པད་མ་རྫོང་བུད་མེད་ལྷན་ཚོགས་ཀྱིས་དགུན་ཁར་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གཞི་རིམ་དུ་སྐྱོད་པ་བཞི”ཡི་མཛུབ་སྟོན་གལ་ཆེན་སྐོར་གྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དངོས་འབེབས་བྱེད་པ་དང་ཧུར་ཐག་གིས་དཀའ་ངལ་ཅན་གྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྤྱི་ཚོགས་ཁོར་ཡུག་རྣམ་པ་བཟང་པོ་ཞིག་བསྐྲུན་པར་དོ་ཁུར་བྱ་ཆེད། ཟླ11པའི་ཚེས21ཉིན། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྡོ་གོང་མ་ཞང་ཞག་སྡོད་སློབ་ཆུང་དང་ཡར་ཐང་ཞང་ཞག་སྡོད་སློབ་ཆུང་དུ“དགུན་ལྭ་གཅིག་གི་འགྲོ་རོགས”ཞེས་པ་བརྗོད་དོན་ཡིན་པའི་དགུན་ཁར་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།

 རུས་རྐང་གཟེར་བའི་ལྷགས་རླུང་གིས་བྱམས་བརྩེ་ཡི་བགྲོད་ལམ་འགོག་མི་ནུས་ལ། དགུན་ཟླ་ར་བའི་འཁྱག་གྲང་གིས་དྲོད་ཁོལ་སྐྱེལ་བའི་བརྩེ་སེམས་གཞོམ་མི་ནུས། བྱ་འགུལ་གྱི་སྐབས་སུ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྒྲོལ་མས་བྱིས་པ་ཚོ་དང་བྱམས་བརྩེ་ངང་ཁ་བརྡ་བྱས་པ་དང་གནམ་གཤིས་འགྱུར་ལྡོག་སྐབས་སུ་ལྭ་བ་དྲོན་པོ་གྱོན་དགོས་པའི་ཁ་ཏ་བྱས་པ་མ་ཟད། ཧོང་ཕུའུ་ཆུས་མི་རིགས་མཉམ་འབྲེལ་དང་ཧོང་ཕུའུ་ཆུས་ན་གཞོན་དང་བླངས་པའི་མཐུན་ཚོགས། ཧོང་ཕུའུ་ཆུས་ཆེས་མཛེས་པའི་ཁྱིམ་ཚང་གི་དཔལ་ཡོན་མནའ་འབྲེལ་ཚོགས་པ། ཡུས་ཡོན་སྲང་ལམ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཡན་ལག་ལྟེ་གནས། ཧྲང་ཧེ་ཕུའུ་ཅང་ཧུའེ་གཞིས་ཁུལ་སྤྱི་ཕན་འཕེལ་རྒྱས་ལྟེ་གནས་བཅས་ཀྱིས་སྐྱེས་སུ་གནང་བའི་དགུན་དུས་ཀྱི་གྱོན་པ་དང་ལྷམ། ཞ་སྨྱུག་སྒམ་སོགས་བྱིས་པ་ཚོར་སྤྲད། བྱིས་པ་ཚོས་ལུས་ལ་དྲོད་ལམ་ལམ་གྱི་དགུན་ལྭ་གྱོན་ཞིང་གདོང་ལ་བདེ་སྐྱིད་ཀྱི་སྤྲོ་སྣང་གིས་ཁེངས་འདུག དཀའ་ངལ་ཅན་གྱི་བྱིས་པ་དང་གཞིས་སྲུང་བྱིས་པ། ཕ་མ་གཅིག་ལས་མེད་པའི་ཁྱིམ་ཚང་བཅས་ལ་མཚོན་ན་དྲོད་ཁོལ་ལྡན་པའི་དགུན་ལྭ་ཞིག་གིས་དགུན་གྱི་གྲང་ངར་འགོག་ནུས་པར་མ་ཟད།བྱིས་པ་ཚོའི་ནར་མ་སོན་པའི་སེམས་ལ་བདེ་སྐྱིད་ཀྱི་ཚོར་བའང་སྩོལ་ནུས།

 ཐེངས་འདིའི་འཚམས་འདྲིའི་བྱ་འགུལ་གྱིས་དཀའ་ངལ་ཅན་གྱི་བྱིས་པ་དང་གཞིས་སྲུང་བྱིས་པ། ཕ་མ་གཅིག་ལས་མེད་པའི་ཁྱིམ་ཚང་བཅས་ལ་ལེགས་སྐྱེས་སྦྱིན་པར་མ་ཟད། བརྩེ་བའི་དྲོད་ཁོལ་དང་སྙིང་སྟོབས་ཀྱང་བསྩལ། མ་འོངས་པར། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་ནན་མོ་ལག་བསྟར་དང་བརྩེ་སེམས་མང་ཚོགས་ལ་སྦྲེལ་ཞིང་། དཀའ་ངལ་ཅན་གྱི་བུད་མེད་དང་བྱིས་པར་སེམས་ཁུར་དང་བརྩེ་བ་བཅངས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་བརྩེ་དག་ཉམ་ཆུང་མང་ཚོགས་ཁྲོད་བསྐྱལ་ཏེ། རྒྱུན་མཐུད་ངང་བུད་མེད་དང་བྱིས་པ་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབ་རྒྱུ་རེད། ། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།