[དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག ] ཏང་ཡོན་དང་མང་ཚོགས་ཀྱི་བློ་སེམས་གཅིག་ཏུ་མཐུན་པར་བྱེད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རང་རེའི་དྲ་བའི་འཕྲིན། “སྒོར100། སྒོར200 སྒོར300”ཞེས་རེ་རེ་བཞིན་རྩི་བཞིན་པའི་ཨ་ཅེ་མཚོ་ཁོའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག“ཤང་དང་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་རོགས་རམ་བྱས་པ་བརྒྱུད་ཤིང་འབྲས་མཉེན་མོ་དེས་དངུལ་མང་པོ་དེ་འདྲ་འཚོང་ཐུབ་ཀྱི་ཡོད་པ་བསམ་ཡུལ་ལས་འདས་པ་ཞིག་རེད”ཟླ་11ཚེས་6ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་རྡོ་རིལ་ཚང་གྲོང་ཚོའི་ཨ་ཅེ་མཚོ་ཁོས་ཆེས་མཐའ་མའི་ཤིང་འབྲས་ལི་བཙོངས་ནས་ཡོང་འབབ་སྒོར14000ལྷག་ཙམ་ཡོད་པ་རེད། མཉེན་མོའི་ལི་ནི་ཁྲི་ཀ་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་པོ་བྱེད་པའི་ཤིང་ཏོག་ཅིག་ཡིན་པ་དང་།དམངས་ཁྲོད་དུ་གློ་ལུ་བའི་སྨན་གྱི་ཐོག་མའི་དངོས་པོ་ཡིན་པས་ཧ་ཅང་དཀོན་པོ་རེད། རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་མཛེས་ཞེས་པའི་ཐུན་མོང་མ་ཡིན་པའི་རང་བྱུང་སྣོད་བཅུད་ཁོར་ཡུག་ལས་བྱུང་བ་ཞིག་ཡིན་པ་དང་།རྨ་ནུབ་གྲོང་རྡལ་ནི་ལྗང་མདོག་དང་སྐྱེ་ལྡན་གྱི་ཁྱད་ལྡན་ཤིང་འབྲས་ཐོན་སྐྱེད་བྱེད་པའི་གནས་ཡུལ་ཡག་པོ་ཞིག་རེད། མཚོ་སྔོན་ས་ཁུལ་གྱི་ཤིང་ཏོག་ལི་འབྲས་ཀྱི་ཕ་ཡུལ་ཡིན་པའི་ཆ་ནས།ཁྲི་ཀ་རྫོང་གི་མཉེན་མོའི་ལི་གང་སར་སྐད་གྲགས་ཆོད་པ་དང་།ཁྱིམ་ཚང་ཚང་མའི་ཤིང་འབྲས་ལྡུམ་ར་ཚང་མར་ལི་སྡོང་ཡོད་པ་དང་།ལོ་ལྟར་གྱི་ཟླ་10པ་ནི་ཤིང་འབྲས་ལིར་ལོ་ལེགས་བྱུང་བའི་དུས་ཚིགས་ཤིག་རེད།

སིལ་ཏོག་ལི་ཡི་རིན་གོང་ཆེས་ལེགས་པ་ཞིག་ཇི་ལྟར་བཙོང་དགོས་སམ། མང་ཚོགས་ཚོར“ལས་དོན་སྒྲུབ་པར་རྒྱུག་མི་དགོས་པ་དང་ཏང་ཡོན་གྱི་ཁྱིམ་དུ་འཚོལ་བའི”སྟབས་བདེ་དངོས་འབྲེལ་ཚོར་ཐུབ་པ་བྱ་ཆེད།རྨ་ནུབ་གྲོང་རྡལ་གྱིས་ཏང་ཡོན་ཁྱབ་ཚུལ་དང་མང་ཚོགས་ཀྱི་སྡོད་གནས་གནས་ཚུལ་ལ་གཞིགས་ནས་ཐག་ཉེ་ས་ནས་སྟབས་བདེ་ཡོང་བའི་རྩ་དོན་གཞིར་བཟུང་།“ཏང་ཡོན་གྱིས་མང་ཚོགས་འདེམས་པ་དང་མང་ཚོགས་ཀྱིས་ཏང་ཡོན་འདེམས་པའི”ཁྱིམ་སྦྲེལ་བྱེད་ཐབས་སྤྱད་དེ་དམངས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ཡོད།

