གཞིས་རྙིང་བསྒྱུར་བཀོད་ནི་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ་དམངས་སེམས་འདུ་འགོད་ཅིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་མང་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་བྱ་བ་རེ་རེ་ལ་བརྟེན་ནས་དམངས་སེམས་གཅིག་སྡུད་དང་། ཡིད་ཆེས་ཆེར་གཏོང་། དམངས་ལ་ཞབས་འདེགས་ཞུ་བའི་སྣང་བརྙན་བཟང་པོ་གཏོད་ཡོད་ཅིང་། དུས་བདེ་འཛུགས་སྐྲུན་དང་གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་གཞིས་ཁུལ་“ཁོར་ཡུག་གོ་རིམ་ལྡན་པ་དང་། བདེ་འཇགས་ཚོད་འཛིན་ཐུབ་པ། དོ་དམ་ཕན་འབྲས་ཆེ་བ། མང་ཚོགས་བློ་ཡིད་ཚིམ་པོ་བྱེད་པ”བཅས་ཀྱི་མི་འཚོ་སྡོད་ཁོར་ཡུག་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་མཐོ་རུ་ཕྱིན་ནས“གྲོང་མིས་འཚོ་བ་གསར་པར་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
2023ལོར་རང་རྫོང་གིས་སྒོར་ཁྲི1188.15ལྷག་ཙམ་བཏང་ནས་སྐལ་བཟང་མེ་ཏོག་གཞིས་ཁུལ་དང་། གཙང་འགྲམ་གཞིས་ཁུལ། ལྷོ་སྟེགས་གཞིས་ཁུལ། མང་ཆུའི་ཁྱིམ་གཞིས། དམག་བཀུར་གཞིས་ཁུལ་སོགས་སུ་རླངས་འཁོར་འཇོག་ས་དང་། ས་ངོས་ཁོད་སྙོམས། ཁང་བའི་ཆུ་འགོག བཙོག་ཆུ་ཕྱིར་འབུད་ས། ཐང་ཆེན་དང་སྒོ་ཆེན། ཁང་བརྩེགས་ཕྱི་ངོས་མཛེས་བཟོ་སོགས་ཉམས་གསོ་བྱས་པས་སྡོད་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད་པར་མ་ཟད། གཞིས་ཁུལ་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་མང་བ་དང་གྲལ་བཤེར་བྱེད་དཀའ་བ་སོགས་སྡོད་དམངས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་ཆེད་ལྟ་སྐུལ་ཚོད་འཛིན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། མང་རྫོང་འགན་ལེན་རང་བཞིན་གྱི་སྡོད་ཁང་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན། ཝང་ལེའང་། “2023ལོར་རང་རྫོང་གི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུ་དེ་གཞིས་ཁུལ་ཆུང་6དང་འབྲེལ་བ་ཡོད་པ་དང་། དེ་ནི་སྐལ་བཟང་མེ་ཏོག་དང་། གཙང་འགྲམ་གཞིས་ཁུལ། སྤྱི་བྱིངས་གཞིས་ཁུལ། ལྷོ་སྟེགས་གཞིས་ཁུལ། མགོ་མང་གྲོང་རྡལ་གྱི་མགྲོན་བསུ་གཞིས་ཁུལ། མཐུན་སྒྲིལ་གཞིས་ཁུལ་བཅས་ཡིན། སྒྱུར་བཀོད་རྣམ་གྲངས་ཟླ་6པའི་ཟླ་འགོ་ནས་ལས་འགོ་ཚུགས་པ་དང་ཟླ་9པའི་ཟླ་མཇུག་ཏུ་ཚང་མ་སྒྱུར་བཀོད་བྱ་རྒྱུ་རེད།
མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་དང་ཆབས་ཅིག་འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། གཞིས་ཁུལ་དུ་རླངས་འཁོར་འཇོག་དཀའ་བའི་གནད་དོན་མངོན་གསལ་ཡིན་པས། གཞིས་ཁུལ་གྱི་རླངས་འཁོར་འཇོག་ས་དོ་དམ་ཚད་ལྡན་ཡོང་བ་དང་། སྡོད་དམངས་ཀྱི་རླངས་འཁོར་འཇོག་ས་ཉུང་དྲགས་པ། རླངས་འཁོར་གང་བྱུང་དུ་འཇོག་རིགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱ་ཆེད། ལྷོ་སྟེགས་གཞིས་ཁུལ་དང་། སྐལ་བཟང་གཞིས་ཁུལ། གཙང་འགྲམ་གཞིས་ཁུལ་སོགས་ལ་དུས་འགོའི་བརྟག་ཞིབ་བྱས་ནས་རླངས་འཁོར་འཇོག་ས་584མང་དུ་བཏང་ཡོད། སྐལ་བཟང་གཞིས་ཁུལ་གྱི་སྡོད་དམངས། ཨའེ་ཕུའུ་ཡིས་བཤད་རྒྱུར།“ང་ཚོ་སྐལ་བཟང་གཞིས་ཁུལ་དུ་ད་ལྟ་སྒྱུར་བཀོད་ཧ་ཅང་ཡག་པོ་བྱས་ཡོད་པས་རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། རླངས་འཁོར་འཇོག་ཡུལ་གྱི་སོ་ཕག་ཚང་མ་ཡང་གསར་དུ་བརྗེས་ཡོད་པས་ངོ་མ་བཟང་ཟེར།
མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། ནམ་མཁའ་ཐར། སྟག་འབུམ་རྒྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།