ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་བཟོ་སྐྲུན་གྱི་སྐབས་དྲུག་པའི་སྐུལ་འདེད་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་བསྡུས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པའི་བྱ་བའི་འཕེལ་རྒྱས་གནས་ཚུལ་སྙན་ཞུ་བྱས་པ་དང་། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐང་ཧྥང་ལིན་གཉིས་ཀྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཉིན་དེར་ཚོགས་ཞུགས་མགོ་ཁྲིད་པ་དག་གིས་གུང་ཧོང་རྫོང་ས་གྲུ་བཞི་ཡུལ་ཚོའི་བྱེ་འགོག་ལོ་རྒྱུས་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་ཏེ། ཞིང་ཆེན་ཡོངས་དང་ཁྱད་པར་དུ་གུང་ཧོ་གཤོང་ས། ཚྭ་འདམ་གཤོང་སའི་བྱེ་འགོག་བྱེ་བཅོས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བྱེ་འགོག་བྱེད་སའི་ཡུལ་དངོས་ནས་བྱེ་འགོག་བྱེ་བཅོས་ཀྱི་སྒྲིག་ཆས་དང་རིགས་སྣ་ཚོགས་ཀྱི་བྱེ་འགོག་བཟོ་རྩལ། སྡོང་འཛུགས་ལག་རྩལ་སོགས་ལ་ལྟ་སྦྱོང་བྱས་ཏེ། ཕྱོགས་ཡོངས་ནས་ས་གྲུ་བཞི་ཡུལ་ཚོའི་བྱེ་འགོག་སྔ་གཞུག་གི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱས་པ་དང་། མཚོ་སྔོན་གྱི་བྱེ་འགོག་མི་སྣའི་བརྩེ་བ་ཟབ་མོ་དང་འཐབ་ཐབས་དགོངས་པ་སེམས་ཀྱིས་མྱངས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཆོད་སེམས་བརྟན་པོར་གོ་བ་ཟབ་མོ་བླངས།
ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་དུས་རབས་གསར་བའི་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་བཟོ་སྐྲུན་ཐད་རླབས་ཆེན་འཆར་འགོད་བྱས་ཡོད་ཅིང་། དུས་རབས་གསར་བའི་བྱེ་འགོག་མཁན་ལ་རེ་བཞག་ཆེན་པོ་བྱས་ཡོད་པས། ང་ཚོའི་སྣེ་ཁྲིད་དེ་དུས་རབས་གསར་བའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ཁྱད་མཚར་ལམ་དུ་བགྲོད་ཐུབ་དགོས། ཁོས་ནན་གྱིས་བསྟན་དོན། བྱེ་འགོག་བྱེ་བཅོས་བྱ་བ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཞན་ས་ཡིན་པས། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བྱ་བ་བསྒྲུབ་པ་དང་བསམ་ཕྱོགས་གསལ་བོ་ཡིན་པ། རང་གཅུན་ནན་མོ་བྱེད་པ་བཅས་ཀྱི་བྱ་བའི་རེ་བ་ལྟར། བྱེ་འགོག་བྱེ་བཅོས་བྱ་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ་རི་ཆུ་ནགས་གསུམ་དང་ཞིང་མཚོ་རྩྭ་གསུམ། བྱེ་མ་དང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་གཅིག་འདོམ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་དགོས། ཚན་རིག་དང་མཐུན་པར་སྒྲིག་བཟོ་འཆར་འགོད་བྱེད་པ་དང་རང་བྱུང་ཆོས་ཉིད་བརྩི་སྲུང་བྱེད་པ། མ་ལག་འདུ་ཤེས་ཆགས་པར་བྱས་ནས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། གྲུབ་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཚན་རིག་ལྟར་ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བྱང་གསུམ་བཟོ་སྐྲུན་གྱི་སྐབས་དྲུག་པའི་འཛུགས་སྐྲུན་ལས་འགན་ལ་བཀོད་སྒྲིག་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ས་གྲུ་བཞིའི་བྱེ་བཅོས་ཉམས་མྱོང་རྒྱུན་འཛིན་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བཟོ་སྐྲུན་དང་སྐྱེ་དངོས་ལ་བརྟེན་ནས་བྱེ་འགོག་སྲ་བརྟན་ཡོང་བ་ཟུང་འབྲེལ་བྱས་ཏེ། གནད་འཁེལ་གྱི་བཅོས་སྐྱོང་བྱེད་ཐབས་བཀོལ་ནས་བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་ཕན་ནུས་མཐོར་འདེགས་བྱེད་དགོས། ཆེ་ཕྱོགས་ལ་དམིགས་པ་དང་འགན་འཁྲི་ཁུར་དུ་བླངས་ཏེ། བྱང་གསུམ་གྱི་འགོག་སྲུང་ནགས་དང་ཞན་འགྱུར་ནགས་ཀྱི་སླར་གསོ་དང་ནགས་རྩྭ་གསར་བའི་འདེབས་འཛུགས་དམ་འཛིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དོ་དམ་འགོག་སྲུང་མཁན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྩྭ་ཕྱུགས་དོ་མཉམ་བྱ་བ་དམ་འཛིན་དང་