ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གནོད་འགོག་གཟན་ཆས་ཏུན་ས་ཡ་བཞི་གསོག་འཇོག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གནོད་འགོག་གཟན་ཆས་གསོག་འཇོག་བྱས་ཚད་ཏུན་ས་ཡ་བཞི་ལས་བརྒལ་ཡོད། དེའི་ཁྲོད་ཞིང་ཆེན་རིམ་པའི་གཟན་ཆས་དུས་འཁོར་གསོག་འཇོག་ཏུན་ཁྲི་བརྒྱད་དང་སྟོང་གཅིག་ཡོད་ལ། ལེགས་འགྲུབ་བྱུང་བའི་དམིགས་ཚད་བརྒྱ་ཆའི་རེ་གཉིས་གྲངས་ཆུང་གཉིས་རེད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་རང་ཉིད་ཀྱིས་གསོག་འཇོག་བྱས་པའི་ཚད་ཏུན་ས་ཡ་གསུམ་དང་འབུམ་དགུ་ཁྲི་བདུན་ལྷག་ལ་སླེབས། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།