ཉེ་སྔོན། མང་རྫོང་སྲིད་གྲོས་ཀྱིས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཕྱོགས་སྒྱུར་རིམ་སྤོར་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།རྫོང་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ།ཀྲུའུ་ཞི་གཞོན་པ་དབྱི་ཅི་ཆིན་དང་རྫོང་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི།རྫོང་སློབ་གསོ་ཅུའུ།རྫོང་ནོར་སྲིད་ཅུའུ།སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བ་བཅས་བརྟག་ཞིབ་བྱེད་སྒོར་ཞུགས།
བརྟག་ཞིབ་ཚོ་ཆུང་གིས་སྙན་ཞུར་ཉན་པ་དང་ཡུལ་དངོས་སུ་ལྟ་ཞིབ།བཞུགས་མོལ་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔ་རྗེས་སུ་མཁར་གྲོང་བཅའ་སྡོད་སློབ་ཆུང་གཉིས་པ་དང་།རྫོང་མི་རིགས་སློབ་འབྲིང་།རྫོང་སློབ་འབྲིང་།མགོ་མང་བཅའ་སྡོད་སློབ་ཆུང་།རྫོང་མི་རིགས་སློབ་འབྲིང་བཅས་སུ་སློབ་གྲྭའི་སློབ་ཁྲིད་འཕེལ་རྒྱས་དང་།སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་།སློབ་ཁྲིད་ཀྱི་སྤུས་ཚད།སློབ་གྲྭའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།
བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས“སློབ་ཁྲིད་ཀྱི་སྤུས་ཚད་མཐོར་གཏོང་”ལ་དམིགས་ནས་སེམས་ཀྱི་མྱོང་ཚོར་གླེང་བ་དང་།ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱེད་པ།མིག་སྔའི་ལས་དོན་སྤེལ་སྐབས་ལྷག་པའི་གནད་དོན་དང་འཕྲད་པའི་དཀའ་ངལ་ལ་ཚུར་སྣང་བཅས་བྱས་ཏེ་རང་རྫོང་གི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱས།
བརྟག་ཞིབ་ཚོ་ཆུང་གིས་བླང་བྱར།ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་།བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་བརྟེན་ནས་རྒྱ་ཆེའི་དགེ་སློབ་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་བསྣན་ཏེ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་བཙུགས་ནས་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་།སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་གཏོང་བ།སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་ལ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་དང་།སློབ་གསོའི་ལས་དོན་གྱི་ངོ་བོའི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ།སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།མང་ཚོགས་ལ་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས།སློབ་གྲྭའི་བདེ་འཇགས་ལས་དོན་ལ་མུ་མཐུད་དུ་ཤུགས་བསྣན་ཏེ་སློབ་གྲྭའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་རྒྱུན་མི་ཆད་པར་ཇེ་ཆེར་བཏང་ནས་སློབ་གྲྭའི་བདེ་འཇགས་ཀྱི་བླང་བྱ་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་དགེ་སློབ་ཚོར་བདེ་འཇགས་དང་བརྟན་ལྷིང་གི་སློབ་གྲྭའི་ཁོར་ཡུག་བཏོད་ནས་སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།