ཚོན་ལྡན་རིག་གནས་ལྡེབས་རིས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་སྙིང་སྟོབས་མངོན།

ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།

སྒྱུ་རྩལ་ལ་བརྟེན་ནས་གྲོང་གསེབ་ལ་བཀྲག་མདངས་འཚེར་བར་བྱས་ཏེ་ཡུལ་སྲོལ་ཡ་རབས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།     ཉེ་བའི་ལོ་ཤས་རིང་།    མང་རྫོང་གིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ལྡེབས་རིས་བེད་སྤྱད་དེ་གྲོང་ཚོ་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་དང་ཁྱད་ལྡན་ཐོན་ལས་དང་ཟུང་འབྲེལ་ཧུར་ཐག་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལྡེབས་རིས་ཞིག་བཟོས་པ་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སུ་བཏང་སྟེ་གྲོང་གསེབ་ཀྱི་རྣམ་པ་མཛེས་སུ་བཏང་ཡོད།     

མང་ཆུ་གྲོང་རྡལ་ཤ་ར་སྡེ་བ་དང་།    མདའ་གཞི།    མང་ར་ཤང་མཆོད་རྟེན་ཐང་སྡེ་བར་སྐྱོད་སྐབས་གཞུང་ལམ་གཡས་གཡོན་གྱི་ཚོན་ལྡན་ལྡེབས་རིས་དེ་མངོན་པར་གསལ་ནས་ཡོད།     ལྡེབས་ངོས་སུ་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཤེས་བྱ་དང་།   སྲིད་ཇུས་འགྲེལ་བཤད།    ད་དུང་གྲོང་གསེབ་ཀྱི་མཛེས་ལྗོངས་དང་།    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ།    ཁོར་ཡུག་སྲུང་སྐྱོང་ཚན་རིག་ཁྱབ་གདལ་སོགས་ཀྱི་ནང་དོན་འདུས་ཡོད་ཅིང་།    རི་མོ་རེ་རེ་ཡིས་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་།    ཡུལ་སྲོལ་ཡ་རབས།    མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་ལྡེབས་རིས་ལས་འགྲེམས་སྟོན་བྱས་ནས་དམངས་ཚོགས་ལ་གསལ་སྒྲོག་བྱས་ཡོད།    

མང་རྫོང་མང་ཆུ་གྲོང་རྡལ་ཤ་ར་སྡེ་བའི་སྡེ་མི། ལི་ལིན་ཞང་གིས། སྔོན་ཆད་སྐྱ་སྐྱ་ཐིང་ཐིང་གི་གྱང་ངོས་རྐྱང་བ་ཡིན་པ་དང་ད་ལྟ་སྣ་མང་ཕུན་སུམ་ཚོགས་པའི‘རིག་གནས་ལྡེབས་རིས་སུ་གྱུར་ནས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད།    སྡེ་བའི་རྣམ་པ་ཡང་ལེགས་སུ་ཕྱིན་ནས་མི་རྣམས་ཀྱིས་ཤེས་བྱ་སྦྱོང་ཐུབ་པ་དང་མཐོང་རྒྱ་ཆེ་རུ་ཕྱིན་ཡོད།     སྤུས་ཚད་མཐོ་བའི་ལྡེབས་རིས་ནི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པའི་ལས་དོན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་།    ཏང་སྲིད་དམག་ཁེ་ལས་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་དེ་བཞིན་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་ཞིང་སྡེ་75མཛེས་སྡུག་ལྡན་པའི་གཞིས་ཁྱིམ་བསྐྲུན་རྒྱུ་དང་།     གསོན་ཉམས་དོད་པའི་ཚོན་ལྡན་ལྡེབས་རིས་རེ་རེ་ལས་གྲོང་ཚོ་དང་སྡེ་ཁུལ་གྱི་ཁོར་ཡུག་མཛེས་པོ་ཞིག་བཏོད་པ་དང་།    མང་ཚོགས་ཚོས་དང་ལེན་བྱེད་བདེ་བ་དང་ཞུགས་རྒྱུར་དགའ་པོ་བྱེད་པ།    སློབ་གསོ་ཐེབས་པའི་ནུས་པ་འདོན་སྤེལ་བྱེད་པ།    རིམ་བཞིན་སྡེ་སྲོལ་དམངས་ཆིངས་ལག་ལེན་བསྟར་བ།    དམངས་སྲོལ་བབ་ཆགས་ཀྱི་དར་སྲོལ་གསར་པ་བཙུགས་པ།      ཤེས་དཔལ་གྱི་སྲོལ་གསར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི“བདེ་སྐྱིད་ཐོབ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།    

མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། ཀུན་བཟང་བཀྲ་ཤིས། གསེར་མཚོ་སྐྱིད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།