“རྩ་གནད་གསུམ”ཁོང་དུ་ཆུད་པའི་སྒོ་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་མངོན་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། གཅིག་སྒྲིལ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཀྲི་པུའུ་ཡིས“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”ཅེས་པའི་སྤྱིའི་བླང་བྱ་ལྟེ་བར་བཟུང་སྟེ། “རྩ་གནད་གསུམ”གྱི་བྱ་བའི་རིག་ལམ་གསལ་བོ་བྱས་ཏེ། གནད་དུ་ཁེལ་བའི་སྒོ་ནས་སྟོབས་ཤུགས་བཏོན་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

 གཞུང་ལུགས་སློབ་སྦྱོང་གི་རྩ་གནད་ཁོང་དུ་ཆུད་པར་བྱས་ཏེ། སྙིང་སྟོབས་དང་གོ་རྟོགས་བསྐྱེད་པ།  བརྗོད་དོན་གྱི་གཙོ་གནད་དམིགས་སུ་བཟུང་ནས་སློབ་སྦྱོང་བྱེད་ཡུལ་ཁྱོན་ཡོངས་ཁྱབ་པ་དང་། སློབ་སྦྱོང་ནང་དོན་ལྷག་ལུས་མེད་པ། སློབ་སྦྱོང་འཆར་གཞི་ལུགས་མཐུན་ཡིན་པ་བཅས་སྒྲུབ་ཐུབ་པར་བྱས་པ་དང་། བརྗོད་དོན་སློབ་གསོ་ནན་ཏན་སྒོས་སློབ་པ། ཞིབ་མོར་སློབ་པ། སེམས་གཏིང་ནས་སློབ་པ་བཅས་ལ་སྐུལ་འདེད་བྱས། “3+x”གཞུང་ལུགས་སློབ་སྦྱོང་གི་ནང་དོན་མ་ལག་ནི་སློབ་སྦྱོང་གི་ནང་དོན་གཙོ་བོ་ཡིན། མིག་སྔའི་བར་དུ། རྫོང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”བརྒྱུད་དེ་གཅིག་བསྡུས་སློབ་སྦྱོང་ཐེངས8དང་། ཏང་གི་སློབ་ཁྲིད་ཐེངས1དང་། ཏང་གི་སློབ་ཁྲིད་ཆུང་གྲས་ཐེངས1དང་། སྔོན་ཐོན་བྱས་རྗེས་ཆེད་དོན་བརྙན་ལ་ཐེངས2རྩ་འཛུགས་བྱས་ནས་བལྟས་པ་དང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཐེངས2སྤེལ།

 ལས་སྒྲུབ་གསར་གཏོད་ཀྱི་རྩ་གནད་ཁོང་དུ་ཆུད་པར་བྱས་ཏེ། འགན་འཁྲིའི་འདུ་ཤེས་ཇེ་དྲག་ལ་བཏང་བ། བརྗོད་དོན་སློབ་གསོ་སྔར་བས་དོན་དངོས་དང་འཚམས་ཆེད། ཏང་ཡོན་ལས་བྱེད་པས་སེམས་རྣལ་དུ་ཕབ་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། ཧུར་བརྩོན་གྱིས་དོན་དངོས་སྒྲུབ། ཏང་ཡོན་སྡེ་ཁུལ་ལ་སོང་ནས་མིང་ཐོ་འགོད་པ་དང་། བསམ་འདུན་ཆུང་ངུ་རྟོགས་པ་དང་། རྒན་གསོ་ཁང་གི་ལོ་ལོན་ལ་འཚམས་འདྲི་བྱས་ནས་དང་བླངས་པའི་བྱ་འགུལ་སྤེལ། ཏང་གི་འཛུགས་སྐྲུན་དོན་འཁྱོལ་བྱེད་པའི“འབྲེལ་གཏུགས་བཞི་རྒྱུགས་ཤོག་གསུམ”བྱ་བའི་ནང་རྐྱེན་དང་སྦྲེལ་ཏེ། མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་པ་དང་། བར་གཞི་ཞང་རྫ་ཡུལ་སྡེ་བའི་ཏང་ཀྲི་པུའུ་དང་མཉམ་དུ་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་དང་ཀྲི་པུའུ་མཉམ་འཛུགས་བྱ་འགུལ་སྤེལ་བ་དང་། དངོས་གནས་མང་ཚོགས་ལ་རོགས་རམ་བྱས་ནས་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་བྱས་པ་དང་། རྒྱུན་མཐུད་ནས་འཇོན་མི་ནང་འདྲེན་གྱི་བྱ་བ་དོན་འཁྱོལ་བྱས་པ་དང་། རྫོང་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི287བརྩོན་ལེན་བྱས་པ་དང་། ཕྱོགས་སོ་སོའི་ཐོན་ཁུངས་སྔོག་འདོན་གྱི་ཐད་ལ་བཀོལ་བ་དང་། རྫོང་སྨན་ཁང་ལ་བུད་མེད་ཆེད་མཁས་པ་ནང་འདྲེན་བྱས། མིག་སྔའི་བར་དུ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་དངོས་ཡོད་གནད་དོན4ཐག་གཅོད་བྱས།

 ལྟ་བཤེར་བཅོས་སྒྲིག་གི་རྩ་གནད་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློའི་འགོག་སྲུང་ལ་རྒྱལ་ཁ་བླངས་པ། གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ལ། རྩ་འཛུགས་པུའུ་ཡི་ཏང་ཀྲི་པུའུ་ཡིས་སློབ་སྦྱོང་བྱེད་ཞོར་དང་བསམ་བློ་གཏོང་ཞོར། ཞིབ་བརྟག་ཞིབ་བསྡུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་པ་དང་། རང་འགུལ་གྱིས་ཚད་གཞིར་བསྡུར་བ་དང་། གཏིང་ཟབ་པའི་སྒོ་ནས་གནས་པའི་གནད་དོན་དང་མི་འདང་ས་བཙལ་བ་དང་། མང་ཚོགས་ཀྱིས་བཤད་པ་དང་རང་གི་འཚོལ་བ། གོང་རིམ་གྱིས་སྟོན་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ཀྲི་པུའུ་ཡིས་ལྟ་བཤེར་གནད་དོན3བཙལ་བ་དང་། བཅོས་སྒྲིག་བྱེད་ཐབས6གཏན་འབེབས་བྱས། ཏང་ཡོན་ལས་བྱེད་པས་ལྟ་བཤེར་གནད་དོན8བཙལ་བ་དང་། བཅོས་སྒྲིག་བྱེད་ཐབས15གཏན་འབེབས་བྱས། ལྟ་བཤེར་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་པ་བརྒྱུད་དེ། ཟུར་བསྟན་ལེབ་མཐོང་དང་སྐྱོན་ཆུང་དུས་ཐོག་ཏུ་སེལ་ཐུབ་པར་བྱས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།