དམངས་ཚིས་ལ་ཕན་པའི་བྱ་བ་ཏན་ཏིག་སྒྲུབ་པ་དང་དམངས་སེམས་དྲོ་བའི་བྱ་བ་ཞིབ་ཚགས་སྒྲུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཡག་པོ་སྒྲུབ་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་དང་ལག་བསྟར་ཁག་གཉིས་པ་བྱས་ཚུན།མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ།སློབ་སྦྱོང་གཏིང་ཟབ་བྱེད་རིང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་ལངས་པ་དང་།ལས་དོན་ཁྲོད་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཁྲོད་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་ལ་དམིགས་པ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་འཚོ་འགན་ལེན་ལ་དམ་འཛིན་ཤུགས་ཆེན་བྱེད་པ། དམངས་འཚོའི“དྲོད་ཚད”ལ་བརྟེན་ནས་བརྗོད་དོན་གཙོ་བོར་བྱེད་པའི་སློབ་གསོའི“གཏིང་ཟབ”ལ་ཞིབ་བཤེར་བྱེད་པ་བཅས་བྱས་ནས་མང་ཚོགས་བརྟན་པོ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུངས་པ་རེད།
དམངས་ཀྱི་འབོད་པར་ཉན་པ་དང་གནས་ཚུལ་དངོས་ལ་བརྟག་དཔྱད་བྱས་ཏེ་འབད་བརྩོན་ཞིབ་ཚགས་བྱེད་དགོས།
དམངས་ཀྱི་གནས་ཚུལ་འདྲི་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྨང་གཞི་དང་སྔོན་འགྲོ་ཡིན།
ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བྱ་མདོ་ཤང་སྤྲེལ་ནག་གྲོང་ཚོར་མང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་མི་སྣས་མཚོ་སྔོན་མི་སྤྱི་ཅུས་ཀྱི་Appཡི་ངོ་གདོང་བསྡུར་ནས་གྲོང་ཚོའི་ནང་གི་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་ཐོབ་ཐང་ཁས་ལེན་བྱས་པ་དང་འབྲེལ་གོ་བདེ་ལ་གོ་བདེ་བའི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང“2023ལོའི་ཐོབ་ཐང་ལེགས་སྒྲིག”དང“རྒན་གསོའི་དངུལ་སྤྲོད་པའི་ཚད་གཞིའི”“སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྱོད་རྒྱུ”སོགས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་རེ་རེ་བཞིན་གསལ་བཀྲོལ་བྱས་པ་རེད།
སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི“ལས་ཤོར”བཀག་འགོག་ནུས་ལྡན་བྱ་ཆེད།མང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་2023ལོའི“སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཁྱིམ་ཚང་ཁྲིའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཐོབ་ཐང་ལེན་མཁན་ལ་ཐོབ་ཐང་ཁས་ལེན་བྱས་ཏེ་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་དུད་ཚང་ནས་ཕྱིར་མི་ཐོན་པར་སེམས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།
ལས་བྱེད་པས་གོམ་སྟབས་སྤོས་ནས་དམངས་ཀྱི་བསམ་འཆར་ཉན་པ་དང་།མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་སྐད་སྒྲ་ཤོད་པ།ལུས་པོ་སྒུར་ནས་དམངས་ཀྱི་གནས་ཚུལ་ཤེས་པ།མང་ཚོགས་ལ་སློབ་སྟོན་བྱས་ནས་ཏང་གི་དོན་སྙིང་གསལ་པོ་ཤེས་པ་བཅས་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མངོན་འགྱུར་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་རེད།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཨུད་ཀྱི་རྒྱུན་ཨུ་ཚན་ཁག་གིས“མེད་པ་གསུམ”ཁུལ་ཆུང་གི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེ་བ།དོ་དམ་ཆུ་ཚད་དམའ་བ་བཅས་ཀྱི་དཀའ་གནད་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་ཇུས་གཞི་བཟོས་ཏེ་བརྟག་ཞིབ་བྱས་པ་དང་།“ཏང་འཛུགས་སྐྱོང་དང་མེད་པ་གསུམ་གྱི་ཁུལ་ཆུང་བཅོས་སྐྱོང་དོ་དམ”བྱེད་སྟངས་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གི་སྡེ་ཁུལ་དང་། ལས་རིགས་ཨུ་ལྷན། སྡེ་ལས་ཁེ་ལས་བཅས“ཕྱོགས་གསུམ་མཉམ་འགུལ”གྱི་ལས་ཀའི་ལམ་སྲོལ་དང་། ཏང་ཀྲི་པུའུ་ལྟེ་བར་བྱས་པའི་མཉམ་སྐྲུན་དང་། མཉམ་འབྲེལ། མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་བཏོད་དེ“བཙོག་པ་དང་། ཟང་ཟིང་། ཞན་པ”བཅས་ཀྱི་རྣམ་པ་ནུས་ལྡན་ངང་ཐག་གཅོད་བྱས་ནས་རྫོང་དེ་ཡོངས་ཀྱི“མེད་པ་གསུམ”གྱི་ཁུལ་ཆུང་38ལ་དོ་དམ་བྱེད་མཁན་ཡོད་པ་དང་དོ་དམ་ཡག་པོ་བྱུང་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།མཚོ་ལྷོ་ཁུལ་ཡིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཁ་ཚ་དགོས་གཏུག་གི་དགོས་མཁོ་དངོས་ཐག་གཅོད་བྱ་རྒྱུར་གཞི་ཚུགས་ཏེ།《མཚོ་ལྷོ་ཁུལ་གྱི2023ལོའི་དམངས་འཚོའི་བྱ་བ་དངོས་རྣམ་གྲངས་ཀྱི་འགན་འཁྲི་ཁག་བགོས་ཇུས་གཞིའི》ནང་མ་དངུལ་བརྩོན་ལེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་སྒྲུབ་གཉེར་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་དགོས་མཁོ་བསྐངས་ཤིང་བདེ་སྐྱིད་སྔར་ལས་ལྡན་པར་ཡོང་བ་བྱ་རྒྱུ་རེད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་དང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གཙོ་གནད་གནད་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མངོན་མེད་རྐྱེན་ངན་ལ་རྡུང་རྡེག་བཅོས་སྒྲིག་དང་གྲལ་བཤེར་ཐག་གཅོད་བྱེད་ཤུགས་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་འབྲེལ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཆེན་པོ་དང་།སེལ་བ།ཉིན་བརྒྱའི་འགག་སྒྲོལ་ཆེན་པོ་བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུར་གཞི་ཚུགས་ཏེ་ཁོར་ཡུག་སྲུང་སྐྱོང་དང་།སློབ་གསོ་འཕྲོད་བསྟེན།རྩྭ་ཐང་དང་ས་མཚམས།ཁྱིམ་མཚེས་དབར་གྱི་རྩོད་གཞི།གཉེན་སྒྲིག་ཁྱིམ་ཚང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགལ་ཟླ་དང་ཉེན་ཁ་གྲལ་བཤེར་དང་།དཔྱད་དཔོགསེལ་བ་བཅས་བྱས་པ་རེད།དུས་ཚིགས་གསུམ་པར་འགལ་བ་དང་རྩོད་གཞི་སྣ་ཚོགས་ཁྱོན་233གྲལ་བཤེར་བྱས་པ་དང་གྱོད་གཞི་223སེལ་ནས་སྤྱི་ཚོགས་ཁོར་ཡུག་གཙང་བཟོ་ནུས་ལྡན་བྱུང་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོའི་ཁག་གཉིས་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཁག་གིས་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བྱེད་པ།འགོ་ཁྲིད་ལས་བྱེད་པས་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་རྒྱུ་མཐའ་འཁྱོངས་བྱེད་པ།སྣེ་ཁྲིད་དེ་ལུས་པོ་སྒུར་བ་དང་འཐབ་ས་དང་པོར་སྐྱོད་པ།འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་པ།གྲོང་གསེབ་དང་།སྡེ་ཁུལ།ཁེ་ལས་སོགས་གཞི་རིམ་གྱི་མདུན་གྲལ་དུ་བསྐྱོད་པ།རང་འགུལ་ངང་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་བྱས་ནས་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
དམངས་ཀྱི་སེམས་ཁྲལ་སེལ་བ་དང་།བྱ་བ་དངོས་སྒྲུབ་པ།སྡེབ་སྒྲིག་ཡག་པོ་བྱེད་པ།
བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཇི་འདྲ་ཡིན་པ་དང་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཚད་གཞི་གལ་ཆེན་ཞིག་རེད།མཚོ་སྔོན་ཞིང་ཆེན་གྱིས“དམངས་ལ་རེ་འབོད་ཡོད་པ”དེ“ང་ལ་ལན་འདེབས་རྒྱུ་ཡོད”ཅེས་པར་བསྒྱུར་ནས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
