“སྒྲིག་འགལ་གྱི་འཁོར་སྐར་བསྡུ་ལེན་སྒྲིག་ཆས་མེད་པའི་སྡེ་ཁུལ”གྱི་སྒོ་བྱང་འགེལ་བའི་མཛད་སྒོ་མང་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་ནས་སྤེལ།

ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།

ཉེ་ཆར།  མང་རྫོང་གི“སྒྲིག་འགལ་གྱི་འཁོར་སྐར་བསྡུ་ལེན་སྒྲིག་ཆས་མེད་པའི་སྡེ་ཁུལ”གྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མང་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་དུ་བསྡུས་པ་དང་མང་ཆུ་གྲོང་རྡལ་ཏང་ཨུ་དང་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

དངོས་གཞི། སྒོ་བྱང་བཀལ་བའི་མཛད་སྒོའི་ཐོག་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་གསང་བདག་རྒྱལ་གྱིས་ཤིས་ཚིག་ཕུལ་ནས་བསྟན་དོན།སྡེ་ཁུལ་ལས་བྱེད་པའི་དཀའ་སྤྱད་ངལ་རྩོལ་དང་མང་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་གྲོང་མི་ཡོངས་ཀྱིས་རྒྱབ་སྐྱོར་གང་ལེགས་བྱས་པ་བརྒྱུད།མང་ཆུ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱིས་མང་རྫོང་གི“སྒྲིག་འགལ་གྱི་འཁོར་སྐར་བསྡུ་ལེན་སྒྲིག་ཆས་མེད་པའི་”སྡེ་ཁུལ་ཐོག་མའི་སྒྲིག་འགལ་གྱི་འཁོར་སྐར་ཆེད་དོན་བཅོས་སྒྲིག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།རྫོང་ཡོངས་ཀྱི་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་དང་ལེན་ཧུར་ཐག་བྱས་ནས“སྒྲིག་འགལ་གྱི་འཁོར་སྐར་བསྡུ་ལེན་སྒྲིག་ཆས”རང་རྟོགས་ངང་སྤྱོད་རྒྱུར་བཀག་འགོག་བྱེད་པ་དང་།ཁྲིམས་འགལ་གྱི“སྒྲིག་འགལ་གྱི་འཁོར་སྐར་བསྡུ་ལེན་སྒྲིག་ཆས”ཐོན་སྐྱེད་དང་།བྲིན་ཚོང་།སྒྲིག་སྦྱོར།བེད་སྤྱོད་བཅས་ཀྱི་བྱ་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ།སྒྲིག་འགལ་ངང་སྒྲིག་སྦྱོར་བྱས་པའི་འཁོར་སྐར་བརྙན་འཕྲིན་རླུང་འཕྲིན་གྱི་ས་ངོས་བསྡུ་ལེན་སྒྲིག་བཀོད་རང་རྟོགས་ངང་ལེན་པ།ཁྲིམས་མཐུན་གྱི་རླུང་འཕྲིན་དང་བརྙན་འཕྲིན་གྱི་བརྡ་རྟགས་འབྱུང་ཁུངས་སྤྱད་ནས་བརྙན་འཕྲིན་ལ་ལྟ་བ་བཅས་ཀྱི་ཐོག་ནས་ཐུན་མོང་ཐོག་སྤྱོད་གཙང་གཞུང་དྲང་གི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ཁོར་ཡུག་བཟང་བོ་གཏོད་རྒྱུའི་དགོས་པ་བསྟན། 

ཐེངས་འདིའི་སྒོ་བྱང་འགེལ་བའི་བྱེད་སྒོའི་དམིགས་ཡུལ་ནི་འཁོར་སྐར་བརྙན་འཕྲིན་དང་རླུང་འཕྲིན་ས་ངོས་བསྡུ་ལེན་སྒྲིག་བཀོད་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་ངང་ཐོན་སྐྱེད་དང་།བྲིན་ཚོང་།སྒྲིག་སྦྱོར།བེད་སྤྱོད་བཅས་བྱེད་པའི་འཁོར་སྐར་བསྡུ་ལེན་སྒྲིག་བཀོད་བྱ་སྤྱོད་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་དང་།རིམ་པ་རྗེས་མར་རང་རྫོང་གིས་གཅིག་བསྡུས་བཅོས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྒྲིག་འགལ་གྱི་འཁོར་སྐར་བསྡུ་ལེན་སྒྲིག་ཆས་མེད་པའི་སྡེ་ཁུལ”གཏོད་པའི་བྱེད་སྒོ་སྤེལ་ནས་ཁྲིམས་འགལ་ངང་ཐོན་སྐྱེད་དང་།བྲིན་ཚོང་།སྒྲིག་སྦྱོར།བེད་སྤྱོད་བཅས་བྱེད་པའི་འཁོར་སྐར་བསྡུ་ལེན་སྒྲིག་བཀོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དུས་ཐོག་ཏུ་རྡུང་རྡེག་གཏོང་རྒྱུ་དང་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་བསྒྲགས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་བསྒྲགས་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དེ་རེད།

མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། རྡོ་རྗེ་གཅོད་པ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།