ཟླ་11ཚེས་5ཉིན་རྨ་ནུབ་གྲོང་རྡལ་དུ་སྐྱོད་སྐབས་ལོ་ལེགས་བཟང་བའི་འཕྲིན་སྙན་ག་ས་གང་དུ་ཐོས་ཐུབ། “མང་ཚོགས་ནི་དོན་ཆུང་མིན་པས་ང་ཚོས་ཏང་ཡོན་གྱི་དུད་སྦྲེལ་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཏང་ཡོན་གྱི་ཁས་ལེན་ལག་བསྟར་གྱི་ལས་སྒྲུབ་སྤྲོ་སེམས་སུ་བསྒྱུར་ནས་ཆ་སྒྲིག་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཞིང་དུད་ཀྱི་ཁྱིམ་དུ་ཤིང་ཏོག་ལི་འཐུ་རོགས་བྱས་པ་མ་ཟད།ད་དུང་ཤིང་ཏོག་དང་སྔོ་ཚལ་ཕྱིར་ཚོང་ཚོང་པ་དང་འབྲེལ་བ་ཧུར་ཐག་བྱས་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཡོད”ཅེས་རྡོ་རིལ་ཚང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པ་དོན་གྲུབ་ཀྱིས་བཤད།

དཔྱིད་ཀྱི་ཉིན་མོར་ཤིང་ཏོག་ལི་ཡི་མེ་ཏོག་ཁ་བ་སྤྲིན་པ་ལྟར་དཀར །དབྱར་དུས་སུ་ལིའི་ལྡུམ་རའི་ནང་སྔོ་ཐིང་ངེར་གནས་པ་དང་།སྟོན་དུས་ཀྱི་ཉིན་མོར་ཤིང་འབྲས་སེར་པོ་དེ་ཡལ་གའི་མགོ་ལ་བཀལ་ནས་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན།མེ་ཏོག་གཅིག་ནས་འབྲས་བུ་གཅིག་བར་དང་།འབྲས་བུ་གཅིག་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གཅིག་སེམས་གཅིག་སྦྲེལ་བྱེད་པའི་བར།ཤིང་འབྲས་མཉེན་མོའི་ནུས་པ་མི་འདྲ་བ་འདོན་གྱི་ཡོད་པ་དེ་ནི་ཤིང་འབྲས་འདེབས་མཁན་ཞིང་པ་མང་ཚོགས་ལ་འབབ་འཕར་ཡོང་བའི་ཐབས་མཆོག་ཅིག་ཡིན་པ་མ་ཟད།ཏང་ཡོན་མང་ཚོགས་ཀྱི་སེམས་པ་དང་སེམས་དབར་འབྲེལ་གཏུག་བྱེད་པའི་ཟམ་པ་ཞིག་ཀྱང་ཡིན།བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།རྡོ་ལེ་ཚང་དང་དེ་བཞིན་མཐའ་འཁོར་གྲོང་ཚོའི་མཉེན་མོའི་ལི་ལ་ལོ་ལེགས་བྱུང་རྗེས་ཁྱོན་ཤིང་འབྲས་ལི་སྤྱི་རྒྱ་ཁྲི་30ལྷག་ཙམ་བཙོངས་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་90ལྷག་ཙམ་བྱུང་ཡོད།

“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ལག་བསྟར་བྱེད་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ‘ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ’དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་གོམ་སྟབས་རྗེས་མར་ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་ཡོན་གྱི་དུད་སྦྲེལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་ཏན་ཏིག་བྱ་རྒྱུ་ཡིན”ཅེས་རྨ་ནུབ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞུའེ་ཅུན་གྱིས་བཤད།