མི་རིང་བའི་གོང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཤང་བྲག་ཆ་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་མངའ་འོག་གི་རྐང་ཚ་རྩྭ་ཤ་དང་ལུག་ཤ་ཕྱིར་ཚོང་སྡེ་ཚན་གྱི་ཚོང་ཁང་བཙུགས་མ་ཐག་ཕྱིར་ཚོང་ཐབས་ལམ་ཡག་པོ་མེད་པ་སོགས་ཀྱི་དཀའ་གནད་འཕྲད་ནས་ཁྱོན་རྒྱས་ཤང་མི་དམངས་སྲིད་གཞུང་གིས་རྒྱུན་མཐུད་རོགས་རམ་བྱས་པར་བརྟེན་མིག་སྔར་ཚོང་ཁང་གི་ཉིན་ལྟར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་གྱི་ཡོད་པ་རེད།
“ང་ཚོས་འབྲེལ་མཐུད་དང་བཤས་གཏོང་གི་བྱ་དགའ། ཕྱིར་ཚོང་པུའུ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནོར་ལུག་བཤས་གཏོང་གི་ཕྱིར་ཚོང་ལས་སྟེགས་བསྐྲུན་ནས་ནོར་ལུག་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་བ་དེ་ནི་ཤང་ནང་གི་ནོར་ལུག་ཕྱིར་ཚོང་གི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ཡིན་པས་ང་ཚོས་ཕྱུགས་རིགས་བཤས་གཏོང་ཚད་མུ་མཐུད་མཐོ་རུ་བཏང་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན”མཚོ་འཁྱིལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཅིན་ཡུང་ཆིང་གིས་ནོར་ལུག་བཤས་གཏོང་བའི་འཁོར་རྒྱུག་ལ་སྔར་བས་སྐུལ་འདེད་གཏོང་ཆེད།བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།ཁྱོན་རྒྱས་ཤང་གིས་ཞིང་འབྲོག་པར“དཔལ་འབྱོར་གྱི་རྩིས་ཁྲ”དང“སྣོད་བཅུད་རྩིས་ཁྲ”མུ་མཐུད་ཡག་པོ་རྒྱག་རོགས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་དེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་བརྗོད་དོན་གཙོ་བོའི་སློབ་གསོས་ལས་ཀར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དེ་བས་དམངས་སེམས་སུ་འཛུལ་ཐུབ་པ་བྱ་དགོས།
བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་མཚོ་བྱང་ཁུལ་གྱིས“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་པ་གཏོད་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་དོན་ཁག་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚད་གཞི་མཐོན་པོས་སྐུལ་འདེད་དང་སྤུས་ཚད་མཐོ་བའི་དོན་འཁྱོལ་མཐའ་འཁྱོངས་བྱས་ཏེ།“ཆུང་ཐིག”ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་དམངས་མིག་སྔར་དམངས་ལ་བྱ་བ་དངོས་ཐེངས་296བསྒྲུབས་ཡོད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ“སོག་བོད་སྨན་རྫས་རང་གྲོན་བཏང་ནས་རྩིས་རྒྱག་དགོས་པ”དེ་ནི་སྨན་སྤྱོད་མཁན་གྱི་དཀའ་གནད་ཅིག་རེད།བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།དུར་ལམ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས“མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་གསོ་རིག་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བའི”འབྲེལ་ཡོད་ལས་ཀའི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཏེ་ནད་པར“སྒོ་ཕྱེ་ནས་གནད་དོན་འཚོལ་བ”དང“གཞི་གཅིག་གཤོག་གཉིས”ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གསར་པར་བརྟེན་ནས་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ནུས་པ་ཆེ་རུ་ཤུགས་ཆེན་བཏང་སྟེ་རྫོང་སོག་བོད་སྨན་སྨན་ཁང་གི་སྒོ་རའི་ནང་གི་སོག་སྨན་95སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་ནང་བཅུག་ཡོད།ད་ཆ་ནད་པས་སྒོ་རའི་ནང་གི་སོག་བོད་སྨན་གྱི་སྨན་སྦྱོར་འབྲི་དགོས་པའི་འགྲོ་གྲོན་དེ་སྔོན་ལས་ཧ་ཅང་ཉུང་དུ་ཕྱིན་ནས་མང་ཚོགས་ལ་དངོས་ཕན་ཐོབ་ཡོད་པ་རེད།
