ཉེ་བའི་ལོ་ཤས་རིང་། མང་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་ཐབས་ལམ་དང་སྲིད་ཇུས་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཏང་འཛུགས་སྐྱོང་དེ་སྤྱི་ཚོགས་རོགས་སྐྱོབ་ཀྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་ཐུབ་པ་དང་། རང་འགུལ་ངང་ལམ་སྲོལ་ཤེས་རྟོགས་ཐུབ་པ། སྤྱི་ཚོགས་རོགས་སྐྱོབ་བྱེད་སྟངས་གསར་གཏོད་ཧུར་ཐག་བཅས་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རོགས་སྐྱོབ་ལས་དོན་སྤེལ་བ་ནས་བཟུང་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་75ཡི་སྡེ་ཁུལ་9ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་ལས་བྱེད་པ་ཁྱིམ་ཚང་དུ་བསྐྱོད་དེ་བཅར་འདྲི་དང་མཉམ་འབྲེལ་འགན་ལེན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་ཐོབ་ཐང་གསལ་སྟོན་དང་ལས་འགན་དང་ལེན་བྱེད་པ། རྒྱུན་དུ་གཞི་རིམ་དུ་བསྐྱོད་དེ་དྲིལ་བསྒྲགས་རོགས་སྐྱོབ་སྲིད་ཇུས་ལ་ཞིབ་བཤེར་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གྲལ་བཤེར་བྱེད་པ། དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བཅས་བྱས་པས་སྤྱི་ཚོགས་རོགས་སྐྱོབ་ཐད་རང་འགུལ་དང་གཅེས་སྐྱོང་ཟུང་འབྲེལ་གྱི་ལས་ཀའི་མ་ལག་ཅིག་ཆགས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་། བདེ་འཇགས་ཀྱི་ཚོར་སྣང་། བདེ་སྐྱིད་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད། བཅར་འདྲི། མང་རྫོང་མང་ཆུ་གྲོང་རྡལ་མདའ་གཞི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི། ཡུས་ཏེ་ཚའེ། “ང་ཚོའི་སྡེ་བར་ཁྱོན་ཁྱིམ་ཚང166དང་མི་གྲངས632ཏང་ཡོན་43ཡོད། 2022ལོར་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རོགས་སྐྱོབ’ཟུང་དུ་འབྲེལ་བའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ང་ཚོའི་སྡེ་བའི་ཏང་ཡོན་དང་སྡེ་སྡོད་ཏང་ཡོན་ལས་བྱེད་པ་ཚང་མ་རྫོང་དམངས་སྲིད་ཅུའུ་ཡི་རྩ་འཛུགས་ཀྱི་སྲིད་ཇུས་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད་ལ། རྫོང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་ལྟར་‘སྲིད་འཛིན་གྲོང་ཚོ་དང་དྲ་མིག་ཅན།ཏང་ཡོན་ཁྱིམ་སྦྲེལ’བཙུགས་ནས་རིམ་གསུམ་ཏང་འཛུགས་སྐྱོང་གི་དྲ་རྒྱའི་ལས་དོན་མ་ལག་ཀྱང་བཙུགས་ཡོད།
ཞང་དང་གྲོང་རྡལ་ཁག་འགན་འཁྲིའི་བྱེད་པོ་ཡིན་པ་དང་། དམངས་སྲིད་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་གཞོགས་འདེགས་ལག་བསྟར་བྱས་ནས“རྫོང་ཡོངས་བསམ་གྲོས་གཅིག་དང་། གོང་འོག་སེམས་པ་གཅིག་སྒྲིལ”གྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། “གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་། གྲོང་མིའི་ཚོ་ཆུང་ཚན་པར་བྱེད་པ། ཏང་ཡོན་གྱིས་ཁྱིམ་ཚང་ལ་འབྲེལ་གཏུག་བྱེད་པ”བཅས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་སྲོལ་བཙུགས་ནས་གྲོང་ཚོའི་ཏང་རྩ་འཛུགས་དང་གྲོང་མིའི་ཚོ་ཆུང་གིས་བཞུགས་མོལ་དང་བརྟག་ཞིབ་སོགས་ཀྱི་རྣམ་པར་བརྟེན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་དང་ཏང་ཡོན་དུས་བཀག་ལྟར་ཁྱིམ་ཚང་དུ་བསྐྱོད་དེ་གནས་ཚུལ་མཐིལ་རྟོགས་དང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ལས་དོན་སྤེལ་ནས་སྤྱི་ཚོགས་རོགས་སྐྱོབ་དེ“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བའི”བར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་བཅུག་པའི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་། ཀྲང་ཀྲེན་ཏེ། “ང་མདའ་གཞི་སྡེ་བའི་སྡེ་མི་ཞིག་ཡིན། ཁྱིམ་དུ་མི་གཉིས་ཡོད། ལོ་འགའི་སྔོན་སྡེ་བའི་ལས་བྱེད་པ་དང་། ཤང་། རྫོང་དམངས་སྲིད་ཅུའུ་བཅས་ཀྱི་ལས་བྱེད་པ་རྟག་ཏུ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་ཡོང་གི་ཡོད། སྐབས་དེ་དུས་ཁྱིམ་གྱི་ཆ་རྐྱེན་ཡག་པོ་ཡོད་སྟབས་ངས་སྲིད་ཇུས་ཁག་གཅིག་བློ་ལ་ངེས་མེད། ན་ནིང་ང་ལ་གློ་ནད་ཕོག་པ་དང་བཟའ་ཟླས་ཡང་ཡུན་རིང་སྨན་བསྟེན་དགོས་པས། ངེད་གཉིས་ཀྱི་སྨན་རིན་ཡང་མི་ཉུང་བ་ཞིག་དགོས། དེ་བས་ངས་འཕྲལ་མར་ངའི་འབྲེལ་གཏུག་ས་ཚིགས་ཀྱི་ཏང་ཡོན་ཀྲང་ཀོན་ཧའེ་ལ་འབྲེལ་བ་བྱས་པ་ཡིན། ཁོས་གྲོང་རྡལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་ངའི་མ་མཐའི་འཚོ་བ་འགན་ལེན་གྱི་རེ་བར་གྲོས་འཆམ་བྱུང་། ད་ལྟ་ཟླ་རེར་མ་མཐའི་འཚོ་བའི་འགན་ལེན་གྱི་སྒོར་1153ཡོད་པ་མ་ཟད། དུས་རྒྱུན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཀྱི་ཡོད། སྨན་བཅོས་འགྲོ་སོང་རྩིས་ཞུ་བྱས་རྗེས་སྒེར་གྱིས་སྤྲད་པའི་ཆ་ཤས་དེ་གནས་སྐབས་རོགས་སྐྱོབ་བརྒྱུད་ཐག་གཅོད་དང་། སྲིད་ཇུས་བཟང་བོ་འདི་དག་ལས་ང་ཚོའི་འཚོ་བར་བརྟེན་ས་དང་འགན་ལེན་ཡོད།
མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། ནམ་མཁའ་ཐར། སྟག་འབུམ་རྒྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།