མང་རྫོང་མང་ཆུ་གྲོང་རྡལ་ཧོ་ཀྲོའུ་སྡེ་བའི་ཞབས་ཞུ་ལྟེ་གནས་ཀྱིས་རྒན་རྒོན་ཚོའི་བཟའ་བཏུང་ལ་འགན་ལེན་བྱས།

ཡོང་ཁུངས། མང་རྫོང་བརྙན་འཕྲིན་ཁང་།

མང་རྫོང་མང་ཆུ་གྲོང་རྡལ་ཧོ་ཀྲོའུ་སྡེ་བའི་ཞབས་ཞུ་ལྟེ་གནས་སུ་ལས་དོན་མི་སྣ་ཚང་མ་ལས་ལ་བྲེལ་ནས་ཡོད་ཅིང་།   གཏད་འཁེལ་གྱི་དུས་ཚོད་ལ་ཐོན་དུས་ཟ་མའི་དྲི་ཞིམ་གང་སར་འཐུལ་ཞིང་རྒན་པ་དག་གིས་གུང་ཟས་ཟ་བར་གྲ་སྒྲིག་བྱེད་བཞིན་ཡོད།  

རྒྱུས་ལོན་པ་ལྟར་ན།    སྡེ་བ་དེའི་ན་གཞོན་མང་པོ་ཞིག་ཕྱིར་ཞོར་ལས་ལ་བསྐྱོད་ཀྱི་ཡོད་པས་རྒན་པར་ལྟ་རྟོག་བྱེད་པ་དེ་དཀའ་བའི་གནས་སུ་གྱུར་ཡོད། ད་ལོའི་ལོ་སྟོད་དུ་རྒན་རྒོན་ཚོའི་ཟ་མའི་དཀའ་གནད་ཐག་གཅོད་བྱ་ཆེད།    གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྡེ་ཁུལ་ཞབས་ཞུ་ལྟེ་གནས་སུ་གཟའ་འཁོར་རེར་ཐེངས་གཉིས་ལ་སྡེ་བའི་ནང་གི་ལོ་ན་མཐོ་བའི་རྒན་རྒོན་ཚོར་གནས་འདི་རུ་ཟ་མ་སྐོལ་གྱིན་ཡོད། གལ་ཏེ་རྒན་རྒོན་ཚོའི་ལུས་པོའི་རྐྱེན་པས་སླེབས་མ་ཐུབ་ཚེ་སྡེ་བའི་ལས་བྱེད་པས་ཁོ་ཚོར་ཟ་མ་སྐྱེལ་གྱིན་ཡོད།  

མང་རྫོང་མང་ཆུ་གྲོང་རྡལ་ཧོ་ཀྲོའུ་སྡེ་བའི་རོགས་རེས་བདེ་སྐྱིད་ཁང་གི་འགན་འཁུར་པ། ཀྲང་ཡུས་ཅོན་གྱིས་བཤད་རྒྱུར། “ང་ཚོས་སྲིད་གཞུང་གིས་ཁ་གསབ་བྱས་ནས་ཟ་ཁང་འདི་བཙུགས་པ་ཡིན། རྒན་རྒོན་ཚོར་འཚོ་བཅུད་ལྡན་པའི་ཟ་མ་མཁོ་འདོན་བྱས་པ་མ་ཟད། སྤེལ་རེས་རོལ་རྩེད་ཀྱི་ལས་སྟེགས་ཤིག་ཀྱང་བཏོད་ཡོད།    རྒན་པའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད།    གྲོང་ཚོ་དེར་ད་དུང་མིག་མངས་ཁང་དང་།    ལུས་སྦྱོང་ཁང་།    དཔེ་གཟིགས་ཁང་།    རྒན་རྒོན་སློབ་གྲྭ། ལག་ཤེས་བཟོ་རྩལ་འགྲེམས་སྟོན་ཁང་།    རོལ་དབྱངས་ལུས་སྦྱོང་ཐང་ཆེན་སོགས་བཀོད་སྒྲིག་བྱས་ཡོད་ཅིང་རྒན་བཀུར་རྒན་སྐྱོར་གྱི་བྱེད་སྒོ་སྤེལ་ཏེ་ཁོ་ཚོར་དྲོ་སྐྱིད་སྦྱིན་པ་མ་ཟད།    མི་རབས་རྗེས་མར་ཡང་དཔེ་བཟང་གི་ལམ་ཡག་པོ་ཞིག་བསྟན་ཏོ། །    

མང་རྫོང་བརྙན་འཕྲིན་ཁང་གི་གསར་འགོད་པ། གསེར་མོ་མཚོ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།