མཚོ་ཤར་གྲོང་ཁྱེར་གྱི་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པའི་འགག་རྩ་དེར་དམ་འཛིན་བྱས་ཏེ་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་གནས་གསར་སྤེལ་དང་།རྩལ་ནུས་གསོ་སྦྱོང་།ལས་ཞུགས་རོགས་སྐྱོར་བཅས་ཀྱི་ཐབས་ཤེས་མཉམ་སྒྲིག་ཡག་པོ་བྱས་ནས“ལས་ཀ་འཚོལ་བར་ཐབས་ལམ་ཡོད་པ་དང་།ལས་ཞུགས་ལ་ལམ་བུ་ཡོད་པ།དཀའ་ངལ་ཡོད་པའི”རྣམ་པ་ཞིག་ཆགས་པ་བྱས་ནས་དམངས་མིག་སྔར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་མི་1563གསར་དུ་ལས་ཞུགས་ཐུབ་པ་དང་།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་10.73ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་11.66བྱུང་ཡོད།
གནད་དོན་དངོས་ལ་ཐུག་ཕོད་པ་དང“དཀའ་གནད”སེལ་ཕོད་པ་དང་།གྲོང་ཁྱེར་དང་ཁུལ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་མང་ཚོགས་ཀྱིས་ཡུན་རིང་བསམ་འཆར་འདོན་པ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་དམ་པོར་དམིགས་ནས་འབྱུང་རྩ་སྔོག་འདོན་གཏིང་ཟབ་དང་ཐབས་ཇུས་གནད་སྨིན་གཏན་འཁེལ་བྱས་ཏེ་ཕན་འབྲས་དངོས་ཐོབ་ཡོད།
དམངས་འཚོར་ཕན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བྱེད་ཐབས་བཙན་པོ་བཏོན་པ།
དམངས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གཙོ་གནད་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་དོ་ཁུར་ལ་ལན་ནུས་ལྡན་རྒྱག་པ་དང་།མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་སྤྱོད་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཤང་སྨུག་ཡངས་གྲོང་ཚོའི་ཚོགས་པ་དང་པོའི་གྲོང་མི་ཚོས་རྐང་པ་དབང་པོ་སྐྱོན་ཅན་དུ་གྱུར་ནས་རྟག་ཏུ་རང་དམན་དང་རོགས་རམ་བྱེད་ཀྱི་ཡོད།གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ཡུན་རིང་མ་སོང་གོང་གཅིག་སྒྲིལ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོང་ལ་ལུས་རྩལ་ཡོ་བྱད་ཆ་ཚང་ཞིག་མཁོ་འདོན་བྱས་པ་དང་འབྲེལ་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།གཏན་འཁེལ་བྱས་པའི་ཤ་ཚོགས་ལ་དམིགས་ནས་སྦྱོང་བརྡར་བྱས་པ་བརྒྱུད།ལུས་པོའི་སྟབས་བསྟུན་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད་པ་མངོན་གསལ་རེད།“སྐབས་འགར་ང་རང་རིམ་བཞིན་འགྲོ་ཐུབ་ཀྱི་ཡོད།དེ་ནི་ངའི་ངོས་ནས་བརྗོད་ན་ཚད་བརྒལ་ཆེན་པོ་ཞིག་རེད”།
མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“དབང་པོ་སྐྱོན་ཅན་ཁྱིམ་ཚང་དུ་བསྐྱོད་རྒྱུར་གཅེས་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་བ་ལས་བྱུང་བ་ཞིག་རེད།ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་ཚུན།མགོ་ལོག་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་སློབ་གསོ་དང་།སྨན་བཅོས།རིག་གནས།ལུས་རྩལ་བཅས་ཁྱིམ་ཚང་དུ་སྤེལ་བའི་བྱེད་སྒོ་སྤེལ་བ་བརྒྱུད་དབང་པོ་སྐྱོན་ཅན་མང་ཚོགས་དབར་གྱི“སེམས་པ་སྦྲེལ་ཟམ”བཙུགས་ནས་བདེ་སྐྱིད་ཀྱི་ལམ་བུ་སྦྲེལ་མཐུད་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།
བརྗོད་དོན་གཙོ་བོའི་སློབ་གསོར་སྤུས་ཚད་དམ་འཛིན་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པར་དཔེ་མཚོན་གྱོད་དཔེ་དམ་འཛིན་བྱས་ཏེ“གནད་དོན་གཅིག་དབྱེ་ཞིབ་བྱེད་པ”བརྒྱུད་“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར་”སྐུལ་འདེད་གཏོང་དགོས།