ཁྲི་ཀ་རྫོང་གི་གྲོང་ཚོ་མང་ཤོས་ཀྱི་ཤང་གྲོང་ཡིན་པའི་རྨ་ནུབ་གྲོང་རྡལ་དེའི་ཁོངས་གཏོགས་སུ་གྲོང་ཚོ་29ཡི་སྡེ་ཁུལ་1དང་མི་ཁྲི་2.52ཡོད་པ་དང་། ཏང་ཡོན་མང་ཚོགས་དུད་སྦྲེལ་བྱས་ནས་ཡུན་རིང་སོང་ཡོད།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་རིང་།རྨ་ནུབ་གྲོང་རྡལ་གྱི་གྲོང་ཚོ་ཁག་གི་ཏང་ཡོན་གྱིས་ཏང་ཡོན་དང་མང་ཚོགས་ཀྱི་དུད་སྦྲེལ་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ་དུས་བཀག་ལྟར་ཆ་སྒྲིག་དབུལ་སྒྲོལ་དུད་ཚང་དང་།ལྟ་ཞིབ་ཚད་ལེན།དུད་ཚང་དཀྱུས་མའི་ཁྱིམ་དུ་བསྐྱོད་དེ་དུད་ཚང་བཅས་ཀྱི་སེམས་གཏམ་ལ་གསན་དགོས་པ་མ་ཟད། མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཡོང་ཁུངས་དང་།    སྡོད་ཁང་གི་བདེ་འཇགས།    ངལ་རྩོལ་ནུས་པ།    བུ་ཕྲུག་སློབ་གྲྭར་བསྐྱོད་པ།    རྨོ་ཞིང་དང་ཕྱུགས་རིགས་གསོ་ཚགས་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་དུད་ཚང་དབུལ་སྒྲོལ་དང་ལྟ་ཞིབ་ཚད་ལེན་བྱེད་མཁན“གཙང་སེལ་བཞི”སྟེ་ཁྱིམ་ཚང་གི་གནས་ཚུལ་གསལ་པོ་དང་།    དཀའ་ངལ་འཕྲད་པའི་རྒྱུ་རྐྱེན།    ལས་ཞུགས་རྩལ་ནུས་གཙང་མ།    རོགས་སྐྱོར་གྱི་དགོས་མཁོ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱ་དགོས།    

“ལོ་གསར་གོང་ཁྱིམ་དུ་ལས་འཛོལ་ཚབས་ཆེན་ཐོན་པས་ངའི་འཚོ་བར་ཡིད་ཆེས་དེ་ཙམ་མེད་པར་གྱུར།ཆ་སྒྲིག་ཏང་ཡོན་གྱིས་ངའི་གནས་ཚུལ་ཤེས་རྗེས་དུས་ཐོག་ཏུ་ང་ལ་མ་མཐའི་འཚོ་བའི་འགན་ལེན་རེ་ཞུ་བྱས་ནས་ངའི་བུ་མོར་ལས་གནས་མཁོ་འདོན་བྱས་པས་ང་ཚོའི་ཁྱིམ་གྱི་ཁུར་པོ་ཡང་དུ་ཕྱིན་ནས་ཏང་ཨུད་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་མ་ཟད།ཆ་སྒྲིག་ཏང་ཡོན་གྱིས་ང་ཚོར་རོགས་རམ་བྱས་པའི་མྱོང་ཚོར་ཡང་བྱུང་ཡོད”ཅེས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་པའེ་ཞུའེ་ཡན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད།

ཐབས་ཇུས་དམངས་ལ་འདྲི་བ་དང་།དགོས་མཁོ་དམངས་ལ་འདྲི་བ།དུད་ཚང་དང་འབྲེལ་བ་བྱས་ནས་ཏང་དང་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་གྱི་མེ་སྟག་བྱུང་བ་རེད།བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་ཚུན་རྨ་ནུབ་གྲོང་རྡལ་གྱིས་ལས་བྱེད་པའི་སློབ་གསོ་དང་ལེན་དང་མང་ཚོགས་ལ་དངོས་ཕན་ཐོབ་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་དང་།དོ་ཁུར་ཆེ་ཤོས།དགོས་གཏུག་ཆེ་ཤོས་བཅས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་ལས་ཐོག་ཏང་ཡོན་གྱི་རང་ངོས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞབས་ཞུའི་རྣམ་པ་སྣུར་སྲིང་དང་ཞབས་ཞུའི་རྣམ་པ་ལེགས་སུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བའི་དོན་དངོས་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་མུ་མཐུད་དུ་བསྐང་ཐུབ་པ་བྱ་དགོས།