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་ལས་ནགས་རྩྭའི་ཐོན་ཁུངས་ལ་གཏོར་བརླག་གཏོང་བར་ནན་སྲུང་བྱས་ནས། ཚད་གཞི་སྔར་ལས་མཐོ་བར་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འགོག་སྲུང་དམ་འཛིན་བྱེད་དགོས། འགན་འཁྲི་ཁུར་དུ་ལེན་ཕོད་པ་དང་དཀའ་ཁག་ལ་མི་སྐྲག་པ། ཡུན་རིང་བྱས་རྗེས་བཞག་སྟེ། སྤྱི་བསྡོམས་མཐོར་འདེགས་བྱེད་མཁས་པ་དང་། སློབ་སྦྱོང་དང་དཔེར་ལེན་གང་ལེགས་བྱས་ནས། མཛུབ་སྟོན་རོགས་རམ་བརྩོན་ལེན་སྒོས་དུས་རབས་གསར་བའི་བྱེ་འགོག་བྱེ་བཅོས་ཀྱི་རླབས་ཆེན་འཆར་འགོད་དེ་མཚོ་བོད་མཐོ་སྒང་ནས་མངོན་འགྱུར་བྱེད་དུ་འཇུག་དགོས་ཟེར།
ཐང་ཧྥང་ལིན་གྱིས་བསྟན་དོན། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་བུ་ཞིག་བཏོད་ཡོད། བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་རྨ་ནུབ་དོག་ལམ་ནས་ཐཱ་ཁི་ལཱ་མཱ་ཀན་བྱེ་ཐང་བར་གྱི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་ན་མཚོ་སྔོན་ལ་ནུས་པ་གལ་ཆེན་ཐོན་ཐུབ། མཐོ་སྒང་འཁྱག་གྲང་ཆེ་བའི་སྐྱེ་ཁམས་མ་ལག་གི་རང་སྟེང་སླར་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་འགོག་སྡོམ་སླར་གསོ། ནགས་ཚལ་དང་རྩྭ་སའི་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱེད་དགོས་ལ། ཤུགས་ཆེན་པོས་ཆུ་གྲོན་ཆུང་དང་ནགས་རྩྭ་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་ཁྲིད་སྟོན་དུ་བྱེད་པ་དང་། ཤུགས་ཆེན་པོས་རྩྭ་ས་དང་ས་ནག་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་ཐོན་ཁུངས་དང་ཕན་ནུས་ཆེ་བའི་འཕྲུལ་ཆས་ཀྱི་སྒྲིག་སྦྱོར་གྱི་གཞོགས་འདེགས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་ནགས་རྩྭའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་བསྟུད་མར་མཚོ་སྔོན་བར་གྱི་མཉམ་ལས་མཉམ་འཛུགས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་དུས་རབས་གསར་བའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ཁྱད་མཚར་བསྐྲུན་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཅིག་འདོམ་མཐུན་སྦྱོར་ལ་དོ་སྣང་བྱས་ཏེ་། འགན་འཁྲི་ཁུར་དུ་ལེན་པ་དང་རང་འགུལ་གྱིས་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་བཟོ་སྐྲུན་གྱི་ལས་འགན་ངོས་ལེན་བྱེད་པ་དང་། འཆར་འགོད་སྦྲེལ་མཐུད་དང་མ་ལག་བཅོས་སྐྱོང་། རྣམ་གྲངས་ལག་བསྟར་བཅས་ཀྱི་གཅིག་འདོམ་གང་ལེགས་བྱས་ཏེ། དཀའ་གནད་དང་གཙོ་གནད་གནད་དུ་བཟུང་ནས་ཟོལ་མེད་ཀྱིས་ལས་འགན་གསལ་ཁྲ་དང་འགན་འཁྲིའི་གསལ་ཁྲ་དངོས་འབེབས་བྱེད་དགོས། ཕྱོགས་བསྡུས་ཕན་ནུས་ལ་དོ་སྣང་བྱེད་པ་དང་། ཚན་རིག་ལྟར་བཅོས་སྐྱོང་རྣམ་པ་དང་ནགས་རྩྭའི་འདེབས་འཛུགས་བཀོད་སྒྲིག བཟོ་སྐྲུན་བྱེད་ཐབས། ལག་རྩལ་ཐབས་ལམ་བཅས་གདམ་གསེས་བྱས་ཏེ། ཧུར་ཐག་སྒོས་ཉི་འོད་ནུས་པའི་བྱེ་བཅོས་དང་ཁ་གསབ་རྣམ་པ་ཁྱབ་གདལ་དུ་བཏང་ནས། གོ་རིམ་ལྡན་པའི་སྒོ་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ས་གནས་རང་གི་རོང་འབྲོག་མང་ཚོགས་བསྡུ་ལེན་བྱས་ནས་ཡོང་འབབ་འཕར་བ་དང་ཕྱུག་བསྒྱུར་བྱས་ཏེ། ཧུར་ཐག་སྒོས་སྐྱེ་ཁམས་ཕན་ནུས་དང་དཔལ་འབྱོར་ཕན་ནུས། སྤྱི་ཚོགས་ཕན་ནུས་བཅས་མཉམ་དུ་ཐོབ་པ་མངོན་འགྱུར་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་། ཡུས་ཧྲུའུ། མགོ་ལོག རྨ་ལྷོ་བཅས་ཀྱི་ཁུལ་སྲིད་གཞུང་བར་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་པ་དང་། ཞིང་ཆེན་ནགས་རྩྭ་ཅུའུ་དང་མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ་བཅས་ཀྱི་སྲིད་གཞུང་གི་འགན་ཁུར་བས་གཏམ་བཤད་སྤེལ།
ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་། ལོའུ་ཀང་། ལིའུ་ཐའོ། ལིས་ཞའོ་ནན་བཅས་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།