རྫོང་རེར་མཛོད་རེ་དང་གྲོང་རྡལ་རེར་དེབ་རེ། སྡེ་བ་རེར་རེའུ་མིག་རེ། མི་རེར་ཡིག་ཚགས་རེ”ཡོད་པའི་བླང་བྱ་ལྟར། རྫོང་ཡོངས་ཀྱི་སྐོར་སྐྱོད་ཏང་ཡོན52ཀྱི་འགུལ་རྣམ་ཆ་འཕྲིན་མཛོད་བཙུགས། སྐོར་སྐྱོད་ཏང་ཡོན་ཅུང་གཅིག་བསྡུས་ཡིན་པའི་འོམ་ཆུ་གྲོང་རྡལ་གྱི་མཁར་ཤར་དང་མཁར་ནུབ་སྡེ་ཁུལ་གྱི་ཞབས་ཞུ་ས་ཚིགས་སུ་སྐོར་སྐྱོད་ཏང་ཡོན་གྱི་བྱ་འགུལ་ཁང་བཙུགས་ནས། སྐོར་སྐྱོད་ཏང་ཡོན་ལ་བཅའ་ཁྲིམས་རོགས་སྐྱོར་སོགས་ཞབས་ཞུ་མང་པོ་མཁོ་སྤྲོད་བྱས་ཏེ། སྐོར་སྐྱོད་ཏང་ཡོན་ལ་ཁེར་རྐྱང་མིན་པའི་ཁོངས་གཏོགས་འདུ་ཤེས་ཡོད་པར་བཏང་།
“དྲ་ལམ+ཡུལ་དངོས”ཀྱིས། སློབ་སྦྱོང་གི་རྣམ་པ་གསར་ལ་སེམས་སུ་ཟུག་ཏུ་བཅུག སྐོར་སྐྱོད་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ་བཙུགས་པ་དང་། སློབ་སྦྱོང་ཞིབ་ཐོ་ཡོངས་བསྒྲགས་བྱེད་པ། སློབ་སྦྱོང་གི་ནང་དོན་དུས་བཅད་ལྟར་བསྐྱལ་བར་མ་ཟད། ཧྲུའུ་ཅི་ཡིས་ཏང་གི་སློབ་ཁྲིད་བྱེད་པ་དང་དཔེ་ཀློག་མཉམ་རོལ་ཚོགས་འདུ་སོགས་ཀྱི་རྣམ་པས་གཅིག་བསྡུས་སློབ་རོགས་ལ་ཤུགས་བསྣན། སྐོར་སྐྱོད་ཏང་ཡོན་དུས་ཆེན་དང་གུང་གསེང་གི་སྐབས་སུ་ཕ་ཡུལ་དུ་ལོག་པའི་སྐབས་ལ་བརྟེན། སྐོར་སྐྱོད་ཏང་ཡོན་གྱི“གཅིག་ཅན་གསུམ”གྱི་བྱ་འགུལ་སྤེལ་ཏེ། སྐོར་སྐྱོད་ཏང་ཡོན་གྱི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་སྡེ་ཁུལ8ཀྱིས་རིམ་བསགས་ཀྱིས་སྐོར་སྐྱོད་ཏང་ཡོན་གྱི“ཆབ་སྲིད་སྐྱེས་སྐར”དང“སྐོར་སྐྱོད་ཏང་ཡོན་ཕ་ཡུལ་དུ་ལོག་པར་དགའ་བསུ་ཞུ་བའི”བྱ་འགུལ། བཞུགས་མོལ་ཚོགས་འདུ། བརྗོད་དོན་ཏང་གི་ཉིན་མོ་སོགས་ཐེངས20ལྷག་སྤེལ།
“དོ་དམ+ཞབས་ཞུ”ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཁར་འཚམ་པའི་དོ་དམ་བྱས་པ། སྐོར་སྐྱོད་ཏང་ཡོན་དུས་ཐོག་ཏུ་ཉེ་འགྲམ་དང་ཡང་ན་བབ་མཐུན་ཏང་རྩ་འཛུགས་ཀྱི་ཞབས་ཞུ་དང་དོ་དམ་ཁྱབ་ཁོངས་སུ་བཞག་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་ཤིང་ལེགས་པའི་སྒོ་ནས་སྐོར་སྐྱོད་ཏང་ཡོན་གྱི་ཕྱིར་བགྲོད་ལས་སྒྲུབ་ཐད་དཔང་ཡིག་སྣ་ཚོགས་བཟོས་ཏེ། མི་ཤུགས་དང་སྤྱི་ཚོགས་ཐོན་ཁུངས། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་སྐྱོན་ལྷན་ཚོགས་སོགས་སྡེ་ཁག་མང་པོར་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་རོགས་རམ། ལས་སྐྲུན་དངུལ་བུན་སོགས་ཀྱི་སྲིད་ཇུས་ཞབས་ཞུ་མཁོ་སྤྲོད་བྱས། མིག་སྔའི་བར་དུ། རྫོང་ཡོངས་སུ་བསྡོམས་པས་ལས་ཞུགས་ལས་སྐྲུན་གསོ་སྦྱོང་འཛིན་གྲྭ་སྐབས2བསྒྲུབས་པ་དང་། སྐོར་སྐྱོད་ཏང་ཡོན25གསོ་སྦྱོང་དུ་ཞུགས། “ལས་ཞུགས་རོགས་སྐྱོར”དང“དཔྱིད་རླུང་འགུལ་སྐྱོད”སོགས་གདན་ཞུ་ཚོགས་འདུ་སྣ་ཚོགས་ཐེངས15སྤེལ་ཞིང་། རིམ་བསགས་ཀྱིས་ལས་རྐང300ལྷག་མཁོ་སྤྲོད་བྱས་ཏེ། སྐོར་སྐྱོད་ཏང་ཡོན་ལ་གདམ་གསེས་བྱེད་དུ་བཅུག །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།