“རྡོ་སོལ་འཛུགས་སྐྲུན་གྱི་ཁོངས་གཏོགས་སྨན་ཁང་དུ་བོགས་གཏོང་དུད་ཚང་གཅིག་མང་དུ་ཕྱིན་ཡོད་པས་ངེས་པར་དུ་ཐོ་འགོད་ཡག་པོ་བྱས་ནས་སྡེ་ཁུལ་གྱི་གྲོང་མིར་དེ་བས་ཕྱོགས་ཡོངས་ཀྱི་དོ་དམ་དང་བདེ་འཇགས་འགན་ལེན་བྱེད་དགོས”“ཁུལ་ཆུང་རྙིང་པར་རླངས་འཁོར་འཇོག་ས་ཉུང་བ་དང་།གྲོང་མིས་རླངས་འཁོར་འཇོག་དཀའ་བ།ཉེ་འཁོར་གྱི་རླངས་འཁོར་འཇོག་ས་མཐུན་སྦྱོར་བྱས་ནས་ཁོང་ཚོར་ཟླ་གཅིག་རིང་བོགས་མར་གཏོང་རྒྱུ་ཡིན”“ཨ་ཁུ་ཁྲེན་ལགས།སྨན་བཟས་ཚར་རམ།ངས་ཁྱེད་རང་ལ་སྒམ་གཉིས་ཉོས་པ་ཡིན།འཚོ་བའི་ཐད་ང་ལ་ཁ་པར་རྒྱག་དགོས་ཀྱི་འདུག”……
དམངས་ཀྱི་གནས་ཚུལ་ཆ་འཕྲིན་བསྡུ་རུབ་བྱེད་མཁན་དང་།འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་པ།དམངས་འཚོའི་ལས་དོན་གྱི་ཞབས་ཞུ་བ་སོགས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།ཟི་ལིང་གྲོང་ཁྱེར་གྱི་ཉེན་རྟོག་པའི་གྱོན་ཆས་གྱོན་པའི་སྡེ་ཁུལ(གྲོང་ཚོ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་རེ་རེ་བཞིན་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་དེ་ཟི་ལིང་གི“དུས་བདེའི་སྦྲེལ་ཐག”བརྒྱུད་ཡོད།ཁོང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་འཕེལ་བའི་སློབ་སྦྱོང་དང་ལས་ཀའི་སྤྲོ་སེམས་དེ་ལས་སྒྲུབ་ལས་གཏོད་དང་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་འགལ་ཟླ་སེལ་བའི་ཐད་ཐབས་ཤེས་དངོས་འདོན་པ་དང་།བྱས་རྗེས་དངོས་སྒྲུབ་པ།ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་མང་ཚོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དངོས་སུ་ཚོར་ཐུབ་པ་བྱས་ཡོད།
“ཉེན་རྟོག་པའི་གྱོན་ཆས་གྱོན་པའི་ཧྲུའུ་ཅི་གཞོན་པ”ནི་ཟི་ལིང་གིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་ནས་དམངས་འཚོར་དངོས་འབྲེལ་ཕན་པ་ཐོབ་པའི་བསྡུས་རིས་ཤིག་རེད།བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་བསྟུན་ནས་ཟི་ལིང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་ཚོར་སྣང་ལ་བརྟེན་ནས་ཞིབ་བཤེར་བྱས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་རེད།
“ཁྲིམས་ར་མཉམ་འགུལ”གྱི་ལམ་སྲོལ་སྣུར་སྲིང་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་སེལ་གང་ཐུབ་བྱེད་པ།“མུའུ་ཁྲི་བཞི”ཡི་ནུས་ཆེའི་འདེབས་འཛུགས་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱས་པ།གཟུགས་པོ་བརྟག་དཔྱད་བྱས་པ་སོགས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡི་གོང་འོག་ཚང་མས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་།ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་།སྒྱུར་བཅོས་ཀྱི་དགོས་གཏུག་ཆེ་བ།གཞི་རིམ་གྱི་རེ་སྒུག་བྱེད་པ།དམངས་སེམས་གཏད་ཕྱོགས་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཡག་པོ་ཡོད་མེད་མང་ཚོགས་ཀྱིས་གསལ་པོ་མཐོང་བ་དང་།མྱོང་ཚོར་ཐད་ཀར་ཡིན་པ།སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་པ་བཅས་རེད།བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པས་གཞི་རིམ་དང་མང་ཚོགས་ལ་ཐད་ཀར་ཕྱོགས་པ་དང་།མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོའི“དམངས་ལ་མཐོང་ཆེན་བྱེད་པའི”རྩོམ་ཡིག་ཡག་པོ་བྲིས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དམངས་ཀྱི་འདོད་བློ་དང་མཐུན་པ་དང་།དམངས་སེམས་དྲོ་སྐྱིད་ལྡན་པ།དམངས་འཚོར་ཕན་པ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།