“སྲོལ་རྙིང་སྒྱུར་རྒྱུ་ནི་ཁྱེད་ཚོའི་ཁུར་གདོས་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཚང་མས་རང་འགུལ་ངང་བཀག་འགོག་བྱེད་པ་དང་ངོ་སོ་བསྡུར་རེས་བྱེད་པ་སོགས་ཀྱི་སྲོལ་ངན་བཀག་འགོག་བྱ་རྒྱུའི་རེ་བ་ཡོད”ཅེས་སྟོན་བསྡུའི་རྗེས་སུ་རྨ་ནུབ་གྲོང་རྡལ་གྱིས་“ས་ཁུལ་དང་གྲོང་ཚོ(སྡེ་ཁུལ)དང་ཐོན་སྐྱེད་མཉམ་ལས་ཁང”བཅས་རིམ་པ་གསུམ་གྱི་དྲ་མིག་དོ་དམ་ལམ་སྲོལ་རྨང་གཞིར་བྱས་ནས་དུད་སྦྲེལ་ཏང་ཡོན་ལས་བྱེད་པས་གཞི་རིམ་ཏང་འཛུགས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྒྲིག    བདེ་འཇགས་ཐོན་སྐྱེད།    ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་བའི“ཐུམ་བརྒྱབ་པའི”དྲ་ཞུགས་བྱས་པ་དང་དྲ་མིག་ཅན་གྱི་དོ་དམ་མི་སྣ་337གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འཁྲུག་ཆ་དོད་པ།    “སློབ་གྲྭར་སྐྱེལ་བའི”བྱེད་སྒོ་སྤེལ་བ།    མང་ཚོགས་དང་འབྲེལ་གཏུག་དང་།    དམངས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ།    འགལ་བ་འདུམ་སྒྲིགབརྟན་ལྷིང་སྲུང་སྐྱོང་།    དམངས་འཚོར་ཞབས་འདེགས་ཞུ་བ་སོགས་ཀྱི་འགན་འཁྲི་ཐུན་མོང་ཐོག་འཁུར་བ་བཅས་བྱས་ནས་དྲ་མང་གཅིག་སྒྲིལ་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།    

ཏང་ཡོན་གྱིས་སྣེ་ཁྲིད་དེ་ཐོབ་ཐང་གསལ་སྟོན་དང་།ཁས་ལེན་ལག་བསྟར།གདོང་ལེན་བརྩོན་ལེན་བཅས་བྱས་པ་བརྒྱུད“དུད་སྦྲེལ་ཏང་ཡོན་གྱིས་སྣེ་ཁྲིད་དང་མང་ཚོགས་ཧུར་ཐག་ཞུགས་པའི”རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས“ཕྱི་ནས་ནང་ཁུལ”གྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།“ཏང་ཡོན་མང་ཚོགས་ཀྱི་དུད་སྦྲེལ་ལས་དོན་སྤེལ་བ་བརྒྱུད་ང་ཚོས་དོན་ཆུང་གྲོང་ཚོ་ནས་མི་ཐོན་པ་དང་དོན་ཆེན་གྲོང་རྡལ་ནས་མི་ཐོན་པ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་ཐོན་མ་ཐག་ནས་སེལ་བ་དང་ཆབས་ཅིག་ཆ་སྒྲིག་ཏང་ཡོན་གྱིས་ཀྱང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་བཀག་ལྟར་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཐུབ”ཤིས་ཧྲན་ཝ་གྲོང་ཚོའི་ཏང་དོན་ལས་དོན་པ་ཀྲང་ཤིའུ་དབྱིང་གིས་ཏང་ཡོན་མང་ཚོགས་ཀྱི་དུད་སྦྲེལ་སྲིད་ཇུས་སྐོར་གླེང་སྐབས་བསྟོད་པའིམཐེ་བོང་བསྒྲེངས་བ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།