རང་རེའི་ཞིང་ཆེན་གྱི་བརྩམས་ཆོས4ལ་བྱ་དགའ་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཉེ་སྔོན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སོ་གསུམ་པ་ཡོངས་བསྒྲགས་བྱས། རང་རེའི་ཞིང་ཆེན་གྱི་བརྩམས་ཆོས4ལ་བྱ་དགའ་ཐོབ།

དེའི་ནང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྨྱན་སྦྱོར་གསར་པའི་བརྩམས་ཆོས《ང་ཚོའི་གྲོང་གསེབ》ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་མུ་འབྲེལ་འཕྲིན་སྤེལ《〈བརླན་སའི་སྤྱི་ཆིངས〉ཀྲུང་གོའི་འགུལ་སྐྱོད》། ནུབ་མཚོ་གྲོང་ཁྱེར་ཚགས་པར་མཉམ་འདྲེས་འཕྲིན་སྤེལ་བརྩམས་ཆོས《བརྙན་ལམ+VRཡི་མཛེས་ལྗོངས་ཆ་ཚང་གི་ཆེད་དོན་བཅར་འདྲི། རྒྱ་མདོའི6.9རིམ་པའི་ཆ་ཡོམ་སྤྱི་ལེ22ཟིན་པའི་ས་ངོས་གས་ཁུལ་ཇི་ལྟར་གྲུབ་པ་ཡིན། 》། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་སྨྱན་སྦྱོར་ལྟེ་བའི་བརྙན་འཕྲིན་བརྒྱུད་རིམ《མཛེས་སྡུག་རི་ཀླུང་ལས་འགྱུར་ལྡོག་བལྟ》ཞེས་པ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ། བྱ་དགའ་ཐོབ་པའི་བརྩམས་ཆོས4ཡི་ཁྲོད་ནས་སྨྱན་སྦྱོར་གསར་པའི་བརྩམས་ཆོས2ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྨྱན་སྦྱོར་གསར་པའི་བརྩམས་ཆོས་ཀྱི་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས2018ལོར་ཀྲུང་གོའི་གསར་འགྱུར་བྱ་དགའ་སྨྱན་སྦྱོར་ཚན་པའི་མཉམ་འདྲེས་རིགས་ཀྱི་བྱ་དགའ་བཙུགས་པ་ནས་བཟུང་། བྱ་དགའ་ཐོབ་མ་མྱོང་པའི་སྟོང་ཆ་གསབ་ནས་ཚད་བརྒལ་གལ་ཆེན་བྱུང་སྟེ་མཚོ་སྔོན་གསར་འགྱུར་ལས་རིགས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ཧུའུ་པེའི་རླུང་འཕྲིན་བརྙན་འཕྲིན་ཁང་སོགས་ཞིང་ཆེན་དང་གྲོང་ཁྱེར་ལས་ཁུངས་བརྒྱད་ཀྱིས་མཉམ་འབྲེལ་ཐོག་འཚོལ་བསྡུ་བྱས་པའི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན་ཞིང་། ཞིང་ཆེན་བརྒལ་ནས་འཚོལ་བསྡུ་བྱས་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་མཁན་ཐོག་མ་ཡིན་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ནས་ཐོལ་བརྒལ་གསར་པ་བྱུང་ཡོད

རྩོམ་སྒྲིག་པ། ཨ་གཡང་སྐྱིད།